ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཁྱོ་ཤུག་འདི་གཉིས་ཀྱིས་བྱས་རྗེས་གཟེངས་སུ་ཐོན་པ་བཞག་འདུག

2023-01-22 16:52:00     责编:桑吉卓玛

ཁྱོ་ཤུག་འདི་གཉིས་ཀྱིས་བྱས་རྗེས་གཟེངས་སུ་ཐོན་པ་བཞག་འདུག

       མེ་ཤུགས་འཕུར་མདེལ་དམག་གི་ཁྱོ་ཤུག་གཉིས་ཀྱིས་བྱས་རྗེས་གཟེངས་སུ་ཐོན་པ་བཞག

       ཟླ་1པའི་ཚེས་17ཉིན། ཨན་ཧུའེ་ཞིང་ཆེན་མིན་ཁྲིན་རྫོང་དུ་མེ་ཤུགས་འཕུར་མདེལ་དམག་དཔུང་ག་གེ་མོའི་དམག་ཞབས་པ་ཀྲང་ཧྲོའེ་དང་ཁོང་གི་ཆུང་མར་རིན་ཐང་ཆེ་བའི་ལོ་གསར་ལེགས་སྐྱེས་ཤིག་འབྱོར་བ་སྟེ། བྱས་རྗེས་རིམ་པ་གཉིས་པའི་མཛད་བཟང་ཁྱིམ་ཚང་གི་མིང་བྱང་དང་བྱས་རྗེས་རིམ་པ་གསུམ་པ་ཐོབ་པའི་འཕྲིན་བཟང་། འཚམས་འདྲིའི་སྒོར་མོ་བཅས་འབྱོར་བ་རེད།

       ཁྱོ་ཤུག་ཟུང་གིས་བྱས་རྗེས་བཞག་པ་རེད།

 

 

      ༼རྒྱལ་སྲུང་གི་ཆེད་དུ་རང་གི་སྟོབས་ཤུགས་ཕུལ།༽ཁྱོ་ག་ཀྲང་ཧྲོའེ་ཡིས་བྱས་རྗེས་རིམ་པ་གཉིས་པའི་མཛད་བཟང་བསྐྲུན།

      ༼ ངའི་ཨ་མྱེས་ནི་ཨ་འགོག་ཁྲའོ་རོགས་ལ་ཞུགས་མྱོང་བའི་དམག་མི་རྒན་གྲས་ཤིག་ཡིན་ལ།ཆུང་དུས་ངས་ནམ་རྒྱུན་ཁོང་ལ་གསར་བརྗེའི་གཏམ་རྒྱུད་སྣ་ཚོགས་བཤད་དུ་བཅུག་པ་ཡིན།༽ ཨ་མྱེས་ཀྱི་སློབ་སྟོན་འོག་ཀྲང་ཧྲོའེ་དམག་ནང་དུ་ཞུགས་ནས་མེས་རྒྱལ་སྲུང་སྐྱོབ་ལ་རང་གི་ནུས་པ་བཏོན།
 

 

        2016ལོའི་ཟླ་6པར། ཀྲང་ཧྲོའེ་ཡིས་ཕུལ་བྱུང་རྒྱུགས་འབྲས་བླངས་ནས་སློབ་ཆེན་མཐར་ཕྱིན་ཏེ་མེ་ཤུགས་འཕུར་མདེལ་དམག་དཔུང་ག་གེ་མོར་ཞུགས་ནས་དམག་དཔོན་ཞིག་ཏུ་གྱུར། དམག་སྒར་དུ་ཁོས་ག་ས་གང་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། ལས་གནས་ཀྱི་སྔོན་བསྐྱོད་པར་གྱུར། ན་ནིང་ལོ་མགོར། ཁོས་རུ་ཁག་གི་སྣེ་ཁྲིད་དེ་རིམ་པ་གོང་མའི་དྲག་རྩལ་འགྲན་བསྡུར་ལ་ཞུགས་ཏེ། བཀོད་འདོམས་ཚོ་ཆུང་གི་ཨང་གཉིས་པ་བླངས། རུ་ཁག་ལ་སྒེར་གྱི་ཨང་རིམ་མདུན་གྲལ་གསུམ་གྱི་ལྔ་ཐོབ། ལོ་དེར་ཁོ་ད་དུང་རྩལ་ཁྲིད་པའི་དྲག་རྩལ་འགྲན་སྡུར་ལ་ཞུགས་ནས་རྩལ་ཁྲིད་དགེ་རྒན་ཕུལ་བྱུང་གི་མཚན་བཟང་ཐོབ། ན་ནིང་ལོ་མཇུག་ཏུ་བྱ་བའི་གྲུབ་འབྲས་གཟེངས་སུ་ཐོན་པའི་དབང་གིས་ཁོང་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐོབ།

 

       ཆུང་མ་མ་ཡུས་ཅེ་ལ་བྱས་རྗེས་རིམ་པ་གསུམ་པའི་གཟེངས་རྟགས་ཐོབ།

       ཀྲང་ཧྲོའེ་ཡི་ཆུང་མ་མ་ཡུས་ཅེ་ནི་2011ལོར་ཧི་ནན་ཉེན་རྟོག་པའི་སློབ་གླིང་དུ་དམག་ལ་ཞུགས་ནས་འཕྲོད་བསྟེན་འཛིན་གྲྭའི་འཛིན་དཔོན་གྱི་འགན་ཁུར་བ་དང་། འཕྲོད་བསྟེན་འཛིན་གྲྭའི་རྐང་འཛིན་པ་ཡིན་པའི་ཆ་ནས་རིམས་འགོག་སྐབས་སུ་དུས་དང་རྣམ་པ་ཀུན་དུ་ཡུལ་དངོས་དང་པོར་བསྐྱོད་དེ་དཔོན་དམག་དང་དམག་མིའི་ཁྱིམ་མི་ཡི་གདེང་འཇོག་མཐོན་པོ་ཐོབ། 2022ལོའི་ཟླ་5པར། ཁོ་མོ་རིམ་པ་གོང་མས་རྩ་འཛུགས་བྱས་པའི་ཚེ་སྲོག་སྲུང་སྐྱོབ་འཐབ་མོ་བའི་འགྲན་སྡུར་ལ་ཞུགས་ཏེ་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་དང་གཞན་ཚོགས་པའི་ཨང་དང་པོའི་གྲུབ་འབྲས་བླངས། ན་ནིང་གི་ལོ་མཇུག་ཏུ། བྱ་བའི་གྲུབ་འབྲས་ཕུལ་དུ་བྱུང་བས་ཁོང་མོར་བྱས་རྗེས་རིམ་པ་གསུམ་པའི་གཟེངས་རྟགས་ཐོབ།

       ཀྲང་ཧྲོའེ་དང་མ་ཡུས་ཅེ་གཉིས་ཀྱིས་མུ་མཐུད་དུ་རང་རང་གི་བྱ་བའི་ལས་གནས་ལ་རྐང་བཙུགས་ཏེ་དམག་སྟོབས་རྩལ་བཟང་གི་གཏམ་རྒྱུད་འབྲི་བཞེངས་བྱས་ནས་བྱས་རྗེས་གསར་བ་འཇོག་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།

       འཐབ་རོགས་ཡིན་ལ་ཁྱིམ་མིའང་ཡིན་པའི། དམག་མི་ཕུལ་བྱུང་ཅན་འདི་གཉིས་ཀྱི་ངོ་སོ་ཡར་ལ་བསྟོད་དོ།། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་། 

     

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཁྱོ་ཤུག་འདི་གཉིས་ཀྱིས་བྱས་རྗེས་གཟེངས་སུ་ཐོན་པ་བཞག་འདུག

ཟླ་1པའི་ཚེས་17ཉིན། ཨན་ཧུའེ་ཞིང་ཆེན་མིན་ཁྲིན་རྫོང་དུ་མེ་ཤུགས་འཕུར་མདེལ་དམག་དཔུང་ག་གེ་མོའི་དམག་ཞབས་པ་ཀྲང་ཧྲོའེ་དང་ཁོང་གི་ཆུང་མར་རིན་ཐང་ཆེ་བའི་ལོ་གསར་ལེགས་སྐྱེས་ཤིག་འབ