ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མཚོ་སྔོན་དུ་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ..

2020-09-15 10:18:00     责编:桑吉卓玛

མཚོ་སྔོན་དུ་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་ལ་སྒོ་བྱང་བཀལ། 

 

       ཉེ་དུས། རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་གྱི་སྒོ་བྱང་(ལག་ལེན་རྟེན་གཞི་)བཀལ་བའི་མཛད་སྒོ་དང་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་སྤེལ་ཡོད་པ་རེད། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་ཁོང་དུ་ཆུད་པར་སྐུལ་མ་གཏོང་རྒྱུ་དེ་རེད།

       ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་རིགས་ཁག་གི་སྐད་བརྡ་ཕན་ཚུན་འཕྲོད་པ་དང་སེམས་པ་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད། མི་རིགས་ས་ཁུལ་གྱི་གཞི་རིམ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་ཉེར་སྤྱོད་ལས་དོན་ལ་སྔར་བས་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ན་ནིང་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་(ལག་ལེན་རྟེན་གཞི་)འཛུགས་སྐྲུན་ལས་དོན་སྤེལ་འགོ་བརྩམས་ཤིང་།  ད་ལོར་ཞིང་ཆེན་དང་རང་སྐྱོང་ལྗོངས་11ཏུ་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་བྱེད་པའི་ཁྱད་ལྡན་གྲོང་དང་གྲོང་རྡལ་(ལག་ལེན་རྟེན་གཞི་)21བཙུགས་པ་དང་། ཡུལ་ཤུལ་གྲོང་ཁྱེར་མཐུན་སྒྲིལ་སྡེ་ཁུལ་ནི་དེའི་གྲས་ཤིག་རེད།

       མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧ་སི་པ་ཐུའུ་ཡིས། མཚོ་སྔོན་ཞིང་ཆེན་ནི་མི་རིགས་མང་པོ་འདུས་སྡོད་དང་། སྐད་བརྡ་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་ཀྱི་ས་ཁུལ་ཞིག་ཡིན་པས། སྐད་གཉིས་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད་ཅེས་དང་།  ཁོང་གིས། སྐད་གཉིས་སློབ་སྦྱོང་ལས་དོན་ལ་སྐུལ་འདེད་གཏོང་བར་དུས་རབས་གསར་པ་དང་མཉམ་དུ་འདྲེས་ཏེ་བསམ་བློ་གསར་པ་དང་མཐུན་ཞིང་། བྱ་ཐབས་གསར་གཏོད། མཚོ་སྔོན་གསར་པར་ཞབས་འདེགས་ཞུ་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་དང་། མི་རིགས་ཁག་གིས་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བར་འགན་སྲུང་བྱེད་དགོས་པར་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།

       ཡུལ་ཤུལ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥན་རུན་ཡོན་གྱིས། ཡུལ་ཤུལ་ལ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རིག་གནས་ཟབ་མོ་ཡོད་པ་དང་། བརྗིད་ཅིང་རླབས་ཆེ་བའི་ཡོམ་འགོག་གེགས་སེལ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་དེར་དུས་རབས་ཀྱི་འོད་ཟེར་འཕྲོ་ཐུབ་པ་བྱས་ཡོད། གྲུབ་འབྲས་དང་མཚན་སྙན་ཐོབ་སླ་པོ་མིན། ང་ཚོས་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་ནས། སླད་ཕྱིན་མུ་མཐུད་སྐད་ཡིག་ཐོག་ནས་མི་རིགས་ཁག་གི་མང་ཚོགས་དབར་འབྲེལ་གཏུག་དང་། བསམ་ཤེས། ཁས་ལེན་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མཐུན་སྒྲིལ་སྡེ་ཁུལ་དེ་མི་རིགས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་དཔེ་སྟོན་སྐར་ཁུང་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་།

གསར་འགོད་པ། རྡོ་ཐར། 

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

མཚོ་སྔོན་དུ་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ..

མཚོ་སྔོན་དུ་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་ལ་སྒོ་བྱང་བཀལ།