ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཕྲུ་གུ་བརླག་རྗེས་ཨ་མ་དེས་འཕྲལ་དུ་ཉེན་རྟོག་པར་ཞུས་མི་འདུག

2021-02-25 11:10:00     责编:桑吉卓玛

ཉེ་ཆར། ཨན་ཧུའེ་པོའོ་ཀྲོའུ་རུ། 

བུ་ཆུང་ཆུང་ཞིག་བརླག་པའི་རྗེས།  

ཉེན་རྟོག་པར་རྙེད་ནས་བུ་དེའི་ཨ་མའི་སར་བསྐྱལ་ཡོད།  

ཉེན་རྟོག་པར་ཉེན་བརྡ་མི་སྐྱེལ་བའི་རྒྱུ་མཚན་གང་ཡིན་ནམ་ཞེས་འདྲི་སྐབས། 

ཨ་མ་དེས་མི་རྣམས་སྐྲག་སྣང་སྐྱེ་བའི་ལན་ཞིག་བཏབ་ཡོད། 

↓↓↓

 

ཕྲུ་གུ་བརླག་ནས་ཆུ་ཚོད་24མ་ཟིན་ཚེ་ཉེན་རྟོག་པར་ཞུ་མི་ཆོག་པ་མ་རེད་དམ་ཞེས་བཤད། 

ཉེན་རྟོག་པས། བསམ་ཚུལ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་བཤད། 

 

སྤྱི་ཟླ་2པའི་ཚེས་19ཉིན།

ཨན་ཧུའེ་པོའོ་ཀྲོའུ་ཡི་མངག་གཏོང་ཁང་ཞིག་ལ། 

བུ་ཆུང་ཆུང་ཞིག་རྙེད་པའི་བརྡ་འབྱོར་ཡོད། 

ཉེན་རྟོག་པས་བུ་དེ་མངག་གཏོང་ཁང་ནང་ཁྲིད་ནས་ངང་རྒྱུད་རིང་པོས་སེམས་གསོ་བཏང་རྗེས།

བུ་དེས་སྟོན་པའི་ཁ་ཕྱོགས་གཞིར་བཟུང་།  

བུའི་ཨ་མ་རྙེད་ཡོད། 

རང་གི་བུ་མཐོང་མ་ཐག་ཨ་མ་དེ་མིག་ཆུ་དབང་མེད་ཤོར་ཡོད། 

 

ཉེན་རྟོག་པར་མི་ཞུ་བའི་རྒྱུ་མཚན་གང་ཡིན་པའི་སྐོར་འདྲི་སྐབས། 

ཕྲུ་གུའི་ཨ་མས།  

ཆུ་ཚོད་24མ་སོང་ཚེ་ཉེན་རྟོག་པར་ཞུ་མི་ཆོག་པའི་སྐོར་ཐོས་མྱོང་ཡོད་ཅེས་བཤད། 

དེ་འཕྲལ་ཉེན་རྟོག་པས་ཁོང་ལ།  

ཆུ་ཚོད་24སྒུག་དགོས་དོན་མེད། 

 ཕྲུ་གུ་བརླག་པ་ཤེས་འཕྲལ་དེ་མུར་ཉེན་བརྡ་སྐྱེལ་དགོས་ཞེས་བཤད།  

 

སྤྱི་ལོ་2010ལོར། སྤྱི་བདེ་པུའུ་སོགས་སྡེ་ཁག་བཞིས་མཉམ་འབྲེལ་ཐོག 

༼བུད་མེད་དང་བྱིས་པ་བསླུས་འཚོང་གི་བྱས་ཉེས་བསགས་པར་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུའི་སྐོར་གྱི་བསམ་འཆར༽ཞེས་པ་ཡོངས་བསྒྲགས་བྱས་ཡོད།

དེའི་ནང་། 

ཕྲུ་གུ་བརླག་པའི་ཉེན་བརྡ་འབྱོར་བ་དང་།  

ཡང་ན་ལོ་14ནས་ལོ་18བར་གྱི་བུད་མེད་གར་སོང་ཆ་མེད་དུ་གྱུར་བའི་གྱོད་དོན་སྙན་སེང་ཞུ་སྐབས། 

སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་ཉེས་དོན་གྱོད་གཞིའི་ངོས་ནས་གྱོད་དོན་ཐོ་འགོད་བྱེད་དགོས་པ་དང་། 

ལམ་སེང་མྱུལ་ཞིབ་ལས་དོན་སྤེལ་དགོས་པའི་གཏན་འབེབས་བྱས་ཡོད། 

དྲ་གྲོགས་ཤིག་གིས། 

ངས་ཀྱང་ཆུ་ཚོད་24སོང་རྗེས་མ་གཏོགས་ཉེན་རྟོག་པར་ཞུ་མི་ཆོག་པའི་ནོར་འཁྲུལ་གྱི་ངོས་འཛིན་བྱས་མྱོང་ཞེས་བཤད།  

 

ཡང་དྲ་གྲོགས་ཤིག་གིས།

 གལ་ཏེ་ཆུ་ཚོད་24བར་སྒུག་བསྡད་ཚེ།  

མི་འཚོལ་བའི་དུས་ཚོད་ཡག་ཤོས་དེ་ཤོར་སྲིད་ཅེས་དྲན་སྐུལ་བྱས་ཡོད།

གལ་ཏེ་གཟབ་གཟབ་མ་བྱས་པར་ཕྲུ་གུ་བརླག་ཚེ།

གཤམ་གསལ་ལྟར་བྱེད་དགོས་པ་གལ་ཆེ།

ཕྲུ་གུ་བརླག་པའི་གནས་ཚུལ་འཕྲད་སྐབས།  

ཞིབ་ཕྲའི་བྱ་ཐབས་གང་དག་བཟུང་དགོས་སམ་ཞེ་ན།

↓↓↓

       འཕྲལ་མར་ཉེན་རྟོག་པར་ཉེན་བརྡ་སྐྱེལ་དགོས། ཕྲུ་གུ་བརླག་རྗེས་ཆུ་ཚོད་24སྒུག་མི་དགོས་པར། ལམ་སེང་110ལ་ཁ་པར་བརྒྱབ་ནས་ཕྲུ་གུའི་ལོ་དང་། སྐྱེས་གཟུགས། གྱོན་གོས་སོགས་གསལ་པོར་བཤད་དགོས་པ་མ་ཟད། ཕྲུ་གུའི་ཉེ་དུས་ཀྱི་འདྲ་པར་གསལ་པོ་ཞིག་ཁྱེར་ནས་ཉེ་འགྲམ་གྱི་མངག་གཏོང་ཁང་ངམ་ཉེས་དོན་ཉེན་རྟོག་རུ་ཁག་ཏུ་བསྐྱོད་ནས་སྤྱི་བདེ་པུའི་ཕྲུ་གུ་བརླག་པའི་ཆ་འཕྲིན་ཛ་དྲག་ཡོངས་བསྒྲགས་སྟེགས་བུ་“ལྷན་འཛོམས་མ་ལག”ཅེས་པའི་ཐོག་ཡོངས་བསྒྲགས་བྱེད་དགོས།

       རྒྱང་སྒྲོག་བྱེད་དགོས། གལ་ཏེ་དོན་རྐྱེན་ཐོན་སར་རྒྱང་སྒྲོག་ཡོད་ཚེ། རྒྱང་སྒྲོག་བྱས་ནས་མི་འཚོལ་ཆོག རྒྱང་སྒྲོག་བྱེད་སྐབས། ངེས་པར་དུ་ཕྲུ་གུའི་ཁྱད་རྟགས་གསལ་པོར་བཤད་དགོས་པ་མ་ཟད་ཕ་མའི་འབྲེལ་གཏུག་ཁ་པར་ཨང་གྲངས་ཀྱང་མཁོ་འདོན་བྱ་དགོས། 

       གཉེན་ཉེ་སྐུལ་སློང་བྱས་ཏེ་ཉེ་འཁོར་དུ་འཚོལ་དགོས། གཉེན་ཉེ་སྐུལ་སློང་བྱས་ནས་སླེབས་ཐུབ་པའི་ཁྱབ་ཁོངས་ནང་གི་ས་ཁོངས་གསུམ་དུ་འཚོལ་དགོས་པ་སྟེ། གཅིག་ནི་དོན་རྐྱེན་ཐོན་སའི་སྤྱི་ལེ་2ནང་ཚུན་གྱི་ས་ཁོངས་དང་། གཉིས་ནི་ཡུལ་དེ་གའི་མེ་འཁོར་འབབ་ཚུགས་དང་རླངས་འཁོར་འབབ་ཚུགས། གསུམ་ནི་རང་གི་སྡོད་གནས་ཀྱི་སྤྱི་ལེ་2ནང་ཚུན་གྱི་ས་ཁོངས་བཅས་ཡིན།

       ཁྱིམ་དུ་སྒུག་བསྡད་དགོས། ཁྱིམ་བདག་གམ་ཡང་ན་གཉེན་ཉེའི་ཁྲོད་ཀྱི་མི་གཅིག་ཁྱིམ་དུ་བསྡད་དེ་ཕྲུ་གུ་རང་ཉིད་ནས་ཁྱིམ་དུ་ལོག་རྒྱུར་སྒུག་དགོས།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཕྲུ་གུ་བརླག་རྗེས་ཨ་མ་དེས་འཕྲལ་དུ་ཉེན་རྟོག་པར་ཞུས་མི་འདུག