ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོའི་བར་སྣང་ས་ཚིགས་སུ་དཔྱིད་གསར་དུས་ཆེན་དང་པོ་དེ་བསུས་པ།

2023-01-25 12:04:00     责编:桑吉卓玛

ཀྲུང་གོའི་བར་སྣང་ས་ཚིགས་སུ་དཔྱིད་གསར་དུས་ཆེན་དང་པོ་དེ་བསུས་པ།

 


       དཔྱིད་གསར་དུས་ཆེན་སྐབས་སུ། ལྷ་གྲུ་བཅོ་ལྔ་རྟགས་ཅན་ཚོགས་ཆུང་གིས་སྤྱི་ལེ་400ཡི་མཁའ་དབྱིངས་ཀྱི་བར་སྣང་ས་ཚིགས་སུ་དཔྱིད་གསར་ཆ་ཡིག་བཀལ་བ་དང་། ཀྲུང་གོའི་གཡང་མདུད་བརྒྱབ་ཡོད་པས། ཀྲུང་གོ་བའི་མཁའ་དབྱིངས་ཁྱིམ་གཞིས་ལ་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པས་ཁེངས་ཡོད། 

       འཇིག་རྟེན་འཕུར་སྐྱོད་པ་གསུམ་གྱིས་བརྙན་ལམ་རྣམ་པའི་ཐོག་ནས། མེས་རྒྱལ་དང་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཡོད། གཟབ་མཆོར་ལེགས་པར་སྤྲས་པའི་བཀོད་འདོམས་པ་ཧྥེ་ཅུན་ལུང་གིས། རླབས་ཆེན་མེས་རྒྱལ་རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་དང་རྒྱལ་ཡོངས་མི་དམངས་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཏེང་ཆིང་མིིང་གིས་ལས་གནས་བརྟན་སྲུང་གནང་མཁན་ཚོར། མི་རེ་རེའི་ཕུགས་འདུན་དང་འབད་འཐབ། སེམས་ཤུགས་དང་རྔུལ་ཆུ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་སུ་འགྱུར་ངེས་རེད་ཅེས་བསྟན་འདུག ཀྲང་ལུའུ་ལག་ཏུ་བསོད་གཡང་ཞེས་པའི་ཡིག་འབྲུ་བསྣམས་ཏེ། འཕུར་གྲུའི་སྒེའུ་ཁུང་གི་ཕྱི་རོལ་ནས་མེས་རྒྱལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་འོད་མཐོང་བ་དེ་ནི་བརྟན་ལྷིང་གི་བདེ་སྐྱིད་ཅིག་རེད་ཅེས་གསུངས་པ་རེད། 

       ཧྥེ་ཅུན་ལུང་གིས་འཕུར་གྲུ་མ་འཕུར་གོང་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། སྤུ་སྨྱུག་ཡིག་གཟུགས་ནི་ང་ཚོ་གསུམ་གྱི་ཐུན་མོང་གི་དགའ་ཕྱོགས་ཤིག་རེད། ད་ཐེངས་ཀྱི་བརྙན་ལམ་ཐོག་འགྲེམས་སྟོན་བྱས་པའི་དཔྱིད་གསར་ཆ་ཡིག་དང་བསོད་གཡང་ཞེས་པའི་ཡིག་འབྲུ་དེ་དག་ཁོང་གསུམ་པོས་བྲིས་པ་ཞིག་རེད། དེ་ནི་ཀྲུང་གོའི་བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་ཟིན་རྗེས་བསུས་པའི་དཔྱིད་གསར་དུས་ཆེན་དང་པོ་དེ་ཡིན། སྤྱི་ལོ་2021ལོའི་ཟླ་4ཚེས་29ཉིན་ཐེན་ཧོ་ལྟེ་བའི་གྲུ་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། དུས་ཡུན་ལོ་གཉིས་ཀྱང་མ་སོང་བར། རང་རྒྱལ་གྱིས་ཐེན་ཧོ་ལྟེ་བའི་གྲུ་ཚང་དང་ཝུན་ཐེན་ཚོད་ལྟའི་གྲུ་ཚང་། མེང་ཐེན་ཚོད་ལྟའི་གྲུ་ཚང་བཅས་ཀྱིས་གཞི་རྩའི་གྲུབ་ཆར་བྱས་པའི་བར་སྣང་ས་ཚིགས་སུ་སྒྲིག་སྦྱོར་བྱས་ཏེ། རྒྱལ་ཁབ་རིམ་པའི་བར་སྣང་ཚོད་ལྟ་ཁང་ཞིག་བསྐྲུན་ཡོད་པ་རེད། 

       སྤྱི་ལོ་2022ལོའི་ཟླ་11ཚེས་29ཉིན་གྱི་དགོང་མོར། འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅུན་ལུང་དང་ཏེང་ཆིང་མིང་། ཀྲང་ལུའུ་བཅས་ལྷ་གྲུ་བཅོ་ལྔ་རྟགས་ཅན་གྱིི་མི་བླུགས་འཕུར་གྲུ་བསྡད་དེ། མཁའ་དབྱིངས་སུ་འཕུར་སྐྱོད་བྱས་ནས་དུས་ཡུན་ལོ་ཕྱེད་ཀྱི་བར་སྣང་ཁམས་སུ་འཚོ་བ་སྐྱེལ་འགོ་ཚུགས་ཡོད། ལྷ་གྲུ་བཅུ་བཞི་རྟགས་ཅན་དང་ལྷ་གྲུ་བཅོ་ལྔ་རྟགས་ཅན་གྱིི་ཚོགས་ཆུང་གཉིས་པོ་འཁོར་ལམ་ཐོག་བརྗེ་རེས་ལེགས་སྒྲུབ་བྱུང་བ་དང་ཆབས་ཅིག ཀྲུང་གོའི་བར་སྣང་ས་ཚིགས་ལ་ཡུན་རིང་བཅའ་སྡོད་བྱེད་མཁན་ཡོད་པའི་དུས་རབས་ཤིག་ཤར་ཡོད། འབྱུང་འགྱུར་བར་སྣང་ས་ཚིགས་སུ་ད་དུང་བཀྲ་ཤིས་པའི་དཔྱིད་གསར་དུས་ཆེན་སྔར་བས་མང་པོ་ཞིག་ལ་བསུ་བ་ཞུ་རྒྱུ་ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། ཀུན་བཟང་དབང་མོ། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་གོའི་བར་སྣང་ས་ཚིགས་སུ་དཔྱིད་གསར་དུས་ཆེན་དང་པོ་དེ་བསུས་པ།

དཔྱིད་གསར་དུས་ཆེན་སྐབས་སུ། ལྷ་གྲུ་བཅོ་ལྔ་རྟགས་ཅན་ཚོགས་ཆུང་གིས་སྤྱི་ལེ་400ཡི་མཁའ་དབྱིངས་ཀྱི་བར་སྣང་ས་ཚིགས་སུ་དཔྱིད་གསར་ཆ་ཡིག་བཀལ་བ་དང་། ཀྲུང་གོའི་གཡང་མདུད་བརྒྱབ་ཡོད་པས།