ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་ཁང་གིས་བཀག་སྡོམ་ལ་རྒྱབ......

2021-01-23 09:36:00     责编:sangjzm

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་ཁང་གིས་བཀག་སྡོམ་ལ་རྒྱབ་སྐྱོར་བྱས་འདུག

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལེན་གྱིས་སྤྱི་ཚེས་21ཉིན་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས། ང་ཚོས་ཐའེ་ཝན་གྱི་གནད་དོན་ཐད་སྤྱོད་སྟངས་ཐ་ཤལ་མངོན་པའི་ཨ་རིའི་འབྲེལ་ཡོད་མི་སྣར་བཀག་སྡོམ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དམངས་གཙོ་ཡར་ཐོན་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་སྨྱོ་བ་ལྟར་ཕེང་ཕེའུ་ཨོ་སོགས་ཨ་རིའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་དང་ཁྱི་སྤྱང་ལག་འབྲེལ་བྱས་ནས། "རང་བཙན"གྱི་ངན་ཇུས་བཤམ་རྒྱུའི་འཁྲུག་རྐྱེན་བཟོ་བ་དང་། ཀྲུང་གོར་ངོ་རྒོལ་བྱེད་པའི་མིག་མངས་རྡེའུ་ཞིག་བྱེད་འདོད་དེ། མི་རིགས་ཀྱི་ཁེ་ཕན་ལ་ངོ་ལོག་རྒྱབ་གཏོད་བྱེད་པས། ལོ་རྒྱུས་ཀྱི་འདྲི་གཅོད་དང་ཆད་པ་ལྗིད་མོ་ཕོག་ངེས་ཡིན་ཞེས་བསྟན་ཡོད།
གསར་འགོད་པས་འདས་པའི་ལོ་ཤས་ནང་དམངས་གཙོ་ཡར་ཐོན་ཏང་གི་དབང་འཛིན་ལས་ཁུངས་དང་ཕེང་ཕེའུ་ཨོ་སོགས་བར་ངན་འབྲེལ་བྱས་ནས། ཐའེ་ཝན་གྱི་གནད་དོན་ཐད་བྱ་ངན་མང་པོ་སྤེལ་ཡོད་དེ། དཔེར་ན་གཞུང་ཕྱོགས་འགྲོ་འོང་དང་དམག་དོན་འབྲེལ་འདྲིས། ཐའེ་ཝན་ལ་མཚོན་ཆ་བཙོངས་པ་སོགས་སྐོར་ལ་བཏོན་པའི་དྲི་བར་ཀྲུའུ་ཧྥེང་ལེན་གྱིས་གོང་གསལ་གྱི་སྐད་ཆ་དེ་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག བསྟན་འཛིན་དབང་ཕྱུག
ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་ཁང་གིས་བཀག་སྡོམ་ལ་རྒྱབ......

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལེན་གྱིས་སྤྱི་ཚེས་21ཉིན་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས། ང་ཚོས་ཐའེ་ཝན་གྱི་གནད་དོན་ཐད་སྤྱོད་སྟངས་ཐ་ཤལ་མངོན་པའི་ཨ་རིའི་འབྲེལ་ཡོད་མི་སྣར་བཀག་སྡོམ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དམངས་གཙོ་ཡར་ཐོན་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་སྨྱོ་བ་ལྟར་ཕེང་ཕེའུ་ཨོ་