ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ང་མེས་རྒྱལ་གྱི་པང་དུ་ཡོད། མེས་རྒྱལ་ངའི་སེམས་ནང་ཡོད།

2020-08-01 18:40:47     责编:娜科

 

 

སུ་ཞིག་གིས་ཉི་མའི་ཚ་དུག་འོག་ཏུ།

མཐའ་ཡས་པའི་རྒྱ་མཚོར་སྐོར་གཡེང་བྱེད།

སུ་ཞིག་གིས་བྱེ་ཐང་གི་ཚེར་ལམ་བརྒལ་ནས།

མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ་བྱེད།

སུ་ཞིག་གིས་བླ་མེད་ཀྱི་འགན་འཁྲི་འཁུར་ཐོག

མཁའ་དབྱིངས་སུ་འཕུར་ནས་ཞི་བདེར་སྲུང་སྐྱོབ་བྱེད།  

ཁོང་རྣམས་ནི་མི་དམངས་ཀྱི་དམག་དཔུང་རེད། 

ལོ་ངོ93རིང་།   དཀའ་སྤྱད་ཀྱིས་མདུན་སྐྱོད་བྱས།  

ལོ་ངོ93རིང་།  ཆར་རླུང་ཁྲོད་འབད་འཐབ་བྱས།

མི་དམངས་དམག་དཔུང་གིས།

ལོ་ངོ93རིང་གི་འོད་སྟོང་འཕྲོ་བའི་ལམ་བུ་བརྒྱུད།

དེ་སྔའི་རྫས་དུད་ཁྲོད་སྔོན་གཤེཊ་པ་ཚོས་རང་སྲོག་བློས་གཏོང་མཛད།

དེས་རྐྱེན་པས་ཡུལ་ཁམས་བདེ་ལ་འཁོད།  

རྫས་དུད་ཡལ་ཞིང་དམག་འཁྲུག་དང་རྒྱང་དུ་གྱེས།

ཡིན་ཡང་དཔའ་བའི་དམག་དཔུང་སྔར་བཞིན་ངར་ཤུགས་ཆེ་ཞིང་།

ལྷིང་འཇགས་ལོ་ཟླར་སྲུང་སྐྱོབ་གནང་བཞིན་མཆིས།

བརྒྱད་གཅིག་དམག་བཙུགས་དུས་ཆེན་ལ།

མི་དམངས་དམག་དཔུང་ལ་གུས་འདུད་ཞུ།

ཁྱེད་རྣམ་པས་མེས་རྒྱལ་གྱི་ཆེད་ཁྲག་དྲོན་གཏོར་བར་ཐུགས་རྗེ་ཆེ།  

ཁྱེད་རྣམ་པས་མི་དམངས་ཆེད་ཆར་རླུང་བཀག་པར་ཐུགས་རྗེ་ཆེ།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱལ་པོ།  

ཡིག་སྒྱུར། མིག་དམར་རྒྱ་མཚོ།

中央广播电视总台 央广网 版权所有

ང་མེས་རྒྱལ་གྱི་པང་དུ་ཡོད། མེས་རྒྱལ་ངའི་སེམས་ནང་ཡོད།