ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མ་ལིར་ཡོད་པའི་བུད་མེད་ཞི་སྲུང་པ་རྣམས།

2020-08-01 18:41:40     责编:娜科

 

 

 

     རྨོག་ཞྭ་སྔོན་པོ་དབུ་ལ་མནབས། རྒྱལ་དར་དམར་པོ་ཕྲག་པར་སྦྱར། ཁོང་ཚོ་ནི་དཔའ་ཉམས་ཀྱིས་ཕྱུག་པའི་ཀྲུང་གོའི་བུད་མེད་ཞི་སྲུང་དམག་མི་རེད། ན་ནིང་སྤྱི་ཟླ5པར་མ་ལིའི་ཞི་སྲུང་ལས་འགན་ཁུལ་དུ་བཀོད་སྒྲིག་བྱས་པ་ནས་བཟུང་། ཀྲུང་གོས་མ་ལེར་མངགས་པའི་ཞི་སྲུང་སྨན་བཅོས་ཡན་ལག་རུ་ཁག་ཁག་བདུན་པའི་བུད་མེད་དམག་མི14ཡིས། མེས་རྒྱལ་དུ་ཡོད་པའི་གཉེན་ཉེ་དང་རྒྱང་དུ་གྱེས་ནས། ཆ་རྐྱེན་ཞན་པའི་རང་བྱུང་ཁོར་ཡུག་དང་། ནམ་ཐོན་ཆ་མེད་ཀྱི་འཇིགས་སྐུལ་འཇབ་རྒོལ། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་བཅས་ཀྱི་མདུན་དུ། རུ་མི་གཞན་རྣམས་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེས་ཉེན་ཆེའི་ཞི་སྲུང་ལས་འགན་ཁུལ་དུ་འབོད་པ་དེར་བཅའ་སྡོད་གནང་ནས། སྨན་བཅོས་ཞི་སྲུང་གི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་ཡོད།

     ལོ་གཅིག་ལྷག་རིང་། ཞི་སྲུང་སྨན་བཅོས་ཡན་ལག་རུ་ཁག་ཁག་བདུན་པས་ཁྱོན་རྨས་མ2944ལ་སྨན་བཅོས་བྱས་ཤིང་། དེའི་ཁྲོད་ཉེན་ཚབས་ཆེ་བའི་རྨས་མ15ལ་མྱུར་སྐྱོབ་བྱས་པ་དང་། འབོར་ཆེ་བའི་རྨས་མ་ཁག6བསྡུ་བཅོས་བྱས་པ། ནད་པ58ལ་གཤགས་བཅོས་བྱས་པ། མཁའ་འགྲུལ་བརྒྱུད་ནས་རྨས་མ་བསུ་སྐྱེལ་ཐེངས13བྱས་པའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་ཁྲི་3.4བཅས་ཟིན་ཡོད། ཞི་སྲུང་ལས་འགན་ཁུལ་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཀྲུང་གོའི་རིམ་པ་གཉིས་པའི་སྨན་ཁང་དེ་ཉིད་མ་ལིའི་མཉམ་འབྲེལ་ཚོགས་པར་མུ་མཐུད་སྨན་བཅོས་སྐྱོབ་བཅོས་ལས་འགན་སྒྲུབ་མཁན་གྱི་རིམ་པ་གཉིས་པའི་སྨན་ཁང་ཉག་ཅིག་དེར་གྱུར་བ་དང་། དོན་དངོས་ཀྱི་གྲུབ་འབྲས་ཐོག་ནས་རང་ཉིད་ནི་ཡིད་རྟོན་རུང་བའི་སྨན་བཅོས་ཞི་སྲུང་རུ་ཁག་ཅིག་ཡིན་པ་ར་སྤྲོད་བྱས་སྟབས། མ་ལིའི་མཉམ་འབྲེལ་ཚོགས་པའི་འཐབ་ཁུལ་ཤར་མའི་དམག་སྤྱིས་སྩལ་བའི་ཞི་སྲུང་འཐབ་རའི་ཚེ་སྲོག་སྲུང་སྐྱོབ་པ་ཞེས་པའི་གཟིགས་གཟོས་ཐོབ་ཡོད།

     མིག་སྔར། མ་ལིར་མངགས་པའི་ཞི་སྲུང་སྨན་བཅོས་ཡན་ལག་རུ་ཁག་ཁག་བདུན་པའི་རྒྱལ་ནང་དུ་ལོག་རེས་འཁེལ་མེད་པའི་ཁོངས་མིའི་ཁྲོད། བུད་མེད་དམག་མི6གིས་སྔར་བཞིན་ལས་གནས་བརྟན་སྲུང་གནང་བའི་ཐོག་ནས། ལས་འགན་ཁུལ་དུ་བརྒྱད་གཅིག་དམག་བཙུགས་དུས་ཆེན་ཐེངས2པ་དེ་གཏོང་བཞིན་ཡོད། བརྙན་ཐུང་འདི་དེ་སྔོན་མ་ལིར་ཕེབས་མྱོང་བ་རྣམས་དང་། ད་ལྟ་མ་ལེར་བཞུགས་པ་རྣམས། དེ་བཞིན་འབྱུང་འགྱུར་མ་ལེར་འབད་འཐབ་གནང་བར་ཕེབས་མཁན་བུད་མེད་དམག་མི་རྣམས་ལ་སྤྱན་འབུལ་ཞུའོ།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ། 

ཡིག་སྒྱུར། རིན་ཆེན་དབང་འདུས། 

中央广播电视总台 央广网 版权所有

མ་ལིར་ཡོད་པའི་བུད་མེད་ཞི་སྲུང་པ་རྣམས།

རྨོག་ཞྭ་སྔོན་པོ་དབུ་ལ་མནབས། རྒྱལ་དར་དམར་པོ་ཕྲག་པར་སྦྱར། ཁོང་ཚོ་ནི་དཔའ་ཉམས་ཀྱིས་ཕྱུག་པའི་ཀྲུང་གོའི་བུད་མེད་ཞི་སྲུང་དམག་མི་རེད། ན་ནིང་སྤྱི་ཟླ5པར་མ་ལིའི་ཞི་སྲུང་ལས་འགན་ཁུལ་དུ་བཀོད་སྒྲ