ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཉེན་རྟོག་པས་གྱོད་འབྲེལ་དོ་བདག་གི་སྐད་འཕྲིན་སྤྱད་དེ་འཛད་སྤྱོད་བྱས

2020-09-14 09:14:00     责编:桑吉卓玛

ཉེན་རྟོག་པས་གྱོད་འབྲེལ་དོ་བདག་གི་སྐད་འཕྲིན་སྤྱད་དེ་འཛད་སྤྱོད་བྱས་པས་ཁྲིམས་ཆད་ཕོག

 

 

 

       ཟླ་9ཚེས་12ཉིན། ཅང་ཞི་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཧྥེང་ཞིན་རྫོང་སྲིད་ཁྲིམས་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་ནས། ཧྥེང་ཞིན་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཁྲེན་ཆེ་གེ་མོར་གྱོད་འབྲེལ་དོ་བདག་གི་སྐད་འཕྲིན་སྤྱད་དེ་འཛད་སྤྱོད་བྱས་པའི་ཉེས་བསགས་དོགས་གཞི་ཡོད་པས། དབྱི་ཁྲུན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་བཀའ་མངག་ལྟར་ཀའོ་ཨན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་བྱས། ད་ལྟར་དོགས་ཡོད་ཉེས་ཅན་ཁྲེན་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་ཡོད།

       2019ལོའི་ཟླ་8ཚེས་28ཉིན། ཅང་ཞི་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཧྥེང་ཞིན་རྫོང་གི་ལུའོ་ཆེ་གེ་མོར་རྒྱན་འབྱེད་ཁང་ཕྱེ་བའི་དོགས་གཞི་ཡོད་པས། ཧྥེང་ཞིན་རྫོང་སྤྱི་བདེ་ཅུས་ཀྱིས་བཀག་ཉར་བྱས་པ་དང་འབྲེལ་དེའི་ཐོབ་ཐང་ལག་ཁྱེར་དང་ལག་ཐོགས་ཁ་པར་སོགས་སྒེར་གྱི་དངོས་རྫས་བཀག་ཉར་བྱས་པ་རེད།

       དོགས་ཡོད་ཉེས་ཅན་བཀག་སྐྱིལ་བྱེད་རིང་ཁོའི་དངུལ་བྱང་4ནང་གི་སྒོར་ཁྲི་6ལྷག་ཙམ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར། ནང་མིས་འཛད་སྤྱོད་ཟིན་ཐོར་བརྟག་ཚེ་མི་གཞན་ཞིག་གིས་ལུའོ་ཆེ་མེ་མོའི་སྐད་འཕྲིན་སྤྱད་དེ་འཛད་སྤྱོད་བྱེད་ཀྱི་ཡོད་འདུག

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། བསྟན་རྒྱམ།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཉེན་རྟོག་པས་གྱོད་འབྲེལ་དོ་བདག་གི་སྐད་འཕྲིན་སྤྱད་དེ་འཛད་སྤྱོད་བྱས

ཉེན་རྟོག་པས་གྱོད་འབྲེལ་དོ་བདག་གི་སྐད་འཕྲིན་སྤྱད་དེ་འཛད་སྤྱོད་བྱས་པས......