ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་སུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི.

2021-01-23 16:27:00     责编:桑吉卓玛

བོད་ལྗོངས་སུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི་11.66ཟིན་པ།

ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ།

      ད་ལྟ་འཚོག་བཞིན་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་གི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་སུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི་11.66ཟིན་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་སྤྱི་ལེ་ཁྲི་3.83རིང་དུ་ཕྱིན་པ་དང་། རིམ་མཐོའི་གཞུང་ལམ་གྱི་ལམ་ཚད་2015ལོའི་ལོ་མཇུག་གི་སྤྱི་ལེ་37ནས་སྤྱི་ལེ་688བར་རིང་དུ་ཕྱིན་པ། ཤང་དང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་བཅས་ལ་གཞུང་ལམ་མཐུད་ཚད་ཁག་སོ་སོར་100%དང་99.96%ཟིན་པ། ཤར་གཏོང་ཐུབ་ཚད94.1%དང་74.8%བར་འཕར་བ་བཅས་བྱུང་ཏེ་བཀོད་པ་ལུགས་དང་མཐུན་པའི་ལྗོངས་ཡོངས་ཀྱི་གཞུང་ལམ་དྲ་བ་ཞིག་ཆགས་ནས་བོད་ལ་བསྐྱོད་དཀའ་བ་དང་། བོད་ནས་ཐོན་དཀའ་བ། བོད་ནང་ཁུལ་དུ་འགྲོ་འོང་དཀའ་བའི་རྣམ་པ་ད་ནས་བཟུང་མཐོང་རྒྱུ་མེད་པར་གྱུར་ཡོད།

མཛའ་གྲོགས་གཞུང་ལམ།

       གྲངས་གཞི་ལས་མངོན་པར། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། རིམ་རྩིས་བྱས་ན་བོད་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་2516བཏང་སྟེ་འཆར་གཞི་ལས་མ་དངུལ་སྒོར་དུང་ཕྱུར་128ལྷག་ལེགས་སྒྲུབ་བྱས་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་འཆར་འགོད་དམིགས་ཚད་ཀྱི་105%བཟུང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་བཏང་བའི་སྒོར་དུང་ཕྱུར་680ཡི་ལྡབ་3.7ཟིན་ཡོད། འགྲུལ་སྐྱེལ་ལམ་ཐིག་443ཤར་གཏོང་ཐུབ་ནས་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་མ་ཟད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཅིག་ལ་སྤྱི་སྤྱོད་རླངས་འཁོར་ཡོངས་སུ་ཁྱབ་ནས། རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་བྱེ་བ་བཞི་ལྷག་ཙམ་དང་དངོས་ཟོག་ཏུན་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལྷག་ཟིན་ཡོད།

གཞིས་རྩེ་གྲོང་ཁྱེར་ནས་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ།

       གོམ་སྟབས་རྗེས་མར། བོད་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། 2025ལོར་སླེབས་སྐབས། ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་དང་རིམ་མཐོའི་གཞུང་ལམ་གྱི་ལམ་ཚད་ཁག་སོ་སོར་ཁྱོན་སྤྱི་ལེ་ཁྲི་12དང་སྤྱི་ལེ་1800ཟིན་པ་བྱ་རྒྱུ་ཡིན་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག ལྷག་པ། 

གསར་འགོད་པ། བསྟན་འཛིན། 

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

བོད་ལྗོངས་སུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི.

ད་ལྟ་འཚོག་བཞིན་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ནས་ཤེས་རྟོགས་