ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མཚོ་སྔོན་དུ་སྐྱེ་དངོས་ཡ་མཚན་ཞིག་རྙེད་འདུག

2022-12-04 21:16:00     责编:娜科

      ཀྲུང་གོ་ཤིན་ཧྭ་ཟི་ལིང་ཡན་ལག་གསར་འགྱུར་ཁང་གི་སྤྱི་ཟླ་12ཚེས་1ཉིན་གྱི་གློག་འཕྲིན་བཏང་བ་ལྟར་ན།  སྤྱི་ཚེས་1ཉིན་གསར་འགོད་པས་མཚོ་སྔོན་རི་ཆུ་རང་བྱུང་ཐོན་ཁུངས་བརྟག་དཔྱད་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་མཚོ་སྔོན་དུ་ཐེངས་དང་པོར་བརྒྱད་ཟིལ་པོ་ཟེར་བའི་སྐྱེས་དངོས་ཤིག་རྙེད་པ་དེ་ནི་མཚོ་སྔོན་གྱི་ཟིན་ཐོ་གསར་དུ་བཀོད་པའི་དངོས་རིགས་ཤིག་རེད། 

     ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་ཁང་དེའི་ཞིབ་འཇུག་པ་ཚོས་མཚོ་སྔོན་ཟི་ལིང་གི་ལྷོ་བྱང་རི་བོ་རུ་ཕྱི་རོལ་རྟོག་ཞིབ་བྱེད་སྐབས། དམིགས་བསལ་ཅན་གྱི་སྐྱེ་དངོས་ཤིག་རྙེད་པ་དང་། སྐྱེ་དངོས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2500ནས་2600བར་གྱི་སྐམ་ཤས་ཆེ་བའི་རི་ངོས་སུ་སྐྱེས་ཡོད་པ་ཞིག་ཡིན་ལ།  ཐོག་མའི་འདྲི་རྩད་དཔྱད་ཞིབ་ལྟར་ན་སྐྱེ་དངོས་དེ་ནི་བརྒྱད་ཟིལ་པོ་ཞེས་པ་དེ་ཡིན་པ་དང་། གཞུག་ཏུ་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཤན་ཁྲུན་གྱིས་བརྒྱད་ཟིལ་པོ་ཞེས་པའི་མིང་བཏགས་པ་དེ་གཏན་འབེབས་བྱས་ཡོད། 

     བརྒྱད་ཟིལ་པོ་ཞེས་པའི་སྐྱེ་དངོས་དེ་ཀྲུང་གོའི་མངའ་ཁོངས་སུ་བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་སོགས་ས་བབ་མཐོ་ཚད་སྨི་2500ནས་སྨི་3600བར་གྱི་ས་ཁུལ་ཁོ་ན་རུ་ཁྱབ་ཡོད་ལ།   སྤྱིར་བཏང་དུ་སྐྱེ་དངོས་དེ་བྲག་རྡོའི་འོག་གི་བརླན་ས་དང་རྡོ་སྲུབས་སུ་སྐྱེས་པ་ཞིག་ཡིན་ཞིང་། ཐེངས་འདིར་ཟི་ལིང་བྱང་རིའི་མིས་བཟོས་ནགས་ཚལ་གྱི་སྐྱེ་ཁམས་གླིང་དུ་སྐྱེས་ཡོད་པ་མ་ཟད། ས་གནས་དེར་སྐམ་སའི་རི་ལྡེབས་ཀྱང་ཡིན་པ་དེར་ཅུང་དམིགས་བསལ་ཡིན་པས་སྔར་བས་ཞིབ་འཇུག་གཏིང་ཟབ་བྱེད་རིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། སྙན་དབྱངས། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

མཚོ་སྔོན་དུ་སྐྱེ་དངོས་ཡ་མཚན་ཞིག་རྙེད་འདུག

བརྒྱད་ཟིལ་པོ་ཞེས་པའི་སྐྱེ་དངོས་དེ་ཀྲུང་གོའི་མངའ་ཁོངས་སུ་བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་སོགས་ས་བབ་མཐོ་ཚད་སྨི་2500ནས་སྨི་3600བར་གྱི་ས་ཁུལ་ཁོ་ན་རུ་ཁྱབ་ཡོད་ལ།