ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྨན་དོན་མི་སྣ་131ཐད་ཀར་མཐོ་རིམ་གོ་མིང་ལ་གཏན་འཁེལ་བྱས་པ།

2021-01-23 16:06:00     责编:sangjzm

ཅང་སུའུ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་131ཐད་ཀར་མཐོ་རིམ་གོ་མིང་ལ་གཏན་འཁེལ་བྱས་པ།

ཉེ་ལམ། གསར་འགོད་པར་ཅང་སུའུ་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དེའི་2020ལོའི་ལོ་འཁོར་གྱི་རིམ་པ་མཐོ་བ་དང་ཁ་ཚ་དགོས་གཏུག་གི་ཤེས་ལྡན་མི་སྣའི་མཐོ་རིམ་གོ་མིང་དཔྱད་ཞིབ་གཏན་འཁེལ་བྱེད་རིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣ131ཐད་ཀར་མཐོ་རིམ་གོ་མིང་ལ་གཏན་འཁེལ་བྱས་ཡོད། དེའི་ནང་ཧུའུ་པེར་རིམས་འགོག་བྱེད་པར་སྐྱོད་མཁན་གྱི་སྨན་དོན་མི་སྣ་ཡོད་ལ། ཅང་སུའུ་ཡི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་གོས་དཀར་ལྷ་རྗེ་ཡང་ཡོད་པ་རེད།

ད་ཐེངས་ཚད་ལོན་གཏན་འཁེལ་བྱས་པའི་མི་504ཡི་ནང་། མི་131ནི་ཞིང་ཆེན་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་རེད།

དཔེར་ན། ཀྲུའུ་རེན་སྨན་པ་དཀའ་བཅུ་པར་གཏན་འཁེལ་བྱས་པའི་ནན་ཅིང་གྲོང་ཁྱེར་གྱི་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་ཆི་ཅན་ཝེ་ཡིས། ཧུའུ་པེའི་ཐུང་ཅི་སྨན་ཁང་ཀོང་ཀུའུ་སྨན་ཁང་ལ་རོགས་སྐྱོར་བྱེད་མཁན་ཅང་སུའུ་སྨན་བཅོས་རུ་ཁག་གི་སྐབས་འཕྲལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་། ནན་ཅིང་སྨན་བཅོས་རུ་ཁག་གཉིས་པའི་རུ་དཔོན། ཐུང་ཅི་སྨན་ཁང་ཀོང་ཀུའུ་སྨན་ཁང་གི་E1-5ཉེན་ཚབས་ཆེ་བའི་ནད་ཁུལ་གྱི་འགན་འཁུར་བ་བཅས་ཡིན་པའི་ངོས་ནས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ནན་ཅིང་སྨན་བཅོས་རུ་ཁག་གཉིས་པའི་སྣེ་ཁྲིད་ནས་ཝུའུ་ཧན་གྱི་རིམས་འགོག་འཐབ་ས་དང་པོར་ཉིན་52རྒྱུན་མཐུད་འབད་འཐབ་བྱས་པས“ནད་པ་གཅིག་ཀྱང་མ་འཆི་བ་དང་། སྨན་དོན་མི་སྣ་གཅིག་ལ་ཡང་རིམས་ནད་མི་འགོས་པ། སྨན་བཅོས་བྱེད་སྐབས་ནོར་འཁྲུལ་གཅིག་ཀྱང་མི་ཤོར་བ་བཅས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
ཞུ་དག ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

སྨན་དོན་མི་སྣ་131ཐད་ཀར་མཐོ་རིམ་གོ་མིང་ལ་གཏན་འཁེལ་བྱས་པ།

ཉེ་ལམ། གསར་འགོད་པར་ཅང་སུའུ་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དེའི་2020ལོའི་ལོ་འཁོར་གྱི་རིམ་པ་མཐོ་བ་དང་ཁ་ཚ་དགོས་གཏུག་གི་ཤེས་ལྡན་མི་སྣའི་མཐོ་རིམ་གོ་མིང་དཔྱད་ཞིབ་གཏན་འཁེལ་བྱེད་རིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི