ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་ཕྱོཊ་སུ་བསྐྱོད།

2021-04-21 15:26:00     责编:sangjzm

འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་འགོ་བརྗོད་དུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་ཕྱོགས་སུ་རྒྱུན་མཐུད་ངང་བསྐྱོད་དགོས་ཞེས་པ་གཏོང་སྤེལ་བྱས་ཡོད། 

 

མྱུར་དཔྱད་ནང་བསྟན་དོན། ང་ཚོ་གནས་ས་ནི་འགྲན་རྩོད་ཀྱི་ཁེངས་པའི་དུས་རབས་ཤིག་ཡིན་ལ། རེ་བས་ཕྱུག་པའི་དུས་རབས་ཤིག་ཀྱང་ཡིན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་སྤྱི་ལོ་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་སྤྱི་ཚེས་20ཉིན་གྱི་སྔ་དྲོ་ཧའེ་ནན་པོ་ཨའོ་རུ་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་འགོ་བརྗོད་དུ་《ཕྱར་བ་གྲུ་འདེགས་ཀྱིས་དུས་ངལ་མཉམ་དུ་སེལ། ལས་དབང་གཅིག་མཐུན་འབྱུང་འགྱུར་མཉམ་དུ་གཏོད》ཅེས་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ཡོད་པ་རེད།

མྱུར་དཔྱད་ནང་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་གསུང་བཤད་ནང་མིག་སྔའི་གོ་ལ་ཧྲིལ་པོའི་གོང་འཕེལ་དང་བཅོས་སྐྱོང་གི་ད་ལྟའི་གནས་ཚུལ་དང་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་དེ་ཕྱོགས་གང་ཞིག་ཏུ་བསྐྱོད་དགོས་མིན་སྐོར་གྱི་འཛམ་བུའི་གླིང་གི་འབྱུང་འགྱུར་དང་འབྲེལ་བ་ཆེན་པོ་ཡོད་པའི་བརྗོད་གཞི་ཆེན་པོ་འདི་སླར་ཡང་ནན་གསུང་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་མཐོ་ཚད་ནས་གྲོས་འགོ་ཁག་བཞི་བཏོན་གནང་བ་དང་། གོ་ལའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཐུན་མོང་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ཇུས་གཞི་བཏོན་པ་དང་ཀྲུང་གོའི་ཡིད་ཆེས་མཚོན་པར་བྱས་ཡོད་པས། ཚོགས་ཞུགས་སྐུ་མགྲོན་ཚོའི་ཡོངས་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་གཡུ་སྒྲོན།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་ཕྱོཊ་སུ་བསྐྱོད།

མྱུར་དཔྱད་ནང་བསྟན་དོན། ང་ཚོ་གནས་ས་ནི་འགྲན་རྩོད་ཀྱི་ཁེངས་པའི་དུས་རབས་ཤིག་ཡིན་ལ། རེ་བས་ཕྱུག་པའི་དུས་རབས་ཤིག་ཀྱང་ཡིན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་སྤྱི་ལོ་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་སྤྱི་ཚེས་20ཉིན་གྱི་སྔ་དྲོ་ཧའེ་ནན་པོ་ཨའོ་རུ་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་