ཟླ་བའི་གོ་ལའི་སྟེང་ན་“ཡོས་བུ་”གཉིས་ཡོད།
ཟླ་བའི་གོ་ལའི་སྟེང་ན་“ཡོས་བུ་”གཉིས་ཡོད།
“ཡོས་བུ་སྔོན་པོ་ནི་བཀྲ་ཤིས་པའི་རྟགས་མཚན་ཞིག་ཡིན།”དེ་བས། ང་ཚོས་སླེབས་ལ་ཉེ་བའི་ཡོས་ལོར་རེ་ལྟོས་ཆེན་པོ་བྱས་ཡོད།
ཡོས་ལོ་གླེང་དུས་ང་ཚོས་ཀྱང་ཡོས་བུ་དམིགས་བསལ་བ་གཉིས་ཏེ། ཟླ་བའི་གོ་ལའི་སྟེང་གི་ཡོས་སྔོན་རྟགས་ཅན་གཉིས་པའི་ཟླ་བགྲོད་འཕྲུལ་འཁོར་གཉིས་དྲན་ཡོང་།
ཡོས་སྔོན་རྟགས་ཅན་ནི་རང་རྒྱལ་གྱི་ཟླ་བགྲོད་འཕྲུལ་འཁོར་ཐོག་མ་ཡིན། དེ་དང་ས་འབབ་འཕྲུལ་ཆས་ཀྱིས་ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཚོལ་ཞིབ་འཕྲུལ་ཆས་གྲུབ་པ་ཡིན། 2013ལོའི་ཟླ་12ཚེས་15ཉིན་གྱི་ཆུ་ཚོད་4:35སྟེང་། ཟླ་བའི་ལྷ་མོ་རྟགས་ཅན་གསུམ་པའི་འཚོལ་ཞིབ་བྱེད་ཆས་ས་འབབ་འཕྲུལ་ཆས་དང་ཁ་བྲལ་ཞིང་། ཡོས་སྔོན་རྟགས་ཅན་བདེ་བླག་ངང་ཟླ་བའི་གོ་ལར་བབས་པ་རེད། 2016ལོའི་ཟླ་7ཚེས་31དགོང་མོ། ཡོས་སྔོན་རྟགས་ཅན་གྱིས་དམིགས་ཚད་ལས་ལྷག་པའི་ལས་འགན་བསྒྲུབས་ནས་གཟི་བརྗིད་དང་བཅས་“ལས་འཁྱུར་ངལ་གསོ་”བྱས་པ་རེད།
ཡོས་སྔོན་ཨང་གཉིས་པ་རྟགས་ཅན་ནི་ཟླ་བའི་རྒྱབ་ངོས་སུ་བབས་པའི་ཟླ་བགྲོད་འཕྲུལ་ཆས་ཐོག་མ་དེ་ཡིན་ཞིང་། ད་ལྟའི་བར་གྱི་ཟླ་བའི་གོ་ལའི་ཕྱི་ངོས་སུ་ཁ་ལོ་སྒྱུར་བའི་འཚོལ་ཞིབ་འཁོར་རིགས་གཞན་པ་བྱུང་མེད།2019ལོའི་ཟླ་1ཚེས་3ཉིན་གྱི་ཆུ་ཚོད་22:22སྟེང་ཡོས་སྔོན་ཨང་གཉིས་པ་རྟགས་ཅན་གྱིས་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་ས་འབབ་འཕྲུལ་ཆས་དང་ཁ་བྲལ་ནས་ཟླ་བའི་རྒྱབ་ངོས་སུ་བབས་པ་རེད། དེ་ནི་མིའི་རིགས་ཐོག་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་སུ་བབས་པ་ཡིན་ཞིང་། རང་རྒྱལ་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱི་ལམ་ཚད་རྡོ་རིང་དུ་གྱུར་ཡོད། 2023ལོའི་ཟླ་1ཚེས་3ཉིན་བར་གྱི་རིམ་རྩིས་འགྲུལ་བཞུད་ལམ་ཐིག་སྨི་1455ལ་སླེབས་ཡོད།
ཡོས་སྔོན་ཨང་གཉིས་པ་རྟགས་ཅན་གྱིས་ཐོག་དང་པོར་ཟླ་བའི་རྒྱབ་ངོས་འབབ་ཁོངས་ཀྱི་ས་རིམ་གྱི་སྨི་40ཡི་གྲུབ་ལུགས་གསལ་འདོན་བྱས་ཤིང་། ཟླ་བའི་ས་རིམ་ནི་ཟད་གྲོན་ཆུང་བའི་ཟླ་བའི་དངོས་རྫས་དང་རྡོ་ཆེ་མ་ཆུང་གསུམ་གྱིས་གྲུབ་པ་ཤེས་རྟོགས་བྱུང་ཡོད། ཞིབ་འཇུག་གི་གྲུབ་འབྲས་འདི་ནི་རྡབ་རྡེག་གོ་རིམ་དང་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་འགྱུར་ལྡོག མེ་རིའི་འགུལ་སྐྱོད་ཀྱི་གཞི་ཁྱོན་དང་དེའི་ལོ་རྒྱུས་སོགས་ལ་རྒྱུས་ལོན་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན།
དཔྱིད་གསར་ཚུགས་ལ་ཉེ་ཡང་། ལས་ལ་བརྩོན་པའི་ཡོས་སྔོན་ཨང་གཉིས་པ་རྟགས་ཅན་གྱིས་གནམ་ལོ་གསར་ཚེས་ནང་ངལ་གསོས་ནས་མི་འདུག་པར་མུ་མཐུད་འཚོལ་ཞིབ་ཀྱི་ལས་ལ་གཞོལ་རྒྱུ་རེད།
ཟླ་བའི་གོ་ལའི་སྟེང་གི་“ཡོས་བུ་ཆུང་ཆུང་”གཉིས་ལ་ལོ་སར་གྱི་རྟེན་འབྲེལ་ཞུ། ལྷན་རྒྱས་ལ་དཔྱིད་གསར་སྤྲོ་བོ་ཡོང་བའི་སྨོན་འདུན་ཞུ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
ཡིག་སྒྱུར། ཨ་བསྟན།