ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གྲོང་གསེབ་ཀྱི་རིམས་འགོག་ལས་དོན་ཇི་ལྟར་བསྒྲུབ་དགོས་སམ།

2023-01-19 17:02:00     责编:娜科

     གྲོང་གསེབ་ཁུལ་ནི་ས་རྒྱ་ཆེ་ཞིང་། མི་འབོར་མང་བ་དང་། རྨང་གཞི་ཞན་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཁུལ་དང་ཉམས་ཞན་ལྷུ་ཚིགས་སུ་གྱུར་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། གྲོང་གསེབ་ས་ཁུལ་གྱི་རིམས་ནད་གནས་ཚུལ་ཅུང་ཞི་ལྷོད་དུ་གཏོང་བ། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་མཐོ་པོས་སྲུང་སྐྱོབ་བཅས་བྱ་ཆེད། ཞིང་ལྗོངས་དང་གྲོང་ཁྱེར་ཁག་གིས་ནུས་ལྡན་གྱི་བྱ་ཐབས་བཟུང་སྟེ་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།  ས་གནས་ཁག་གིས་བདེ་ཐང་སྲུང་བ་དང་། བརྟན་ལྷིང་སྲུང་སྐྱོབ། ནད་ལྕིར་འགྱུར་ཚད་དང་འཆི་ཚད་དམའ་རུ་གཏོང་བ་བཅས་དམིགས་འབེན་དུ་བཟུང་ཐོག་གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དེ་མིག་སྔའི་ཞིང་གསུམ་ཁྱབ་ཁོངས་ཀྱི་གཙོ་གནད་གནད་དོན་ལ་བརྩིས་ཏེ།  དཔྱིད་གསར་དུས་ཆེན་རིང་གྲོང་གསེབ་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་ཇུས་བཟོས་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ས་ཁུལ་དུ་རིམས་ནད་ཐོན་ཚབས་ཆེ་བའི་གནད་དོན་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་རེད།

    གྲོང་གསེབ་ཁུལ་ནི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཅིག་རེད། ཞིང་པ་མང་ཚོགས་ཀྱི་རིམས་ནད་དང་འབྲེལ་བ་ཡོད་པའི་རོགས་སྐྱོབ་རེ་ཞུའི་བགྲོད་ལམ་དང་ཆ་འཕྲིན་སྤེལ་རེས་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་དང་། སྒོ་ཀུན་ནས་གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྤྱི་ཚོགས་ཞབས་ཞུ་དང་དམངས་འཚོ་འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབ་ཆེད། ས་གནས་ཁག་གིས་གྲོང་གསེབ་ས་ཁུལ་ལ་གཞིགས་ནས་གནད་དོན་རེ་ཞུའི་ཆ་འཕྲིན་ཐད་གཏོང་རླངས་འཁོར་དང་། གནད་དོན་ལན་འཇོག་ཁུལ། གློག་རྡུལ་ཡིག་སྒམ་སོགས་བཙུགས་པས་མ་ཚད་ཆུ་ཚོད་གཉིས་ཀྱི་ལས་རེས་ཐད་འབྲེལ་ཁ་པར་བཙུགས་ཏེ་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་རེ་ཞུ་དང་། ས་གནས་ཁག་གི་སྨན་བཅོས་སྐྱོབ་བཅོས་གནས་ཚུལ་གོང་ཞུ། རིམས་འགོག་སྨན་རྫས་དང་དངོས་ཟོག་ལ་འགན་སྲུང་། སྨན་བཅོས་དང་སྨན་ཁང་གཞན་ལ་སྐྱེལ་བ་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

སྒྲིག་སྒྱུར། བྱམས་པ་ཚེ་རིང་།  

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

གྲོང་གསེབ་ཀྱི་རིམས་འགོག་ལས་དོན་ཇི་ལྟར་བསྒྲུབ་དགོས་སམ།

གྲོང་གསེབ་ཁུལ་ནི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཅིག་རེད། ཞིང་པ་མང་ཚོགས་ཀྱི་རིམས་ནད་དང་འབྲེལ་བ་ཡོད་པའི་རོགས་སྐྱོབ་རེ་ཞུའི་བགྲོད་ལམ་དང་ཆ་འཕྲིན་སྤེལ་རེས་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་དང་