ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མི་འདི་རིཊ་ལ་ཏོག་གསར་རིམས་ནད་འགོས་རྗེས་ནད་གཞི་ལྕི་མོར་འགྱུར་སླ།

2022-12-04 21:29:00     责编:娜科

     སྤྱི་ཟླ་12ཚེས་2ཉིན་གྱི་དགོང་མོ། ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་འགོག་འཐབ་ས་དང་པོའི་ཆེད་མཁས་བདུན་དྲ་ཐོག་སྨྱན་སྦྱོར་གྱི་བཅར་འདྲི་ཚོགས་འདུར་གདན་དྲངས་ཏེ་ཕྱོགས་ཡོངས་ནས་ལན་བཏབ་པ་རེད།

     མི་ཚོགས་གང་དག་ལ་ཏོག་གསར་ནད་དུག་འགོས་རྗེས་ནད་གཞི་ལྕི་མོ་ཅན་དུ་འགྱུར་སླ་བ་ཡིན་ནམ་ཞེ་ན། ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཁོངས་གཏོགས་ཀྱི་སྨན་ཁང་དང་པོ། ཀོང་ཀྲོའུ་འབྱིན་རྔུབ་བདེ་ཐང་ཞིབ་འཇུག་ཁང་ནད་རིགས་ལྕི་མོའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལི་དབྱི་མིན་གྱིས། མི་ཚོགས་རིགས་8ཀྱིས་དམིགས་བསལ་གྱི་དོ་སྣང་བྱེད་དགོས་པ་སྟེ། ལོ་60ཡན་གྱི་རྒན་རྒོན་ཚོགས་སྤྱི་དང་། མ་གཞི་ནས་ཁྲག་ཤེད་མཐོ་བ། དལ་གཤིས་གློ་ཡུའི་ཡན་ལག་གཉན་ཚད་སོགས་རྨང་གཞིའི་ནད་རིགས་ཡོད་པའི་ནད་པ། གཅིན་པ་མངར་འགྱུར་དང་། དལ་གཤིས་མཆིན་ཚད། དལ་གཤིས་མཁལ་མའི་ནུས་པ་ཆ་ཚང་མིན་པ་སོགས་དལ་གཤིས་ཀྱི་རྨང་གཞིའི་ནད་ཅན་གྱི་ནད་པ་དང་། དེ་བཞིན་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་པའི་སྐྲན་ནད་ནད་པ། རིམས་ཐར་བྱེད་ལས་ཞན་པའི་ནད་པ་སྟེ། དཔེར་ན་གྲུམ་གཤིས་ཀྱི་རིམས་ཐར་ནད་དཔེར་ན་འབྲུམ་དམར་ཚ་བོ་དང་། གྲུམ་གཤིས་ཀྱི་ཚིགས་ནད་ཅན། ཨེ་ཙི་ནད་པ་སོགས་ལ་དུས་ཡུན་རིང་པོར་སྐུལ་རྩིའི་སྨན་འཐུང་བ་དང་དེ་མིན་རིམས་ཐར་ཚོད་འགོག་སྨན་རྫས་ཀྱིས་རིམས་ཐར་བྱེད་ལས་ཉམས་པར་བྱས་པའི་མི་ཚོགས་དང་། དབང་པོ་སྤོ་འཛུགས་མཁན། BMI≥30 ཅན་གྱི་མི་ཚོན་པོ། སྦྲུམ་དུས་མཇུག་མ་དང་བཙའ་དུས་དུས་འཁོར་ལ་ཐོན་པའི་བུད་མེད། ཐ་མག་མང་པོ་འཐེན་མཁན་གྱི་མི་ཚོགས་བཅས་ཡིན་ ཞེས་གསུངས་འདུག

     ཚོགས་སྤྱི་འདི་དག་གིས་ཇི་ལྟར་བྱས་ནས་འགོག་སྲུང་ཡག་པོ་བྱེད་དགོས་སམ་ཞེ་ན། ལི་དབྱི་མིན་གྱིས་གལ་ཏེ་རྨང་གཞིའི་ནད་གཞི་ཡོད་ཚེ་ཧུར་ཐག་གིས་སྨན་བཅོས་བྱེད་དགོས་པ་དང་། ཡུན་རིང་སྨན་འཐུང་བཞིན་པའི་ནད་པ་ཞིག་ཡིན་ན། རིམས་ནད་འགོས་རྗེས་གང་འདོད་དུ་སྨན་འཐུང་མཚམས་མི་འཇོག་པར་སྨན་པར་འདྲི་བའམ་ཡང་ན་སྨན་ཁང་དུ་སོང་ནས་སྨན་པར་བསྟེན་དགོས། ཐ་མག་འཐེན་མཁན་གྱིས་ཐ་མག་གཅོད་པ་དང་སྨན་པའི་མཛུབ་སྟོན་འོག་འོས་འཚམས་ཀྱི་ལུས་རྩལ་སྦྱོང་བརྡར་བྱེད་དགོས། དེ་མིན་སེམས་ཁམས་སྙོམས་སྒྲིག་བྱས་ནས་སེམས་ཁམས་ཀྱི་བདེ་ཐང་རྒྱུན་སྲུང་བྱེད་དགོས་ཅེས་བརྗོད་ཡོད།

 

ཚན་རིག་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་ནས་ནད་པའིནད་མཚང་གི་བསམ་ཚུལ(“病耻感”)སེལ་བ།  

     མི་མི་ཉུང་བ་ཞིག་གིས་ཨའོ་སྨི་ཁེ་རུང་ནད་དུག་གིས་ཀླད་པར་སྐྱོན་བཟོས་ནས་ནད་རོ་སྣ་ཚོགས་བཟོས་ཡོང་སྙམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད། འདི་ལྟ་བུ་ལ་ལྟ་སྟངས་གང་འདྲ་འཛིན་དགོས་སམ། ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཞོར་གཏོགས་ཀླད་ཁོག་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི། ཀོང་ཀྲོའུ་གསོ་རིག་སློབ་ཆེན་བསམ་པའི་འཕྲོད་བསྟེན་སློབ་གླིང་གི་ཡོན་ཀྲང་ཉིང་ཡུས་ཕིང་གིས།  ཨའོ་སྨི་ཁེ་རུང་ལ་དུག་གཤིས་ཆེན་པོ་མེད་པས་སྤྱི་བཏང་དུ་ཀླད་པར་ནད་རྟགས་ཐོན་གྱི་མེད། མིག་སྔར་ཡང་དེས་ཀླད་པར་གནོད་འཚེ་ཕོག་གི་ཡོད་པའི་དཔང་རྟགས་གང་ཡང་མེད་པས་ཚང་མ་དངངས་སྐྲག་བྱེད་མི་དགོས་ཅེས་བརྗོད། 

    རྒན་རྒོན་ཁག་གཅིག་ལ་རིམས་ནད་འགོས་རྗེས་ནད་མཚང་གི་བསམ་ཚུལ་ཡོད་པ་གང་འདྲ་བྱས་ནས་ཁ་གཏད་གཅོག་དགོས་སམ། ཉིང་ཡུས་ཕིང་གིསནད་མཚང་གི་བསམ་ཚུལ་ནི་ནད་དུག་འགོ་བར་རྒྱུས་ལོན་གསལ་པོ་མེད་པས།  རང་ལ་ནད་གཞི་ཚབས་ཆེན་ཞིག་ཕོག་པའམ་ཡང་ན་རང་ཉིད་ཀྱིས་འགོག་སྲུང་ཡག་པོ་མ་བྱས་པས་ནད་གཞི་ཕོག་པར་སྙམ་ནས། གཉེན་ཉེ་དང་ཁྱིམ་མཚེས་ཀྱིས་ལེ་བདའ་བྱེད་པར་དོགས་པ་དང་།འགན་འཁྲི་ཚང་མ་རང་ཉིད་ཀྱི་ཐོག་ཏུ་བཞག་པ་ལས་བྱུང་བ་ཞིག་ཡིན་པར་བརྗོད། ཁོང་མོས་ཐོག་མར་ཚན་རིག་ཁྱབ་གདལ་མང་ཙམ་གཏོང་དགོས། མིག་སྔར་ནད་དུག་གི་དུག་གཤིས་དེ་ཙམ་ཆེན་པོ་མེད་པ་དང་། ནད་པ་མང་ཆེ་བར་ནད་གཞི་ཡང་བའམ་ཡང་ན་ནད་རྟགས་མེད་པ་ཤ་སྟག་ཡིན་ཏེ། ནད་དུག་ལ་འཇིགས་སྣང་སྐྱེ་བ་དང་ནད་ཕོག་པ་མཚང་ཡིན་སྙམ་པའི་བསམ་པ་སྐྱེ་རུ་འཇུག་མི་རུང་། དུས་མཚུངས་ནད་དུག་གིས་མིའི་གཟུགས་པོར་གནོད་འཚེ་ཕོག་སྲིད་པས་རྒན་རྒོན་ཚོར་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་སློང་བྱེད་དགོས་ཅེས་གྲོས་འགོ་བཏོན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

མི་འདི་རིཊ་ལ་ཏོག་གསར་རིམས་ནད་འགོས་རྗེས་ནད་གཞི་ལྕི་མོར་འགྱུར་སླ།

མི་མི་ཉུང་བ་ཞིག་གིས་ཨའོ་སྨི་ཁེ་རུང་ནད་དུག་གིས་ཀླད་པར་སྐྱོན་བཟོས་ནས་ནད་རོ་སྣ་ཚོགས་བཟོས་ཡོང་སྙམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད། འདི་ལྟ་བུ་ལ་ལྟ་སྟངས་གང་འདྲ་འཛིན་དགོས་སམ། ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཞོར་གཏོགས་ཀླད་ཁོག་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི།