ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶གསེར་གོང་གིས་ལོ་རྒྱུས་ཟིན་ཐོ་བཏོད་འདུག

2020-08-01 18:34:29     责编:娜科

 

 

 

    གསེར་ནི་གནའ་སྔ་མོ་ནས་བཟུང་རྒྱུ་ནོར་གྱི་མཚོན་རྟགས་ཤིག་ཡིན་ཞིང་། དེང་གི་སྤྱི་ཚོགས་སུའང་གསེར་ནི་གོ་ལ་ཧྲིལ་པོའི་མ་རྩ་འཇོག་མཁན་གྱི“དོ་སྣང་ཆེན་པོ”བྱ་ཡུལ་ཞིག་རེད། དེ་ཡང་། གསེར་གྱི་རིན་གོང་དེ་ཁྲོམ་རའི་སྟོན་ཕྱོགས་གལ་ཆེན་ཞིག་ལ་རྩི་ཡི་ཡོད། 

 

    ཟླ་7ཚེས་27ཉིན། གསེར་གྱི་རིན་གོང་གིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པས། “གསེར་ཉོ་རིན་ཡོད་མེད”དེ་མི་མང་པོས་དོ་ཁུར་བྱེད་པའི་གནད་དོན་ཞིག་ལ་གྱུར་ཡོད་པ་མ་ཟད། གསེར་གྱི་རིན་གོང་འཕར་རྐྱེན་དེར་ཡང་དབྱེ་ཞིབ་བྱེད་རིན་ཡོད་པ་ཞིག་ཏུ་གྱུར་ཡོད།

 

    འོ་ན། རེས་སྐོར་འདིར་གསེར་གྱི་རིན་གོང་མགྱོགས་པོ་འཕར་རྐྱེན་ཡང་སྙིང་གང་ཡིན་ནམ། 

 

    འདི་ལོ་ཤར་ཚུན། གསེར་གྱི་རིན་གོང་27%འཕར་ཞིང་། 《ཧྭར་ཁྲོམ་གཞུང་ཉིན་རེའི་ཚགས་པར》ཐོག་གསེར་ནི་2020ལོ་ནས་ད་བར“ཡོང་སྒོ་ཆེ་ཤོས་ཀྱི་རྒྱུ་ནོར་གཙོ་བོའི་གྲས་ཤིག་རེད”ཅེས་བསྟན་ཡོད། 

 

    གསེར་གྱི་རིན་གོང་འཕར་བ་དང་ཆབས་ཅིག དངུལ་གྱི་རིན་གོང་ཡང་འཕར་ཞིང་། སྐབས་ཤིག་རིང་འཕར་ཚད་7%ནས་ཨང་སི་རེར(ཨང་སི་རེར་ཁེ་28.35)ཨ་སྒོར་24.3993ལྷག་ཙམ་ཟིན་པ་དེ་2013ལོ་ཚུན་གྱི་རིན་གོང་མཐོ་ཤོས་རེད།

 

   ཚང་མས་གསེར་ཉོ་དོན་ཅི་ཡིན་ནམ། 

 

    གསེར་སྔར་ནས་བཟུང་ཉེན་གཡོལ་གྱི་རྒྱུ་ནོར་ལ་བརྩིས་ཤིང་། དེར་བརྟེན། སྤྱིར་ན་མ་རྩ་འཇོག་མཁན་གྱིས་མིག་སྔའི་ཁྲོམ་རར་ཉེན་ཁ་ཇི་ཙམ་ཆེ་ན་གསེར་གྱི་རིན་གོང་དེ་ཙམ་གྱིས་འཕར་བའི་ངོས་འཛིན་བྱེད་ཀྱི་ཡོད། 

 

    འོ་ན། མིག་སྔར་གསེར་གྱི་རིན་གོང་མགྱོགས་པོ་འཕར་བར་ཤུགས་རྐྱེན་བཟོ་བའི“ཉེན་ཁ”གང་དག་ཡོད་དམ།

 

    གཅིག་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པའི་དབང་གིས་ཡིན་ཞིང་། ཟླ་7ཚེས་27ཉིན་ཨ་རིའི་ཕེང་པོ་གསར་འགྱུར་ཁང་གིས་དབྱེ་ཞིབ་བྱས་པར། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཕོག་པ་དང་ཆབས་ཅིག མ་རྩ་འཇོག་མཁན་གྱིས་གསེར་ཉེན་གཡོལ་གྱི་རྒྱུ་ནོར་ལ་བརྩིས་ཤིང་། ལྷག་པར་དུ་ཨ་རི་སོགས་དཔལ་འབྱོར་དངོས་ཚན་གལ་ཆེན་ཁ་ཤས་སུ་རིམས་ནད་ཚོད་འཛིན་མ་ཐུབ་པའི་གནས་ཚུལ་འོག གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཐུབ་དཀའ་བར་གྱུར་ཡོད། 

 

    གཉིས་ནས་ས་འབྲེལ་གྱི་ཛ་དྲག་དུས་བབ་སྔར་བས་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་དངོས་ཚན་གཙོ་བོའི་ཚད་འབེབས་ལྷུག་གཏོང་སྲིད་ཇུས་སྔར་བས་ནན་དུ་སོང་བ་སོགས་ཀྱི་རྐྱེན་པས། རྩ་ཆེའི་ལྕགས་རིགས་ཀྱི་རིན་གོང་འཕར་བར་མཉམ་དུ་སྐུལ་མ་ཐེབས་ཡོད། 

 

    ཨ་སྒོར་ནི་སྲོལ་རྒྱུན་གྱི་ཉེན་གཡོལ་དངུལ་ལོར་གྱི་གྲས་ཤིག་ཡིན་མོད། འོན་ཏེ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་མ་ལག་གི་དངུལ་ལོར་ལྷུག་གཏོང་སྲིད་ཇུས་རྒྱུན་མཐུད་པ་དང་བསྟུན་ནས། མ་རྩ་འཇོག་མཁན་གྱིས་ཨ་སྒོར་ལ་ཡིད་ཆེས་བྱེད་ཚད་དེ་སྔོན་ལས་དམའ་རུ་ཕྱིན་ཡོད། 

    མུ་མཐུད་འཕར་སྲིད་དམ། 

 

    དབྱེ་ཞིབ་མི་སྣ་འགའ་ཞིག་གིས། གསེར་གྱི་རིན་གོང་མུ་མཐུད་འཕར་སྲིད་པ་དང་། ཨ་སྒོར་2000ལྷག་ཙམ་ཟིན་བཟོ་ཡོད་ལ། ཐ་ན་དེ་ལས་མཐོ་བ་འཕར་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། 

 

    གསེར་གྱི་རིན་གོང་འཕར་དང་འཕར་བཞིན་པའི་དུས་འདིར། རིགས་གཅིག་མཁས་ཅན་མི་ཉུང་བ་ཞིག་གིས་རིམས་ནད་ལ་གཏན་འཁེལ་མེད་པ་དང་། ས་འབྲེལ་ཆབ་སྲིད་ཀྱི་རྐྱེན་པས་མ་རྩ་འཇོག་མཁན་གྱི་བསམ་བློར་འགྱུར་ལྡོག་མང་པོ་བྱུང་སྟབས། ལོ་འདིའི་ནང་གསེར་ལ་མ་རྩ་འཇོག་པའི་རྙོག་གྲ་དེ་སྔ་ལས་ཆེ་སྲིད་པའི་དྲན་སྐུལ་བྱས་ཡོད།

 

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

▶གསེར་གོང་གིས་ལོ་རྒྱུས་ཟིན་ཐོ་བཏོད་འདུག

གསེར་གྱི་རིན་གོང་འཕར་དང་འཕར་བཞིན་པའི་དུས་འདིར། རིགས་གཅིག་མཁས་ཅན་མི་ཉུང་བ་ཞིག་གིས་རིམས་ནད་ལ་གཏན་འཁེལ་མེད་པ་དང་། ས་འབྲེལ་ཆབ་སྲིད་ཀྱི་རྐྱེན་པས་མ་རྩ་འཇོག་མཁན་གྱི་བསམ་བློར་འགྱུར་ལྡོག་མང་པོ་བྱུང་སྟབས།