ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཏོག་གསར་རིམས་འགོག་སྨན་ཁབ་ཇི་ལྟར་རྒྱག་དགོས་པའི་ཐད་་་་་་

2021-04-08 09:51:00     责编:sangjzm

མིག་སྔར། རང་རྒྱལ་དུ་གསར་དུ་བདམས་པའི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་5སྤྱོད་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་རེད། རིམས་འགོག་སྨན་ཁབ་རིགས་5པོ་འདི་དག་ལ་ཁྱད་པར་ཅི་ཞིག་ཡོད། རིགས་གང་རྒྱག་ན་དེ་བས་ཡག་པོ་ཡོད། གསར་འགོད་པས་དེའི་ཐད་འབྲེལ་ཡོད་རིགས་གཅིག་མཁས་པར་བཅར་འདྲི་ཞུས་པ་ཡིན།

ལག་རྩལ་ལམ་ཐིག་ལྟར་དབྱེ་ན། རིམས་འགོག་སྨན་ཁབ་ཁག་5དེ་རིགས་གསུམ་ལ་དབྱེ་ཆོག་པ་སྟེ། གཅིག་ནི་གསོན་གསོད་རིམས་འགོག་སྨན་ཁབ་ཡིན་པ་དང་། དེའི་ནང་རྒྱལ་སྨན་ཀྲུང་ཧྲེང་པེ་ཅིང་ཀུང་སི་དང་། རྒྱལ་སྨན་ཀྲུང་ཧྲེང་ཝུའུ་ཧན་ཀུང་སི། པེ་ཅིང་ཁོ་ཤིང་ཀྲུང་ཝུའེ་ཀུང་སིས་ཐོན་སྐྱེད་བྱས་པའི་གསོན་གསོད་རིམས་འགོག་སྨན་ཁབ་གསུམ་ཚུད་ཡོད། གཉིས་ནི་གཤེར་རྨེན་ནད་དུག་གི་གཞི་རྟེན་རིམས་འགོག་སྨན་ཁབ་ཡིན། དེ་ནི་ཐེན་ཅིན་ཁང་ཤིས་ནུའོ་ཀུང་སིས་ཐོན་སྐྱེད་བྱས་པའི་དབྱིབས་5གཤེར་རྨེན་ནད་དུག་གི་གཞི་རྟེན་རིམས་འགོག་སྨན་ཁབ་ཡིན། གསུམ་ནི་བསྐྱར་སྒྲིག་སྤྲི་དཀར་རིམས་འགོག་སྨན་ཁབ་ཡིན་ཞིང་། དེ་ནི་གསར་དུ་བསྐྱར་སྒྲིག་བྱས་པའི་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་གཅིག་ཡིན་ལ(CHOཕྲ་ཕུང་)ཞེས་པ་དེ་ཡིན།

1

ལག་རྩལ་གསུམ་གྱི་ལམ་ཕྱོགས་ལ་ཁྱད་པར་ཅི་ཞིག་ཡོད།

གསོན་གསོད་རིམས་འགོག་སྨན་ཁབ་ནི་རྒྱ་སྐྱེད་པའི་ནད་དུག་གསོན་པོ་དེ་དངོས་ལུགས་དང་རྫས་འགྱུར་གྱི་བྱེད་ཐབས་བརྒྱུད་དེ་སྐྱེད་སྲིང་བྱས་ནས་བསད་རྗེས། ལྷད་མེད་ལག་རྩལ་རབ་དང་རིམ་པ་བརྒྱུད་ནས་བཟོས་པའི་རིམས་འགོག་སྨན་ཁབ་ཅིག་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཆེད་ལས་འཛིན་གྲྭའི་རིགས་གཅིག་མཁས་པའི་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཅུན་ཀྲི་ཡིས་ངོ་སྤྲོད་གནང་བར་གཞིགས་ན། དེའི་ཁྱད་ཆོས་གཙོ་བོ་ནི་རིམས་འགོག་སྨན་ཁབ་ཀྱི་གྲུབ་ཆ་དང་རང་བྱུང་ནད་དུག་གི་གྲུབ་ཆ་ཅུང་འདྲ་མཚུངས་ཡིན་པ་དང་། རིམས་འགོག་གི་ནུས་པ་ཀྱང་ཅུང་ཆེ་བས་བདེ་འཇགས་རང་བཞིན་ཅུང་ཡག་པོ་ཡོད། རིམས་འགོག་སྨན་ཁབ་ཅུང་བརྟན་པོ་ཡིན་པ་དང་། དྲོད་ཚད་ཧྲེ་ཧྲི་ཏུའུ་2ནས་8བར་གྱི་ཁོར་ཡུག་ནང་ལོ་གཉིས་ནས་གསུམ་བར་ཉར་ཚགས་བྱེད་ཐུབ་པས་སྐྱེལ་འདྲེན་སྟབས་བདེ་ཡིན་ཞིང་། ཁབ་གཉིས་རིམས་ཐར་སྤྱད་ན་ཆོག་པ་ཡིན།

གཤེར་རྨེན་ནད་དུག་གི་གཞི་རྟེན་གྱི་རིམས་འགོག་སྨན་ཁབ་ནི་དབྱིབས་5རྟགས་ཅན་ཀྱི་གཤེར་རྨེན་ནད་དུག་གཞི་རྟེན་དུ་བྱས་ཏེ། གསར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་གི་འགོག་རྫས་གཞི་རྒྱུ་ནང་འདྲེན་བྱས་ནས། སྐྱེ་དངོས་འགྱུར་འབྱུང་ཆས་བརྒྱུད་དེ་གཞི་རྟེན་གསོན་པོའི་རིམས་འགོག་སྨན་ཁབ་ཅིག་རེད། ཝང་ཅུན་ཀྲི་ཡིས། རིམས་འགོག་སྨན་ཁབ་བཟོ་བའི་བཟོ་རྩལ་བལྟོས་བཅས་ཀྱིས་སྟབས་བདེ་བ་དང་། ཞིབ་འཇུག་གསར་སྤེལ་གྱི་མ་གནས་དང་ཐོན་སྐྱེད་མ་གནས་ཅུང་དམའ་པོ་ཡིན། གང་ལགས་ཤེ་ན། དེ་ནི་རང་རེའི་རྒྱལ་ཁབ་ཀྱི་དེ་སྔའི་དབྱིབས་5རྟགས་ཅན་གྱི་རྨེན་བུའི་ནད་དུག་ཨའེ་པོ་ལ་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ཀྱི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན། རིམས་འགོག་སྨན་གྱིས་འགོག་གཟུགས་འབྱུང་བར་འཇམ་ཁྲིད་ལེགས་པོ་བྱས་ཏེ། ཕྲ་ཕུང་རིམས་ཐར་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། ཁབ་གཅིག་གི་རིམས་ཐར་སྤྱད་ཆོག་ཞེས་གསུངས་གནང་བ་རེད།

བསྐྱར་སྒྲིག་སྤྲི་དཀར་གྱི་རིམས་འགོག་སྨན་ཁབ་ནི་ནུས་ལྡན་གྱི་འགོག་རྫས་གྲུབ་ཆ་དེ་གཞི་རྒྱུའི་ལས་གྲྭའི་བྱེད་ཐབས་ལ་བརྟེན་ནས། ལུས་ཕྱིའི་ཕྲ་ཕུང་ཁྲོད་མཚོན་པར་བྱེད་པ་ཞིག་ཡིན། ལུས་ཕྱིའི་ཕྲ་ཕུང་ནི་བཟོ་སྐྲུན་གྱི་ཕྲ་ཕུང་སྡོང་པོས་སྐྱེ་དངོས་སྨན་རྫས་ཁྲོད་རྒྱུན་དུ་སྤྱོད་པའི་ཕྲ་ཕུང་ཞིག་ཡིན་པ་དང་། བཟོ་ལས་ཀྱི་བསྙལ་བའི་བྱེད་ཐབས་དང་འདྲ་བས། མཐར་རིམས་འགོག་སྨན་ཁབ་བཟོས་པ་ཡིན། ཀྲུང་གོ་ཚན་རིག་ཁང་སྐྱེ་དངོས་ཕྲ་རབ་ཁང་གི་ཞིབ་འཇུག་པ་ཡན་ཅིང་ཧྭ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་ནི་སྤྲི་དཀར་མཚོན་པ་དང་ལྷད་མེད་དུ་འགྱུར་བའི་བརྒྱུད་རིམ་ཞིག་ཡིན་པ་དང་། ནད་དུག་གསོན་པོར་ཞུགས་མེད་པས་ཐོན་སྐྱེད་བརྒྱུད་རིམ་ནི་བདེ་འཇགས་ཡིན་པ་དང་། གཞི་ཁྱོན་ཆེན་པོས་ཐོན་སྐྱེད་བྱེད་སླ་པོ་ཡོད། དུས་སྔོན་གྱི་བསྐྱར་སྒྲིག་སྤྲི་དཀར་གྱི་རིམས་འགོག་སྨན་ཁབ་བེད་སྤྱོད་པའི་གོ་རིམ་དང་དུས་འགོའི་ཚོད་ལྟའི་མཇུག་འབྲས་ལ་བལྟས་ན། བསྐྱར་སྒྲིག་སྤྲི་དཀར་གྱི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་ལ་ཁག་ཐེག་བྱེད་ཐུབ་པ་དང་། མི་འཕྲོད་པའི་ཚད་ཅུང་དམའ་པོ་ཡིན། རིམས་འགོག་སྨན་ཁབ་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་2ནས་8ཙམ་གྱི་གྲང་ཉར་བྱེད་དགོས་པ་དང་། སྐྱེལ་འདྲེན་དང་གསོག་ཉར་གྱི་ཆ་རྐྱེན་ཞན་པ་དང་། ཁབ་གཉིས་ནས་གསུམ་སྤྱད་ནས་རིམས་ཐར་བྱེད་དགོས་ཀྱི་ཡོད་པ་རེད།

2

རིམས་འགོག་སྨན་ཁབ་གང་ཞིག་ལ་དེ་བས་ནུས་པ་ལྡན།

ཝང་ཅུན་ཀྲེ་ཡིས། ལམ་ཐིག་གསུམ་གྱི་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་སོ་སོར་ཁྱད་ཆོས་ལྡན་ཡོད། ལག་རྩལ་གྱི་ལམ་ཐིག་གང་འདྲ་ཞིག་སྤྱད་ཀྱང་གལ་ཆེ་ཤོས་ནི་འགོག་རྫས་རང་ངོས་ཀྱི་ཁྱད་ཆོས་དང་། ནད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་འོས་ཤིང་འཚམ་པའི་བཟོ་རྩལ་སྤྱད་དེ་བདེ་འཇགས་ནུས་ལྡན་དང་སྤུས་ཚད་ཚོད་འཛིན་ཐུབ་པའི་རིམས་འགོག་སྨན་ཁབ་ཞིབ་བཟོ་བྱ་རྒྱུ་དེ་ནི་རིམས་འགོག་སྨན་ཁབ་གྲུབ་འབྲས་ལ་ཐོབ་པའི་འགག་རྩའི་ཚད་གཞི་ཞིག་རེད་ཅེས་བསྟན་གནང་བ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་ཚོད་འཛིན་ཅུད་ཀྱི་རིམ་པ་དང་པོའི་སྐོར་གཟིགས་པ་ཧོ་ཆིང་ཧྭ་ཡིས། མིག་སྔར་རྒྱལ་ནང་དུ་གསར་དུ་བཀྲམ་པའི་ནད་དུག་རིམས་འགོག་སྨན་ཁབ་ཚང་མ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་པ་ཞིག་ཡིན་པ་དང་། དེའི་བདེ་འཇགས་རང་བཞིན་དང་། ནུས་ལྡན་རང་བཞིན་ཚང་མ་གྲངས་གཞི་ངེས་ཅན་ཞིག་གིས་འདེགས་སྐྱོར་བྱས་ཡོད་པས་བློ་བདེའི་ངང་སྨན་ཁབ་རྒྱག་ཆོག་གི་ཡོད་ཅེས་གསུངས་པ་རེད།

3

ཁབ་གཅིག་དང་ཁབ་གཉིས་ཇི་ལྟར་འདེམ་དགོས།

ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧྲའོ་དབྱི་མིང་གིས་ངོ་སྤྲོད་གནང་བར་གཞིགས་ན། གནས་སྐབས་སམ་ཡང་ན་ཛ་དྲག་གི་ལས་འགན་སྒྲུབ་སྐབས་རིམས་ནད་ཐོན་ཁུལ་དུ་སྐྱོད་དགོས་ཀྱང་། སྒུག་ཁོམ་མེད་པའི་མི་ཚོགས་ལ་གཤེར་རྨེན་ནད་དུག་གི་འགོག་ཁབ་གཅིག་ཅན་རྒྱག་རྒྱུ་དེ་བས་འཚམ་པོ་ཡོད།

རིམས་འགོག་སྨན་ཁབ་གཅིག་ཅན་ལ་ཡང་མི་འདང་བའི་ཆ་ཡོད། ཧྲའོ་དབྱི་མིང་གིས། སྨན་ཁབ་གཅིག་ཅན་གྱི་རྨེན་བུའི་ནད་དུག་གི་འདྲེན་དངོས་རིམས་འགོག་སྨན་ཁབ་ཀྱིས་འཇམ་ཁྲིད་བྱས་པའི་རིམས་ཐར་འགྱུར་འབྱུང་གི་ཚད་དེ་སྤྱིར་བཏང་དུ་སྨན་ཁབ་གཉིས་ཀྱི་རིམས་འགོག་སྨན་ཁབ་ལས་ཞན་པ་ཡོད། སྔ་དུས་སུ་ཁྱབ་པའི་ནད་དུག་སྔོན་འགོག་བྱེད་སྐབས་གནད་དོན་མེད། རྗེས་སུ་གློ་བུར་དུ་བྱུང་བའི་ནད་དུག་ལ་བརྗེ་དུས་སྲུང་སྐྱོབ་ཀྱི་ལས་ཕྱོད་ཕལ་ཆེར་ཇེ་དམར་འགྲོ་སྲིད། དེར་བརྟེན། རིམས་འགོག་སྨན་ཁབ་འདེམ་པའི་སྐབས་སུ་སྲུང་སྐྱོབ་བྱེད་དགོས་པའི་མི་ཚོགས་ཀྱི་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ནས། ས་གནས་དེའི་ནད་དུག་ཁྱབ་པའི་ཆེས་གསར་པའི་ལྟ་ཞིབ་ཚད་ལེན་གཞི་གྲངས་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་བསྡུས་ཀྱིས་བརྡར་ཤ་གཅོད་པ་དང་། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་དགོས་ཞེས་གསལ་འདེབས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། འབྲུག་འཚོ་སྐྱིད།

中央广播电视总台 央广网 版权所有

ཏོག་གསར་རིམས་འགོག་སྨན་ཁབ་ཇི་ལྟར་རྒྱག་དགོས་པའི་ཐད་་་་་་

མིག་སྔར། རང་རྒྱལ་དུ་གསར་དུ་བདམས་པའི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་5སྤྱོད་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་རེད། རིམས་འགོག་སྨན་ཁབ་རིགས་5པོ་འདི་དག་ལ་ཁྱད་པར་ཅི་ཞིག་ཡོད། རིགས་གང་རྒྱག་ན་དེ་བས་ཡག་པོ་ཡོད། གསར་འགོད་པས་དེའི་ཐད་འབྲེལ་ཡོད་རིགས་གཅིག་མཁས་པར་བཅར་འདྲི་ཞུས་པ་ཡིན།