ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བར་སྐོར་ཚོང་གྲོང་དུ་ལོ་ཟོག་ཁྲོམ་སྟེཊ་272བཙུགས་པ།

2023-01-19 17:01:00     责编:娜科

     སྤྱི་ཟླ་1པོའི་ཚེས་17ཉིན་གྱི་ཕྱི་དྲོ། གསར་འགོད་པ་བར་སྐོར་ཚོང་གྲོང་དུ་སྐྱོད་སྐབས་ལོ་གསར་གྱི་མཁོ་ཆས་ཉོ་མཁན་གྲོང་མི་རྒྱུན་ཆད་རྒྱུ་མེད་པ་དང་། ཐོག་སོ་དང་པོ་ནས་གསུམ་པ་བར་ལོ་གསར་གྱི་མཁོ་ཆས་འཚོང་སའི་ཁྲོམ་བཀྱག་གོ་རིམ་ལྡན་པའི་ངང་བསྒྲིགས་ཡོད་པ་མ་ཟད་དུས་ཆེན་གྱི་མཁོ་ཆས་ཁུལ་དང་། གྱོན་ཆས་དང་རྒྱན་ཆའི་ཁུལ། ཤིང་འབྲས་དང་ཞོར་ཟས་ཁུལ་སོགས་ཁྱབ་ཁོངས་དང་རིགས་ཞིབ་ཚགས་དབྱེ་ཡོད་པ་དང་། ཤིང་སྒྲོམ་དང་། རྒྱན་ཆ། ཕྱེ་མར་འབོ་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཡོད་པ་རེད། 

    ལྷ་ས་གྲོང་ཁྱེར་མ་འཇོག་ཐོན་སྐྱེད་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་བྱམས་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ་2023ལོར་བར་སྐོར་ཚོང་གྲོང་དུ་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་ཚོང་འདུས་ཀྱིས་ཡ་རབས་དང་། བདེ་ཐང་། ཚད་ལྡན། བདེ་འཇགས་བཅས་བརྗོད་དོན་གཙོ་བོར་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་མི་ཚོགས་དང་དེ་བཞིན་ཞིང་ཆེན་གྱི་བོད་དུ་དངོས་ཟོག་འཚོང་མཁན་ཚོང་དུད་གདན་དྲངས་ནས་དུས་ཆེན་རིང་དགོས་ངེས་ཀྱི་དངོས་ཟོག་འབོར་ཆེན་གྲབས་གསོག་བྱས་པ་བརྒྱུད་གྲོང་མིའི་དུས་ཆེན་རིང་གི་དངོས་ཟོག་དགོས་མཁོ་འགན་ལེན་བྱས་པ་དང་། ད་ལོའི་དཔྱིད་གསར་དུས་ཆེན་གྱི་མཁོ་ཆས་ཉོ་སྒྲུབ་ཚོང་འདུས་ཀྱིས་བར་སྐོར་ཚོང་གྲོང་གི་ཐོག་བརྩེགས་དང་པོ་དང་གསུམ་པ་བར་ལ་རིན་པ་མི་དགོས་པའི་ཁྲོམ་བཀྱག་272བཀོད་སྒྲིག་བྱས་པའི་ནང་ལས་རིགས་12ཚུད་ཡོད་པ་རེད། 

     བར་སྐོར་ཚོང་གྲོང་གི་ལོ་གསར་མཁོ་ཆས་གཉེར་སྐྱོང་སྒྲིག་ལམ་ལ་འགན་ལེན་བྱ་ཆེད། ཀུང་སི་དེས་ཁྲོམ་བཀྱག་རག་པའི་ཚོང་དུད་ཚང་མ་དང་གྲོས་མཐུན་ཡི་གེ་བཞག་ནས་ཚོང་དུད་ཚོས་ཁ་དན་ཚིག་གནས་ཀྱིས་ཚོང་གཉེར་བྱེད་དགོས་པ་ལས་ཁྲོམ་བཀྱག་གང་བྱུང་ནང་བཤུག་དང་། བོགས་གཡར། བརྒྱུད་གཡར་བཅས་བྱ་མི་ཆོག་པ་དང་། རིན་གོང་ཡིད་རྟོན་རུང་བ་བྱས་ཏེ་དངོས་ཟོག་རྫུན་མ་དང་། དུས་ཡོལ་དང་ངོ་འགྱུར་སོགས་བྲིན་འཚོང་བྱ་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

གཞན་ཡང་ཀུང་སི་དེས་འབྲེལ་ཡོད་སྔོན་ཇུས་བཟོས་པ་མ་ཟད་ཐོལ་བྱུང་དོན་རྐྱེན་མི་ཐོན་པ་བྱས་ཡོད། ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་རིང་ཚོང་གྲོང་ནང་བདེ་སྲུང་མི་སྣ་དང་ལས་དོན་མི་སྣས་རེས་མོས་ངང་སྐོར་གཡེང་བྱས་ནས་ཚོང་གྲོང་གི་བདེ་སྲུང་ལས་དོན་གྱི་འགན་འཁུར་རྒྱུ་ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ།  མིག་དམར་རྒྱ་མཚོ།  

སྒྲིག་སྒྱུར། བསྟན་པ་ཚེ་རིང་། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

བར་སྐོར་ཚོང་གྲོང་དུ་ལོ་ཟོག་ཁྲོམ་སྟེཊ་272བཙུགས་པ།

བར་སྐོར་ཚོང་གྲོང་གི་ལོ་གསར་མཁོ་ཆས་གཉེར་སྐྱོང་སྒྲིག་ལམ་ལ་འགན་ལེན་བྱ་ཆེད། ཀུང་སི་དེས་ཁྲོམ་བཀྱག་རག་པའི་ཚོང་དུད་ཚང་མ་དང་གྲོས་མཐུན་ཡི་གེ་བཞག་ནས་ཚོང་དུད་ཚོས་ཁ་དན་ཚིག་གནས་ཀྱིས་ཚོང་གཉེར་བྱེད་དགོས་པ་ལས་ཁྲོམ་བཀྱག་གང་བྱུང་ནང་བཤུག་དང་།