ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶རྒྱ་གར་དུ་ཉིན་གཅིག་རིང་ནད་པ་འབུམ་1ཐོན་ཞིང་ཟིན་ཐོ་བརྒལ་བ།

2021-04-07 15:27:00     责编:娜科

 

 

 

    རྒྱ་གར་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་4ཚེས་5ཉིན་གྱི་ཆུ་ཚོད་8པའི(པེ་ཅིང་གི་དུས་ཚོད་ཆུ་ཚོད་10དང་སྐར་མ་30བར)བར་གྱི་འདས་ཟིན་པའི་ཆུ་ཚོད་24ཡི་ནང་། རྒྱ་གར་དུ་ཏོག་གསར་གློ་ཚད་ཀྱི་ནད་པ་103558གསར་དུ་ཐོན་པ་དང་། ཁྱོན་སྡོམ་ནད་པ12589067ཟིན་ཡོད་ལ། ཚེ་ལས་འདས་པའི་ནད་པ་478གསར་དུ་ཐོན་པ་དང་། ཁྱོན་སྡོམ་ནད་པ་165101ཚེ་ལས་འདས་ཡོད། སྨན་ཁང་ནས་དྲག་སྐྱེད་བྱུང་བའི་ནད་པ་ཁྱོན་སྡོམ་1168136ཟིན་པ་དང་། ད་ཡོད་ནད་པ་741830ཡོད་པ་རེད། 

    རྒྱ་གར་འཕྲོད་བསྟེན་པུའི་གྲངས་གཞི་ལས་མངོན་པར། སྤྱི་ཟླ་4ཚེས་5ཉིན་གྱི་ཉིན་གཅིག་རིང་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་འབུམ་1ལས་ཐེངས་དང་པོར་བརྒལ་བ་དང་།  རྒྱ་གར་དུ་རིམས་ནད་ཐོན་པ་ནས་བཟུང་ཉིན་གཅིག་རིང་ནད་པ་ཐོན་མང་ཤོས་ཀྱི་ཉིན་དེར་གྱུར་ཞིང་ཟིན་ཐོ་བཏོད་ཡོད་པ་རེད། མིག་སྔར། མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེ་དང་ཕང་ཀྲེ་ཕུའུ་མངའ་སྡེ། ཁ་ན་ཐ་ཁེ་མངའ་སྡེ། ཆེ་ཏི་སི་ཀེར་མངའ་སྡེ། དེ་བཞིན་རྒྱལ་ས་རྡི་ལི་གསར་པ་བཅས་ཚུད་པའི་ས་ཁུལ་མང་པོར་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པའི་གྲངས་འབོར་མགྱོགས་མྱུར་འཕར་བཞིན་ཡོད་པ་དང་། དེའི་ནང་རིམས་ནད་ཚབས་ཆེ་ཤོས་ཡིན་པའི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེར་འདས་ཟིན་པའི་ཆུ་ཚོད་24ཡི་ནང་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་57074མང་དུ་ཕྱིན་པ་དང་། ཁྱོན་སྡོམ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་ས་ཡ་3དང་ཁྲི་1ལས་བརྒལ་ཡོད།

    མིག་སྔའི་རིམས་ནད་བསྐྱར་ཐོན་གྱི་རྣམ་པར་བཀག་འགོག་བྱ་ཆེད། རྒྱ་གར་གྱི་ས་ཆ་མང་པོས་བསྐྱར་དུ་བཀག་སྡོམ་བྱ་ཐབས་ནན་པོ་འཛིན་མགོ་ཚུགས་ཡོད་པ་དང་། དེ་དང་ཆབས་ཅིག་རྒྱལ་ཡོངས་ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་སྲིད་ཇུས་ཡོངས་ཁྱབ་ངང་དམ་དུ་བཏང་ཞིང་། རྒྱ་གར་སྲིད་གཞུང་གིས་ནད་དུག་ཞིབ་དཔྱད་ཚད་ལེན་དང་རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད།

    རྒྱ་གར་གསོ་རིག་ཞིབ་འཇུག་ལས་འཛིན་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། སྤྱི་ཟླ་4ཚེས་4ཉིན་བར། རྒྱ་གར་རྒྱལ་ཡོངས་སུ་ཁྱོན་སྡོམ་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་ཚད་དུང་ཕྱུར་2.49ལས་བརྒལ་བ་དང་། སྤྱི་ཚེས་4ཉིན་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་ཚད་འབུམ་8དང་ཁྲི་9ལྷག་ཙམ་ཟིན་ཡོད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན་དབང་ཕྱུག

ཡིག་སྒྱུར། རིག་འཛིན་སྐྱིད།

中央广播电视总台 央广网 版权所有

▶རྒྱ་གར་དུ་ཉིན་གཅིག་རིང་ནད་པ་འབུམ་1ཐོན་ཞིང་ཟིན་ཐོ་བརྒལ་བ།

རྒྱ་གར་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་4ཚེས་5ཉིན་གྱི་ཆུ་ཚོད་8པའི