ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དཔེ་ལ། ཏོག་ཙམ་མ་གཏོགས་སྒོར་ཁྲི་760བརྐུ་ལ་ཤོར།

2022-12-03 16:59:00     责编:桑吉卓玛

དཔེ་ལ། ཏོག་ཙམ་མ་གཏོགས་སྒོར་ཁྲི་760བརྐུ་ལ་ཤོར།

       ཉེ་ཆར། ཀྲེ་ཅང་དབུན་ཀྲོའུ་ནས་ཡིན་པའི་བུད་མེད་ཝང་ལགས་ལ་ཁ་པར་གྱི་ཐོག་མའི་ཨང་གྲངས་00ཡིན་པའི་ཕྱི་རྒྱལ་གྱི་ཁ་པར་ཞིག་ཐེངས་མང་འབྱོར།   མགོ་སྐོར་གཏོང་མཁན་གྱིས་མྱུར་སྐྱེལ་བོར་བརླག་སོང་བའི་དབང་གིས་སྐྱིན་ཚབ་འཇལ་རྒྱུ་ཡིན་ཟེར་ཞིང་། འོན་ཀྱང་སྐྱིན་ཚབ་འཇལ་བའི་བརྒྱུད་རིམ་དེ་རྙོག་འཛིང་ཡིན་པར་བརྟེན་ཁོ་མོར་སྣེ་ཁྲིད་བྱས།  མི་དམངས་ཉེན་རྟོག་པས་ཁུངས་སྣེ་དེ་ཤེས་རྟོགས་བྱུང་རྗེས་དུས་ཐོག་ཏུ་ཁོ་མོའི་སྡོད་གནས་སུ་སོང་སྟེ་ཁོ་མོས་ཆེས་མཐའ་འཇུག་གི་ར་སྤྲོད་ཨང་གྲངས་ནང་འཇུག་བྱེད་བཞིན་པའི་སྒང་དེར་བཀག་འགོག་བྱས་ཏེ་སྒོར་ཁྲི་760ལྷག་ཁྲམ་པའི་ལག་ཏུ་མི་ཤོར་བ་བྱས་ཡོད། 
 

 

       མ་ལག་གིས་ཞིབ་དཔྱད་ཚད་ལེན་བྱས་པ་ལྟར་ན་བུད་མེད་དེས་མགོ་སྐོར་གཏོང་མཁན་དང་ཉོ་ཚོང་བྱེད་ཉེན་ཆེ།

       མི་དམངས་ཉེན་རྟོག་པས་དུས་ཚོད་དམ་འཛིན་གྱིས་སྒོར་ཁྲི་760ཕྱིར་བླངས།

       ཉེ་ཆར་ཀྲེ་ཅང་དབུན་ཀྲོའུ་ཡུང་ཅ་རྫོང་ཝུའུ་ཉིའུ་མངགས་གཏོང་ཁང་ལ་འཕྲུལ་ཆས་མ་ལག་གི་ཉེན་བརྡ་ཞིག་འབྱོར་པ་ལྟར་ན། ཁོངས་གཏོགས་ཁུལ་དུ་བུད་མེད་ཝང་ལགས་ཀྱིས་ཁ་པར་གྱི་ཐོག་མའི་ཨང་གྲངས་00ཡིན་པའི་ཕྱི་རྒྱལ་གྱི་ཁ་པར་ཞིག་དང་དུས་ཡུན་སྐར་ཆ་700ལ་ཉེ་བ་ཞིག་ལ་ཁ་བརྡ་བྱས་པ་དེར་ཁོ་མོས་མགོ་སྐོར་གཏོང་མཁན་དང་ཉོ་ཚོང་བྱེད་ལ་ཡོད་པའི་དོགས་པ་ཆེ།  

       གཡོ་ལེན་ངོ་རྒོལ་བྱེད་པའི་མི་དམངས་ཉེན་རྟོག་པ་ཝང་ཚུང་ཚུང་གིས་དོ་བདག་ལ་ཁ་པར་ཐེངས་མང་བརྒྱབ་ཀྱང་མ་འཕྲོད་ལ།གནས་ཚུལ་ཛ་དྲག་ཆེ་བའི་དབང་གིས་ཁོ་དང་ལས་གྲོགས་ཚོས་རླངས་འཁོར་བཏང་ནས་ལམ་སེང་ཁ་པར་གྱིས་ས་གནས་གཏན་འཁེལ་བྱས་པའི་སྡེ་ཁུལ་དུ་སོང་སྟེ་དོ་བདག་ལ་བཀག་སྡོམ་བསླབ་བྱ་བྱས།

       ཡུལ་དངོས་སུ་འབྱོར་རྗེས།  ཁོ་ཚོས་དོ་བདག་སྡོད་སའི་སྒོ་བྱང་གི་ཨང་རྟགས་བཀོད་ཚུལ་རྙོག་འཛིང་ཡིན་པ་ཤེས། མགོ་སྐོར་གཏོང་མཁན་གྱི་ལག་ཏུ་སྒོར་མོ་མ་ཤོར་བའི་སྔོན་ལ་དོ་བདག་བཀག་འགོག་བྱ་ཆེད། ཝང་ཚུང་ཚུང་གིས་ལམ་གང་བོར་དུས་ཚོད་དམ་འཛིན་གྱིས་སྨྱོ་རྒྱུག་བྱས་ནས་བུད་མེད་དེ་བཙལ། ཝང་ཚུང་ཚུང་གིས་སྐབས་དེར་ངས་དུས་ཐོག་ཏུ་མང་ཚོགས་དེ་བཙལ་ནས་དེ་མ་ཐག་མོས་དངུལ་སྒོར་ཁོངས་སྒྱུར་བྱེད་པར་བཀག་འགོག་བྱ་རྒྱུ་དེ་ཡིན་ཞེས་བཤད།

       ཉེ་འགྲམ་སྡོད་དམངས་ཀྱི་རོགས་རམ་འོག་ཝང་ཚུང་ཚུང་དང་ལས་རོགས་ཚོས་སྐར་མ་བཅུ་ཙམ་གྱི་ནང་བུད་མེད་ཝང་ལགས་ཀྱི་ཁྱིམ་བཙལ་ཐུབ་སོང་།  དེའི་རྗེས་ནས་ཝང་ཚུང་ཚུང་གིས། སྐབས་དེར་མགོ་སྐོར་གཏོང་མཁན་གྱིས་སྐད་སྒྲའི་ཁ་པར་གྱི་ལམ་ནས་བུད་མེད་ཝང་ལགས་ལ་མྱུར་དུ་གོ་རིམ་རྗེས་མ་བཀོལ་སྤྱོད་བྱེད་དུ་འཇུག་རྩིས་ཡོད་དེ། མོས་ཆེས་མཐའ་འཇུག་གི་ར་སྤྲོད་ཨང་གྲངས་ནང་འཇུག་བྱ་རྒྱུ་མ་གཏོགས་ལུས་མེད་པས། གལ་ཏེ་ར་སྤྲོད་ཨང་གྲངས་དེ་ནང་འཇུག་བྱས་ན་བྱང་བུའི་ནང་གི་སྒོར་ཁྲི་760ལྷག་བརྐུས་འགྲོ་ཞེས་བརྗོད། 
 

△གཡོ་ལེན་ལ་ངོ་རྒོལ་བྱེད་མཁན་གྱི་མི་དམངས་ཉེན་རྟོག་པ་ཝང་ཚུང་ཚུང་།(གཡོན)མགོ་སྐོར་ཐེབས་པའི་གྲོང་མི་བུད་མེད་ཝང་ལགས།(གཡས)

       མགོ་སྐོར་ཐེབས་མཁན་གྱི་བུད་མེད་ཀྱིས་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་བཀག་འགོག་བྱས་པའི་བཀའ་དྲིན་བླ་ན་མེད་ཅེས་བཤད། 

       ཉེན་རྟོག་པས་དྲན་སྐུལ་བྱས་དོན། དངུལ་སྒོར་ཕྱིར་སློག་ན་གཞུང་ཕྱོགས་སྟེགས་བུས་དཔྱད་ཞིབ་བརྒྱུད་དགོས།

       བུད་མེད་ཝང་ལགས་ཀྱིས་ཕྱིར་དྲན་བྱེད་སྐབས་བཤད་དོན། སྐབས་དེར་མོར་ཁ་པར་གྱི་ཐོག་མའི་ཨང་གྲངས་00ཡིན་པའི་ཕྱི་རྒྱལ་གྱི་ཁ་པར་ཞིག་ཐེངས་མང་འབྱོར་བྱུང་ལ། མགོ་སྐོར་གཏོང་མཁན་གྱིས་མྱུར་སྐྱེལ་བོར་བརླག་བྱུང་བའི་དབང་གིས་སྐྱིན་ཚབ་འཇལ་ཟེར་བ་དང་། འོན་ཀྱང་སྐྱིན་ཚབ་འཇལ་བའི་བརྒྱུད་རིམ་དེ་རྙོག་འཛིང་ཡིན་པར་བརྟེན་ཁོ་མོར་སྣེ་ཁྲིད་བྱས།  
 

       བུད་མེད་ཝང་ལགས་ཀྱིས་བསམ་བློ་མང་པོ་མ་བཏང་པར། སྔོན་ལ་ཕར་རོལ་པོའི་མཛུབ་སྟོན་ལྟར་རང་གི་ཁ་པར་དེ་ཁ་པར་གཏོང་བའི་རྣམ་པར་བསྒྱུར་རྗེས་QQནང་འཇུག་བྱས་པ་མ་ཟད། ཕ་རོལ་པོས་བསྐུར་བའི་ཁ་གསབ་སྤྲོད་འཇལ་ལྟེ་གནས་ཀྱི་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ཏེ་བདེ་བླག་ངང་ཁ་གསབ་དངུལ་སྒོར་400བླངས། 

       དེའི་རྗེས་སུ། མགོ་སྐོར་གཏོང་མཁན་གྱིས་བུད་མེད་ཝང་ལགས་ཀྱིས་སྒོར་71ཐོལ་པ་བླངས་སོང་བས་དེ་ཕྱིར་སྤྲོད་དགོས་ཟེར་བ་དང་།  ཡང་ཤོག་བྱང་ལ་དུས་བརྒལ་འདུག་པ་རྒྱུ་མཚན་དུ་བྱས་ནས་བུད་མེད་ཝང་ལགས་ལ་ཡང་བསྐྱར་ཕྱིར་སྤྲོད་རེ་ཞུ་རྒྱག་ཏུ་བཅུག  རྒྱུ་མཚན་ཧ་མ་གོ་བའི་བུད་མེད་ཝང་ལགས་ཀྱིས་རང་ཉིད་ཀྱི་དངུལ་བྱང་གི་རྩིས་ཁྲ་དང་གཏོང་སྤྲོད་ནོར་མཛོད་ཀྱི་རྩིས་ཁྲའི་ནང་གི་སྒོར་ཁྲི་760ལྷག་ཕར་རོལ་པོར་བཤད་དེ་མགོ་སྐོར་གཏོང་མཁན་གྱི་གཡོ་འོག་ཏུ་རིམ་པ་བཞིན་ཚུད། 

       ཁོ་མོས་བྱང་བུའི་ནང་གི་སྒོར་ཁྲི་760ལྷག་ཅུང་ཙམ་མིན་ན་བརྐུ་ཤོར་བ་ཤེས་རྗེས། གྲང་འདར་ཅིག་རྒྱག་བཞིན་ཧ་ལས་ཤིང་ཧང་སངས་ཏེ་བསྡད། ཡུད་ཙམ་འགོར་རྗེས་ད་གཟོད་ལག་པ་འདར་བཞིན་རང་གི་ཁ་པར་ཝང་ཚུང་ཚུང་ལ་བྱིན་ཏེ་ཁ་པར་ནང་ད་དུང་ནད་དུག་ཡོད་མེད་ལ་ཞིབ་མོར་བལྟ་རུ་བཅུག 

       མ་གཞིར། བུད་མེད་ཝང་ལགས་ནི་སྒོ་རྩིས་ཚོང་ཁང་ཆེན་མོ་ཞིག་གི་ནོར་སྲིད་པ་ཞིག་ཡིན་ཞིང་བྱང་བུའི་ནང་གི་སྒོར་མོ་ཚང་མ་ཀུང་སིའི་རེད། 

       སྐབས་དེའི་གནས་ཚུལ་ལ་ཕྱི་དྲན་བྱེད་སྐབས། བུད་མེད་ཝང་ལགས་སྔར་བཞིན་སྐྲག་སྣང་ཅིག་སྐྱེས་བཞིན་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་རོགས་སྐྱོབ་བྱས་པར་ཤིན་ཏུ་བཀའ་དྲིན་ཆེ། ངས་ར་སྤྲོད་གསང་གྲངས་དེ་ནང་འཇུག་བྱས་རྗེས་བྱང་བུའི་ནང་གི་དངུལ་ཚང་མ་མེད་པར་འགྱུར་འགྲོ་བས་མི་དམངས་ཉེན་རྟོག་པས་དངོས་ནས་འགན་འཁུར་གྱིན་འདུག་ཟེར།
 

       དབུན་ཀྲོའུ་ཡི་གཡོ་ལེན་ལ་ངོ་རྒོལ་བྱེད་པའི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། དུས་སྐབས་འདིར་མྱུར་སྐྱེལ་སྐྱིན་ཚབ་འཇལ་བ་དང་། ཡིད་རྟོན་དངུལ་ལེན། དངོས་ཟོག་ཕྱིར་སློག་སོགས་ཀྱི་ཐད་ནས་མགོ་སྐོར་གཏོང་བའི་གནས་ཚུལ་མང་པོ་བྱུང་བཞིན་འདུག་པས།   ཉེན་རྟོག་ཕྱོགས་ཀྱིས་དངུལ་སྒོར་ཕྱིར་སྟེར་པ་དང་དངོས་ཟོག་ཕྱིར་སྟེར་པའི་འབྲེལ་ཡོད་གནས་ཚུལ་གང་རུང་ཞིག་ལ་འཕྲད་ཀྱང་། གྲོང་མི་ཚོས་ཁེ་ཆུང་ལ་མི་རྔམ་པར་ངེས་པར་དུ་གཞུང་ཕྱོགས་ཉོ་སྒྲུབ་སྟེགས་བུས་དཔྱད་ཞིབ་བརྒྱུད་དགོས་པ་དང་། མཉེན་ཆས་དང་Appཕབ་ལེན་བྱེད་པ་ཚང་མ་མགོ་གཡོག་མགོ་སྐོར་གྱི་རིགས་རེད་ཅེས་དྲན་སྐུལ་བྱས།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

སྒྲིག་སྒྱུར། སྙན་དབྱངས། 

       

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དཔེ་ལ། ཏོག་ཙམ་མ་གཏོགས་སྒོར་ཁྲི་760བརྐུ་ལ་ཤོར།

ཉེ་ཆར། ཀྲེ་ཅང་དབུན་ཀྲོའུ་ནས་ཡིན་པའི་བུད་མེད་ཝང་ལགས་ལ་ཁ་པར་གྱི་ཐོག་མའི་ཨང་གྲངས་00ཡིན་པའི་ཕྱི་རྒྱལ་གྱི་ཁ་པར་ཞིག་ཐེངས་མང་འབྱོར། མགོ་སྐོར་གཏོང་མཁན་གྱིས་མྱུར་སྐྱེལ་བོར་བརླག་སོང་བའི་དབང་གིས་སྐྱིན་ཚབ་འཇལ་རྒྱུ