ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སློབ་གྲྭས་བརྙས་བཅོས་བྱ་སྤྱོད་སྦ་གསང་བྱ་མི་ཆོག་པའི་གཏན་འབེབས་་་

2021-04-07 15:26:00     责编:娜科

 

སློབ་གྲྭས་བརྙས་བཅོས་བྱ་སྤྱོད་སྦ་གསང་བྱ་མི་ཆོག་པའི་གཏན་འབེབས་འདོན་འཆར་འདུག

 

    ཉེ་ཆར། སློབ་གསོ་པུས་སྤྱི་བསྒྲགས་སྤེལ་ཏེ《ན་སོ་དར་ལ་མ་བབས་པའི་མི་སློབ་གྲྭས་སྲུང་སྐྱོང་བྱེད་པའི་གཏན་འབེབས(བསམ་འཆར་བསྡུ་ལེན་གྱི་མ་ཟིན)》སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་ནས་བསམ་འཆར་བསྡུ་ལེན་བྱེད་བཞིན་ཡོད། 

    ཏང་ཀྲུང་དབྱང་གི་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་གི་བཅའ་ཁྲིམས》དོན་འཁྱོལ་བྱེད་པ། ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཆེད། སློབ་གསོ་པུའུ་ཡིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་《ན་སོ་དར་ལ་མ་བབས་པའི་མི་སློབ་གྲྭས་སྲུང་སྐྱོང་བྱེད་པའི་གཏན་འབེབས》ལེགས་འགྲུབ་བྱུང་བ་དང་། ད་ལྟ་བསམ་འཆར་བསྡུ་ལེན་ཆེད་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་ཡོད། 

   《ན་སོ་དར་ལ་མ་བབས་པའི་མི་སློབ་གྲྭས་སྲུང་སྐྱོང་བྱེད་པའི་གཏན་འབེབས》ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ནང་དུ་འདི་ལྟར་གཏན་འབེབས་བྱས་ཡོད།①སློབ་གྲྭས་བརྙས་བཅོས་ཀྱི་བྱ་སྤྱོད་གང་ལའང་བཟོད་སྒོམ་བྱེད་མི་རུང་པའི་ལམ་སྲོལ་འཛུགས་དགོས་པ་དང་། ②དགེ་རྒན་དང་ལས་བཟོ་པས་སློབ་མར་ཉེས་རྡུང་གཏོང་བ་དང་། དམའ་འབེབས་གཏོང་བ། བརྙས་བཅོས་རང་བཞིན་གྱི་མཚངས་མིང་འདོགས་པ། མི་གཞན་པའི་གསང་དོན་སྒྲོག་སྤེལ་སོགས་བརྙས་བཅོས་ཀྱི་བྱ་སྤྱོད་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་བཀག་འགོག་བྱེད་དགོས། ③དགེ་རྒན་གྱིས་ཉམས་ཞན་ནམ་དམིགས་བསལ་གྱི་གནས་སུ་ལུས་ཡོད་པའི་སློབ་མར་དོ་སྣང་བྱས་ཏེ། སློབ་མ་ཁེར་རྐྱང་དང་ཕྱིར་འབུད་བྱས་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐེ་གཏོགས་བྱེད་དགོས། ④སློབ་གྲྭར་བརྙས་བཅོས་སྐོར་གྱི་ཐེར་འདོན་གོང་ཞུ་འབྱོར་ཚེ་འཕྲལ་མར་བརྟག་དཔྱད་བྱེད་དགོས། ⑤བདེ་འཇགས་དོ་དམ་དང་འགལ་བའམ་ཡང་ན་བྱས་ཉེས་བསགས་པའི་དོགས་གཞི་ཡོད་པ་སོགས་བརྙས་བཅོས་ཀྱི་བྱ་སྤྱོད་ཚབས་ཆེན་བྱུང་བ་སློབ་གྲྭས་སྦ་གསང་བྱ་མི་ཆོག

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན་དབང་ཕྱུག

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

སློབ་གྲྭས་བརྙས་བཅོས་བྱ་སྤྱོད་སྦ་གསང་བྱ་མི་ཆོག་པའི་གཏན་འབེབས་་་

ཏང་ཀྲུང་དབྱང་གི་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་