ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཨ་རིས་ཐེངས་དང་པོར་འདི་ཁས་བླངས་བྱུང་།

2020-07-30 17:14:00     责编:桑吉卓玛

       ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱི་ཀྲུའུ་རེན་ལུའོ་པོ་ཐེ•ལེ་ཏེ་ཧྥེར་ཏེ།

       ས་གནས་དེའི་དུས་ཚོད་ཀྱི་ཟླ7ཚེས28ཉིན། ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱི་ཀྲུའུ་རེན་ལུའོ་པོ་ཐེ•ལེ་ཏེ་ཧྥེར་ཏེས་ཨ་རིའི་རླུང་འཕྲིན་ཀུང་སིའི་གསར་འགྱུར་བཅར་འདྲི་དང་ལེན་གནང་སྐབས་ཨ་རིས་ཡོ་རོབ་གླིང་ནས་ཡོང་བའི་ནད་དུག་གསར་པའི་འཇིགས་སྐུལ་ལ་ངོས་འཛིན་འགོར་འགྱངས་བྱས་པར་ཐེངས་དང་པོར་ཁས་བླངས་བྱུང་།

       ལེ་ཏེ་ཧྥེར་ཏེ་ཡིས། ཡོ་རོབ་གླིང་གི་ནད་དུག་གསར་པ་ཨ་རིར་བྱུང་བ་ནི་ཨ་རིའི་གནད་དོན་ཚབས་ཆེན་ཡིན་པ་ཤེས་པའི་སྔོན་དུ་བྱུང་བ་ཞིག་རེད། ཨ་རིའི་སྲིད་གཞུང་གིས་འཇིགས་སྐུལ་དེ་རིགས་ཤེས་ཚོར་བྱུང་བ་མ་ཟད། ཡོ་རོབ་ལ་ཡུལ་སྐོར་བཀག་སྡོམ་བཀའ་རྒྱ་ཁྱབ་བསྒྲགས་བྱེད་སྐབས། གཟའ་འཁོར་གཉིས་ནས་གསུམ་གྱི་ནང་ཉིན་རེར་མི60000ཡོ་རོབ་ས་ཁུལ་ནས་ཨ་རིར་སླེབས་ཡོད་ཤས་ཆེ། གནས་ཚུལ་འདིའི་རིགས་ནི་ཨ་རིའི་རིམས་ནད་གློ་བུར་དུ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཞེས་བཤད།   

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཨ་རིས་ཐེངས་དང་པོར་འདི་ཁས་བླངས་བྱུང་།

ཨ་རིས་ཐེངས་དང་པོར་འདི་ཁས་བླངས་བྱུང་།