ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོའི་ཡོང་འབབ་མཐོ་བའི་གྲོང་ཁྱེར་གང་དག་ཡིན་ནམ།

2021-04-07 15:26:00     责编:娜科

     སྤྱི་ལོ་2020ལོར། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་རྒུད་ཀྱི་རྒྱབ་ལྗོངས་འོག གྲོང་ཁྱེར་མགྱོགས་མྱུར་ངང་སླར་གསོ་བྱུང་བ་དེ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གཞི་གྲངས21གི་གསར་འགྱུར་ཚོད་ལྟ་ཁང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར337(ཁུལ་དང་། ས་ཁུལ། མེང་བཅས་ཚུད་ཅིང་། ཤང་ཀང་དང་ཨའོ་མོན།ཐའེ་ཝན་བཅས་ཚུད་མེད། གཤམ་ནས་འདི་དག་ཚང་མར་གྲོང་ཁྱེར་ཅེས་སུ་འབོད་རྒྱུ་ཡིན།)གྱི་དཔལ་འབྱོར་གཞི་གྲངས་ཕྱོགས་བསྡུས་ལེགས་སྒྲིག་བྱས་པ་མ་ཟད་“2020ལོའི་གྲོང་ཁྱེར་གྱི་GDPརྩེ་གྲ་བརྒྱའི་མིང་ཐོ”ཁྱབ་བསྒྲགས་བྱས་ཡོད། 

 

 

    བསྡོམས་རྩིས་བརྒྱབ་པ་ལྟར་ན།  GDP དུང་ཕྱུར་ཁྲིར་སླེབས་པའི་གྲོང་ཁྱེར་23བར་ཇེ་མང་དུ་ཕྱིན་ཡོད་པ་དང་། སུའུ་ཀྲོའུ་གྲོང་ཁྱེར་དུང་ཕྱུར་ཁྲི་2ལས་བརྒལ་བའི་གྲོང་ཁྱེར་ཨང6པར་གྱུར་ཡོད་ལ། ཏུང་ཀོན་གྲོང་ཁྱེར་ཡང་དུང་ཕྱུར་ཁྲི་བརྒལ་བའི་རོལ་རྩེད་ཁང་གི་རྗེས་སུ་ཆོད་ལ་ཉེ་ཞིང་།་ཏུང་ཀོན་གྲོང་ཁྱེར་གྱི་རྗེས་སུ་སྙེག་བཞིན་པའི་གྲོང་ཁྱེར་ནི་ཧྲན་ཏུང་ཡན་ཐའེ་དང་ཅང་སུའུ་ཁྲང་ཀྲུའུ་གཉིས་ཡིན་ཏེ། ན་ནིང་གི་GDPསྒོར་དུང་ཕྱུར་7800ལྷག་ཟིན་ཡོད། 

 

     TOP10ཡི་གྲོང་ཁྱེར་ཁྲོད། ནན་ཅིན་ཐེན་ཅིན་ལས་བརྒལ་ཞིང་ཐེངས་དང་པོར་སྔོན་གྱི་ཨང་རིམ་བཅུའི་གྲས་སུ་ཚུད་པ་དང་། ཧང་ཀྲོའུ་ཝུའུ་ཧན་ལས་བརྒལ་ཞིང་ཨང་རིམ་གཅིག་སྔོན་གྲས་སུ་ཚུད་ཡོད། GDPརྩེ་གྲ་བརྒྱའི་མིང་ཐོ་ལ་འགྱུར་ལྡོག་ཆེན་པོ་མེད་དེ། ཡུན་ནན་ཆུས་ཅིང་དང་། ཧྥུའུ་ཅན་ལུང་ཡན། སི་ཁྲོན་དབྱི་པིན་བཅས་གསུམ་ནི་གསར་དུ་བསྣན་པའི་གྲོང་ཁྱེར་གསུམ་ཡིན་ཞིང་། དེའི་ཁྲོད་ཆུས་ཅིང་གྲོང་ཁྱེར་ནི་རྩེ་གྲ་བརྒྱའི་ཁྲོད་GDPའཕར་ཚད་ཨང་དང་པོར་སླེབས་ནས་6.6%ཟིན་པ་དང་། འཕར་སྣོན་བྱུང་ཚད་ཀྱི་ཨང་རིམ་ཀྱང་ཆེས་མང་ཞིང་ཨང་རིམ་12གོང་དུ་འཕར་ཡོད། 

  

    GDPརྩེ་གྲ་བརྒྱའི་གྲས་ནས་ཕྱིར་བུད་པའི་གྲོང་ཁྱེར་ནི་ཧོ་ནན་ཅའོ་ཙའོ་དང་ནང་སོག་གི་ཧུའུ་ཧོ་ཧའོ་ཐེ། པའོ་ཐོའུ་བཅས་རེད། ཅའོ་ཙོའོ་ཡི་GDPདུས་མཚུངས་ལས་20.6%མར་ཆག་པ་དང་སྤྱི་ལོ་2019ལོའི་96ནས་སྤྱི་ལོ་2020ལོའི་135བར་མར་ཆག་ནས་གློ་བུར་དུ་ཨང་རིམ་39མར་ཆག་པ་རེད། 

  

     ས་ཁོངས་དཔལ་འབྱོར་ནི་མེ་ཏོག་མཉམ་བཞད་ཀྱི་ཚུལ་གྱིས་དུས་མཉམ་དུ་འཕེལ་རྒྱས་བྱུང་བཞིན་ཡོད་པ་དང་ GDP སྒོར་དུང་ཕྱུར་ཁྲི་ཟིན་པའི་གྲོང་ཁྱེར་23ཁྲོད་འབྲི་ཆུ་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་8འདུས་ཅིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར9་ནང་ནས་ཕུལ་བྱུང་གྲོང་ཁྱེར་8རྩེ་གྲ་བརྒྱའི་མིང་ཐོའི་ནང་ཚུད་ཡོད། 

 

    དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་སླར་གསོ་བྱུང་ཚད་མངོན་གསལ་དོད་ཅིང་མཚོ་རྒྱུད་ས་ཁུལ་ལ་ཕྱི་འབྲེལ་ཚོང་དོན་གྱི་ཤུགས་རྐྱེན་ཆེ་བས་སྤྱི་ལོ་2019ལོ་དང་བསྡུར་ན་ཀུའེ་ཀྲོའུ་དང་ཡུན་ནན་དུ་ཨང་རིམ་མར་ཆག་པའི་གྲོང་ཁྱེར་མེད་པ་དང་ཧུའུ་ནན་དུ་ཀྲང་ཅ་ཅེ་གཅིག་པུ་ལས་མེད།

  

    ཡུས་ཅིའུ་ཁྲེང་ཅན་གྱི་གྲོང་ཁྱེར་འཕར་ཚད་དྲང་ཕྱོགས་ཡིན་ཞིང་ཀྲེ་ཅང་ཀྲོའུ་ཧྲན་རྒྱལ་ཡོངས་ཀྱི་སྔོན་དུ་ཚུད་ཡོད་དེ་སྤྱི་ལོ་2020ལོར་GDPའཕར་ཚད་12.0%ཟིན་ཡོད་པ་དང་།སྤྱི་ལོ་2019ལོའི་འཕར་ཚད་རྒྱུན་སྲུང་བྱས་ཡོད་ལ།དཔལ་འབྱོར་འཕར་སྣོན་མགྱོགས་པའི་རྩེ་གྲ་20ཁྲོད་ཀྱི་ཕྱེད་ཀ་ཡས་མས་ཤིག་ཀོང་ཤིས་དང་ཡུན་ནན་གྱི་གྲོང་

ཁྱེར་རེད། 

 

    ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་ཁྲོད་དུ། གྲོང་ཁྱེར་ཚོགས་པའི་འཕེལ་རྒྱས་དང་གྲོང་ཁྱེར་ཚོགས་པའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་རང་བཞིན་གྱི་འཐབ་ཇུས་རྣམ་པ་ཁྱོན་ཡོངས་ནས་ཆགས་པ་དང་། དེའི་ཁྲོད་པེ་ཅིང་དང་ཐེན་ཅིང་། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ། ཁྲེང་ཏུའུ་དང་ཁྲུང་ཆིང་། འབྲི་ཆུའི་བར་རྒྱུད་སོགས་གྲོང་ཁྱེར་དག་ལེགས་སྒྱུར་མཐོར་འདེགས་སུ་གཏོང་བ་དང་། ཧྲན་ཏུང་ཕྱེད་གླིང་དང་། ཀོང་ཏུང་། ཧྥུ་ཅན། ཀྲེ་ཅང་བཅས་མཚོ་ངོགས་རྒྱུད་ཀྱི་གྲོང་ཁྱེར། ཀྲུང་ཡོན། ཀོན་ཀྲུང་གཞུང་། བྱང་རྒྱུད་མཚོ་ཁུག་སོགས་གྲོང་ཁྱེར་དག་དར་རྒྱས་གོང་སྤེལ་གཏོང་པ། ཧ་ཨེར་པིན་དང་ཁྲང་ཧྲ། ལིའོ་ཉིང་གི་དབུས་རྒྱུད་དང་ལྷོ་རྒྱུད། ཧྲན་ཞིའི་དབུས་རྒྱུད། ཀུའེ་ཀྲོའུ་དབུས་རྒྱུད། ཡུན་ནན་གྱི་དབུས་རྒྱུད། ཧུའུ་པའོ་ཨོ་ཡུས་ཀྱི་བྱང་ཁུལ། ལན་ཀྲོའུ་ནས་ཟི་ལིང་། ཉིང་ཞའི་རྨ་ཆུའི་འགྲམ་རྒྱུད། ཐེན་ཧྲན་རི་བོའི་བྱང་རྒྱུད་སོགས་ཀྱི་གྲོང་ཁྱེར་དག་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས་པ་བཅས་ཀྱི་སྐོར་བཏོན་ཡོད།

   སྤྱི་ལོ་2020ལོའི་ཀྲུང་གོའི་གྲོང་ཁྱེར་གྱི་GDPརྩེ་གྲ་བརྒྱའི་མིང་ཐོ་གཤམ་གསལ་ལྟར་རོ།། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན་དབང་ཕྱུག

ཡིག་སྒྱུར།  སྙན་དབྱངས།

中央广播电视总台 央广网 版权所有

ཀྲུང་གོའི་ཡོང་འབབ་མཐོ་བའི་གྲོང་ཁྱེར་གང་དག་ཡིན་ནམ།

ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་ཁྲོད་དུ། གྲོང་ཁྱེར་ཚོགས་པའི་འཕེལ་རྒྱས་དང་གྲོང་ཁྱེར་ཚོགས་པའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ