ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཡུན་ནན་རེའུ་ལི་ཡི་ས་ཁུལ་གསུམ་ཉེན་ཁ་ཆེ་བའི་གནས་སུ་གྱུར།

2021-04-07 15:24:00     责编:娜科

 

    སྤྱི་ཟླ་4པའི་ཚེས་5ཉིན། ཡུན་ནན་ཞིང་ཆེན་རེའུ་ལི་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུའུ་ཡིས་སྤྱི་བསྒྲགས་སྤེལ་དོན། རེའུ་ལི་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་མཁས་ཚོ་ཆུང་གིས་དཔྱད་དཔོག་བྱས་པ་བརྒྱུད། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ལྟར། 2021ལོའི་ཟླ་4པའི་ཚེས་5ཉིན་གྱི་ཆུ་ཚོད་19ནས་བཟུང་། རེའུ་ལི་གྲོང་ཁྱེར་གྱི་ཉེན་ཁ་ཡོད་པའི་ས་ཁུལ་གཤམ་གསལ་ལྟར་ལེགས་སྒྲིག་བྱས་ཡོད་དེ།

 

    ཉེན་ཁ་ཆེ་བའི་ས་ཁུལ་གསུམ་ནི། ཅེ་ཀའོ་གོ་མུན་སྡེ་ཁུལ། ཐོན་ཅེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཅིན་ཁན། ནོན་ཧན་ཁུལ།༼རེའུ་ལི་ལམ་ཆེན་ལྷོ་ཕྱོགས།༽ ཞན་ཁེ་སྲང་ལམ་དང་ཀོང་མིན་སྲང་ལམ་གྲོང་མིའི་ཚོ་ཆུང་བཅས་ཡིན།

 

    ཉེན་ཁ་འབྲིང་བའི་ས་ཁུལ་དྲུག་ནི། ཞིན་ཧྲིན་ཧྲི་ཏེ་ཅ་ཡོན་སྡེ་ཁུལ། རེའུ་ཅིན་ལམ་སོ་ཕག་དམར་པོའི་བཟོ་གྲྭ  ཞིན་ཧེ་ལན་ཝན་སྡེ་ཁུལ།  ཧྲོང་མའོ་གྲོང་མིའི་ཚོ་ཆུང་།  ཞ་ནོན་ཨན་གྲོང་མིའི་ཚོ་ཆུང་། ཀྲུའུ་པའོ་སྲང་ལམ་ཟས་རིགས་བཟོ་གྲྭ་རྙིང་པའི་ཁྱིམ་མིའི་སྡོད་ཁུལ་བཅས་ཡིན།   ས་ཁུལ་གཞན་པ་ནི་ཉེན་ཁ་ཆུང་བའི་ས་ཁུལ་ཡིན། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག  ཟླ་བ་གཡུ་སྒྲོན།

ཡིག་སྒྱུར། རིན་ཆེན་མཚོ།

中央广播电视总台 央广网 版权所有

ཡུན་ནན་རེའུ་ལི་ཡི་ས་ཁུལ་གསུམ་ཉེན་ཁ་ཆེ་བའི་གནས་སུ་གྱུར།

སྤྱི་ཟླ་4པའི་ཚེས་5ཉིན། ཡུན་ནན་ཞིང་ཆེན་རེའུ་ལི་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུའུ་ཡིས་སྤྱི་བསྒྲགས་སྤེལ་དོན།