ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶ཨ་རི་བ་སི་ནུའོ་ཏེང་ཨུ་རུ་སུའི་སྤྱི་དམངས་སུ་གྱུར་འདུག

2022-12-04 21:14:00     责编:娜科

 

 

 

     ཐ་སི་གསར་འགྱུར་ལས་ཁུངས་ནས་སྤྱི་ཟླ་12ཚེས་2ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་འགོག་སྲུང་ལས་དོན་འགན་ལེན་ལས་ཁུངས་ཀྱི་ལས་མི་ཟུར་པ་ཨའེ་ཏེ་ཧྭ·སི་ནུའོ་ཏེང་ཨུ་རུ་སུའི་རྒྱལ་ཁོངས་སུ་ཞུགས་པ་ཁྱབ་བསྒྲགས་བྱས་པ་དང་འབྲེལ།  ཨུ་རུ་སུའི་ལམ་ཡིག་རག་ནས་དངོས་སུ་ཨུ་རུ་སུའི་སྤྱི་དམངས་ལ་གྱུར་ཡོད། 

     སྤྱི་ལོ་2013ལོར། སི་ནུའོ་ཏེང་གིས་སྨྱན་སྦྱོར་བརྒྱུད་དེ་ཨ་རི་སྲིད་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་ཁ་པར་ལ་ལྐོག་ཉན་དང་དྲ་བར་ལྐོག་ལྟ་བྱེད་བཞིན་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཨ་རིའི་སྲིད་གཞུང་གིས་གསང་མྱུལ་གྱི་ནག་ཉེས་དང་། རྐུན་མའི་ནག་ཉེས།   དབང་ཆ་མ་ཐོབ་པར་རྒྱལ་སྲུང་ཆ་འཕྲིན་དང་གསང་འཕྲིན་ཕྱིར་གྱར་བྱས་པ་བཅས་ཀྱི་ཉེས་མིང་ཐོག་ནས་སི་ནུའོ་ཏེང་འཛིན་བཟུང་གི་བཀའ་རྒྱ་བཏང་། དེ་རྗེས་སི་ནུའོ་ཏེང་ལ་ཨུ་རུ་སུར་ཉེན་གཡོལ་བྱེད་པའི་ཆོག་མཆན་ཐོབ་ནས་ཨུ་རུ་སུར་ལོ་མང་བསྡད། སྤྱི་ལོ་2020ལོའི་ཟླ་11པར། སི་ནུའོ་ཏེང་གིས་སྤྱི་འབྲེལ་དྲ་བའི་ཐོག་ཨུ་རུ་སུའི་རྒྱལ་ཁོངས་སུ་ཞུགས་པའི་རེ་ཞུ་བྱ་རྒྱུ་ཡིན་པ་བསྒྲགས།  ད་ལོའི་སྤྱི་ཟླ་9ཚེས་26ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་ཨའེ་ཏེ་ཧྭ·སི་ནུའོ་ཏེང་ཚུད་པའི་མི་མང་པོར་ཨུ་རུ་སུའི་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། རིག་འཛིན་སྐྱིད། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

▶ཨ་རི་བ་སི་ནུའོ་ཏེང་ཨུ་རུ་སུའི་སྤྱི་དམངས་སུ་གྱུར་འདུག

སྤྱི་ལོ་2013ལོར། སི་ནུའོ་ཏེང་གིས་སྨྱན་སྦྱོར་བརྒྱུད་དེ་ཨ་རི་སྲིད་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་ཁ་པར་ལ་ལྐོག་ཉན་དང་དྲ་བར་ལྐོག་ལྟ་བྱེད་བཞིན་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་།