ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དཔྱིད་དཔལ་བཞད་པའི་བདེ་སྐྱིད་བདེ་ཁུལ།

2021-02-25 11:08:00     责编:桑吉卓玛

དཔྱིད་ཀྱི་ཕོ་ཉའི་དྲོ་སྐྱིད་སྣང་བ་ལས།

གངས་ལྗོངས་ས་གཞིར་དཔྱིད་དཔལ་རབ་ཏུ་བཞད།

གནམ་ལོ་གསར་པ་བསུ་བའི་དུས་བཟང་ལ།

གཞི་རིམ་འགྲིམ་པའི་གཏམ་བཟང་འདི་ན་གྲགས།

       དེ་ཡང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་དཔྱིད་གསར་གཞི་རིམ་དུ་བསྐྱོད་པའི་བཅར་འདྲིའི་བྱེད་སྒོའི་བཅར་འདྲི་ཚོགས་ཆུང་དཔྱིད་ཀྱི་ཕོ་ཉའི་དྲོ་སྐྱིད་དང་འགྲོགས་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་དུ་བསྐྱོད་སྐབས་མ་ལམ་གྱི་གཡས་གཡོན་དུ་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་གང་སར་བཀལ་ཞིང་། ཁྱིམ་དུད་རེ་རེས་རྒྱལ་དར་དགུང་དུ་བསྒྲེངས་པ་དང་། གྲོང་མི་ཚོས་སྒོ་རའི་ནང་ཉི་མ་སྲོ་བཞིན་དུ་གཏམ་གླེང་ལ་རོལ་བཞིན་པའི་དགའ་སྤྲོའི་དགོད་སྒྲ་གསར་འགོད་པའི་རྣ་ལམ་དུ་ག་ལེར་ཐོས་འོང་།

   གཟའ་འཁོར་རེའི་འཆར་ཅན་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོ།

       སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། བདེ་སྐྱིད་སྡེ་ཁུལ་གྱིས་མང་ཚོགས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་གཟའ་འཁོར་རེར་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་སྟོན་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་མང་ཚོགས་ཀྱིས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཏང་གི་བཀའ་དྲིན་ལས་བྱུང་བ་སྔར་བས་རྟོགས་པར་བྱས་ཡོད། གྲོང་བྱང་ཁྲོམ་གཞུང་གི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོགས་འགྲེལ་པ་བུ་ཆུང་གིས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ་ཚུན་ང་ཚོའི་སྡེ་ཁུལ་མང་ཚོགས་ཀྱི་བསམ་སྦྱོར་གཉིས་ཀར་འགྱུར་ལྡོག་ཆེན་པོ་བྱུང་ནས་དྲུག་ལྡན་གྲོང་ཁྱེར་དང་ཤེས་དཔལ་གྱི་གཞིས་རྩེ། མཐུན་སྒྲིལ་གྱི་གཞིས་རྩེ་གཏོད་རྒྱུར་སྔར་དང་འདྲ་བའི་རྣམ་པ་བཟང་པོ་ཞིག་གྲུབ་ཡོད་ཅེས་བརྗོད་ཀྱི་འདུག 

   སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ། 

       གཞན་ཡང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དྲིལ་བསྒྲགས་སློབ་གསོའི་ཤུགས་རྐྱེན་འོག་སྡེ་ཁུལ་གྱི་གྲོང་མིའི་ཏང་གཅེས་རྒྱལ་གཅེས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་སོང་ནས་ཚང་མས་རང་འགུལ་ངང་རྒྱལ་དར་བསྒྲེངས་པ་དང་རང་ཁྱིམ་གྱི་དར་ལྕོག་ཕབ་ནས་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་པ་བྱས་ཡོད། ད་ཆ་བདེ་སྐྱིད་སྡེ་ཁུལ་དུ་དར་ལྕོག་གཅིག་ཀྱང་མཐོང་རྒྱུ་མེད་པར་ཚང་མའི་ཁང་པའི་ཐོག་ཁར་རྒྱལ་དར་བཀལ་བས། ངོ་མཚར་ཆེ་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད། 

བདེ་སྐྱིད་སྡེ་ཁུལ་ཏང་ཀྲེ་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་བཅར་འདྲི་དང་ལེན་གནང་བ།

 

       གཞན་ཡང་མི་རིགས་མཐུན་སྒྲིལ་ནི་སྡེ་ཁུལ་གྱི་མངོན་གསལ་དོད་ཤོས་ཤིག་ཏུ་གྱུར་ཡོད་ཅིང་། སྡེ་ཁུལ་དེར་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་མང་དག་ཅིག་ཡོད་ལ་སྡེ་ཁུལ་གྱིས་དེ་སྔོན་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་ཕན་ཚུན་རོགས་རམ་བྱེད་པའི་འདུ་ཤེས་དར་སྤེལ་བཏང་བས་མི་རིགས་ཁག་ཞི་མཐུན་མཉམ་གནས་བྱུང་ཡོད་པ་རེད།

       བདེ་སྐྱིད་སྡེ་ཁུལ་ཏང་ཀྲེ་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས། ང་ཚོའི་སྡེ་ཁུལ་ལ་མི་རིགས་མཐུན་སྒྲིལ་གྱི་ཐེམ་དུད་23ཡོད་པ་དང་། སྡེ་ཁུལ་གྱིས་ལོ་ལྟར་གྱི་ཟླ་བ་6ཚེས་2ཉིན་གྱི་མི་རིགས་མཐུན་སྒྲིལ་ཉིན་མོར་ཆེད་དོན་བྱེད་སྒོ་མང་དག་ཅིག་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་གི་ཡོད་ལ་ལྷག་པར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ་ཚུན་མི་རིགས་མཐུན་སྒྲིལ་གྱི་ཐེམ་དུད་ཀྱིས་མཚོན་པའི་ང་ཚོའི་སྡེ་ཁུལ་མང་ཚོགས་དབར་གྱི་མཐུན་སྒྲིལ་རོགས་རེས་ཀྱི་སྤྱོད་བཟང་དར་སྤེལ་གྱི་རྣམ་པ་ཡག་པོ་ཡོད་ཅེས་བརྗོད་པ་རེད། 

   ཧུད་རིགས་གྲོང་མི་མྰ་དབྱི་པུའུ་ཡིས་བཅར་འདྲི་དང་ལེན་གནང་བ། 

       སྡེ་ཁུལ་དེའི་ཧུད་རིགས་གྲོང་མི་མྰ་དབྱི་པུའུ་ནི་བདེ་སྐྱིད་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་དུད་ཚང་གི་ཁྱིམ་མི་ཞིག་རེད།  ཁོང་གི་བཟའ་ཟླའི་མིང་ལ་ཆུང་བདག་ཟེར་ཞིང་གཞིས་རྩེ་གྲོང་ཁྱེར་ས་ཁུལ་གསུམ་པ་ནས་ཡིན་པ་དང་། ཁོང་གིས་གཙང་སྐད་བདེ་པོ་ཞིག་གི་ཐོག་ནས་ང་ཚོ་གསར་འགོད་པར། ངའི་མིང་ལ་མྰ་དབྱི་པུའུ་ཟེར་གྱི་ཡོད། ང་རང་ཆང་ས་བརྒྱབ་ནས་ལོ་སུམ་ཅུ་ཙམ་འགྲོ་གི་འདུག རྒྱུན་གཏན་གྱི་འཚོ་བའི་ཁྲོད་རང་ཉིད་ཀྱི་བཟའ་ཟླ་ཆུང་བདག་དང་ཕྲུ་གུའི་སྐོར་ལ་ལབ་གླེང་ཅུང་ཙམ་ཐོན་པ་མ་གཏོགས་གཞན་མི་མཐུན་པའི་ལབ་གླེང་གང་ཡང་མེད་ལ་ས་ཁུལ་ནས་ནང་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག 

        བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན།

       གཞན་ཡང་བདེ་སྐྱིད་སྡེ་ཁུལ་དུ་དྲ་ཐོག་ལྟ་ཀློག་ཁང་དང་། ཕིང་ཕང་སྤོ་ལོ་རྒྱག་ས། རོལ་རྩེད་ཁང་སོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཡུལ་ཡོད་པ་ཕུད། སྡེ་ཁུལ་དུ་ད་དུང་བོད་གསར་རྙིང་བསྡུར་བའི་འགྲེམས་སྟོན་ཁང་ཡང་བཙུགས་པས། སྡེ་ཁུལ་གྱི་གྲོང་མིའི་བཀའ་དྲིན་ཚོར་སེམས་ཆེ་རུ་གཏོང་བ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་བྱ་རྒྱུར་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་རེད། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

རྩོམ་སྒྲིག་འགན་འཁུར་བ། ལྷག་པ། ཚེ་རིང་རྡོ་རྗེ། 

གསར་འགོད་པ། བསྟན་དབང་། སྤེན་རྒྱ། བློ་རྒྱ།

པར་པ། ཚེ་བརྟན་དབང་ཕྱུག

中央广播电视总台 央广网 版权所有

དཔྱིད་དཔལ་བཞད་པའི་བདེ་སྐྱིད་བདེ་ཁུལ།