ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བཀྲིས་རྡོ་རྗེས་ལས་འདི་ལེ་དབར་བརྒྱ་ཕྲག་རྒྱུན་བསྐྱངས་ཡོད།

2023-01-25 12:03:00     责编:桑吉卓玛

བཀྲིས་རྡོ་རྗེས་ལས་འདི་ལེ་དབར་བརྒྱ་ཕྲག་རྒྱུན་བསྐྱངས་ཡོད།

       གཟུགས་སྟོབས་ཆེན་པོ་མེད་ཀྱང་བདེ་ལྕག་འཁྱུག་པ་མ་ཟད། ལས་ཀ་བྱེད་སྟངས་ལས་དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་མངོན་ཐུབ། ཁོང་ནི་བཀྲ་ཤིས་རྡོ་རྗེ་རེད། 
 

 

       སྤྱི་ལོ་2008ལོར་ལོ་19ལ་སླེབས་པའི་བཀྲ་ཤིས་རྡོ་རྗེས་རང་ཉིད་ཀྱི་ཕའི་ལས་ཀ་རྒྱུན་འཛིན་གྱིས་ལྷ་ས་སྦྲག་སྲིད་མལ་གྲོ་གུང་དཀར་རྫོང་ཡན་ལག་ཀུང་སིའི་གཞི་རིམ་སྦྲག་སྲིད་མྱུར་སྐྱེལ་བ་ཞིག་བྱས། ལོ་10ལྷག་ཙམ་རིང་། ཁོང་གིས་རང་འགན་ནན་སྒྲུབ་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་བསྐུར་བའི་མྱུར་སྐྱེལ་དངོས་པོ་རྣམས་ཆར་རླུང་ལ་མ་འཛེམས་པར་འཕྲལ་དུ་དོ་བདག་གི་ལག་ཏུ་སྤྲོད་ཀྱི་ཡོད། 

       ཞོགས་པའི་ཆུ་ཚོད་9པ་ཙམ་ལ་ལྷ་ས་སྦྲག་སྲིད་མལ་གྲོ་གུང་དཀར་རྫོང་ཡན་ལག་ཀུང་སིར་གསར་འགོད་པས་བཀྲ་ཤིས་རྡོ་རྗེས་མྱུར་སྐྱེལ་དངོས་པོ་ཁག་བགོས་བྱེད་བཞིན་ཡོད་པ་དང་འབྲེལ་ཉིན་དེར་སྐྱེལ་དགོས་པའི་མྱུར་སྐྱེལ་དངོས་པོ་རླངས་འཁོར་ནང་བླུག་བཞིན་ཡོད་པ་མཐོང་། གྲ་སྒྲིག་ཚང་མ་མཇུག་འགྲིལ་རྗེས་བཀྲ་ཤིས་རྡོ་རྗེས་སྦྲག་སྲིད་རླངས་འཁོར་བཏང་ནས་ཉིན་གཅིག་གི་སྐྱེལ་སྤྲོད་ལས་དོན་སྤེལ་འགོ་ཚུགས་པ་དང་། ཁོང་གིས་མྱུར་སྐྱེལ་རླངས་འཁོར་དེ་བཀྲ་ཤིས་སྒང་ཤང་དང་། རུ་ཐོག་ཤང་། དེ་བཞིན་ལམ་བར་གྱི་གྲོང་ཚོ་བཅས་སུ་སྐྱེལ་གྱི་ཡོད། 

       སྐལ་བཟང་གྲོང་ཚོར་ཁྱེད་ཀྱི་དཔེ་དེབ་ཅིག་བཞག་ཡོད་པས་ཁྱེད་ཀྱིས་དེ་ལེན་རྒྱུ་མ་བརྗེད་པ་གནང་ཞེས་གང་དུ་སླེབས་རིམ་བཞིན་བཀྲ་ཤིས་རྡོ་རྗེས་ཅ་ལག་ལེན་མཁན་གྱི་ཆ་འཕྲིན་ལ་ཞིབ་བསྡུར་ཞིབ་ཚགས་བྱས་ནས་རེ་རེ་བཞིན་ལ་ཁ་པར་བརྒྱབ་ནས་སྐྱེལ་གྱི་ཡོད། 

       ལོ་ངོ་15ཡི་རིང་ལས་དོན་བསྒྲུབས་པ་བརྒྱུད། བཀྲ་ཤིས་རྡོ་རྗེས་སྔ་ས་ནས་འགན་འཁུར་ཡུལ་གྱི་ས་ཁོངས་སེམས་ལ་བཞག་ནས་ལས་ཀ་བྱེད་ཀྱི་ཡོད་པས་རྒྱུས་མངའ་ཆེན་པོ་ཡོད་པ་རེད། འོན་ཀྱང་ཁོང་གིས་གསར་འགོད་པར་གྲོང་ཚོར་མྱུར་སྐྱེལ་དངོས་པོ་སྐྱེལ་སྐབས་གནད་དོན་ཆེ་ཤོས་ཤིག་ནི་རྒན་རྒོན་ཁ་ཤས་ཀྱིས་ཡི་གེ་མི་ཤེས་པར་རྒྱུན་དུ་མྱུར་སྐྱེལ་མ་རྙེད་པས་ཁོང་གིས་སུན་སྣང་སྤུ་ཙམ་ཡང་མེད་པར་ངང་རྒྱུད་རིང་པོས་ཅ་ལག་ལེན་མཁན་ལ་སེམས་གསོ་གཏོང་གི་ཡོད་པ་མ་ཟད། ཕྱི་ཉིན་ཁོང་ཚོའི་མྱུར་སྐྱེལ་དངོས་པོར་བསྐྱར་དུ་མཆན་འགོད་ཀྱིས་ཁོང་ཚོར་དུས་ཐོག་ཏུ་ཅ་ལག་ལེན་དགོས་པའི་མངགས་བཅོལ་གནང་གི་ཡོད་པ་རེད། བཀྲ་ཤིས་རྡོ་རྗེར་མཚོན་ན་མྱུར་སྐྱེལ་བའི་ལས་ཀ་དེ་ནི་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་དང་ངང་རྒྱུད་རིང་པོ་བྱེད་དགོས་པའི་ལས་ཀ་ཞིག་ཡིན་པ་མ་ཟད་དེ་བས་འགན་འཁྲི་དང་འགན་སེམས་ཤིག་ཀྱང་རེད། 

       སྐྱེལ་བའི་དངོས་པོ་ཐམས་ཅད་གལ་ཆེ་བས་ངེས་པར་དུ་འགན་འཁྲི་འཁུར་དགོས། ཁ་པར་རྒྱག་དགོས་ཚེ་ཁ་པར་རྒྱག་པ་དང་། འབྲེལ་གཏུག་བྱེད་དགོས་ཚེ་འབྲེལ་གཏུག་བྱས་ནས་ལས་ཀ་ཚང་མ་ཡག་པོ་བསྒྲུབས་རྗེས་གཞི་ནས་ལོག་ཆོག་ཅེས་བཀྲ་ཤིས་རྡོ་རྗེས་རྒྱུན་དུ་ཤོད་ཀྱི་ཡོད། ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་གྱི་ལས་བཀུར་སྙིང་སྟོབས་ལས་བཀྲ་ཤིས་རྡོ་རྗེར་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་མ་ཟད། ལས་རོགས་ཚོའི་བསྔགས་བརྗོད་ཀྱང་ཐོབ་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ། 

སྒྲིག་སྒྱུར། བསྟན་པ་ཚེ་རིང་། 

 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

བཀྲིས་རྡོ་རྗེས་ལས་འདི་ལེ་དབར་བརྒྱ་ཕྲག་རྒྱུན་བསྐྱངས་ཡོད།

སྤྱི་ལོ་2008ལོར་ལོ་19ལ་སླེབས་པའི་བཀྲ་ཤིས་རྡོ་རྗེས་རང་ཉིད་ཀྱི་ཕའི་ལས་ཀ་རྒྱུན་འཛིན་གྱིས་ལྷ་ས་སྦྲག་སྲིད་མལ་གྲོ་གུང་དཀར་རྫོང་ཡན་ལག་ཀུང་སིའི་གཞི་རིམ་སྦྲག་སྲིད་མྱུར་སྐྱེལ་བ་ཞིག་བྱས། ལོ་10ལྷག་ཙམ་རིང་། ཁོང་ག