ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཨ་ཁ་ཁ། དྲ་ལམ་རྒྱལ་འཇོག་དགའ་དྲགས་པའི་མཇུག་འབྲལ་ལ་ལྟོས......

2020-07-30 17:04:00     责编:桑吉卓玛

       མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ7པའི་ཚེས27ཉིན། ཟི་ལིང་གྲོང་ཁྱེར་གློག་འཕྲིན་དྲ་བའི་མགོ་སྐོར་ངོ་རྒོལ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་ཉེན་བརྡ་གཏོང་རྒྱུར། སྐྱེས་པ་ཞིག་གིས་དྲ་ལམ་ནས་གྲོགས་པོ་བཙལ་ཏེ་རྒྱལ་འཇོག་སྟེགས་བུར་ཞུགས་ནས། དྲ་ལམ་རྒྱལ་འཇོག་སྐབས་སྒོར་ཁྲི48གཡོ་ལེན་བྱས་པ་རེད།

       ཉིན་འགའི་ཡར་སྔོན་དུ་ཟི་ལིང་གྲོང་ཁྱེར་གློག་འཕྲིན་དྲ་བའི་མགོ་སྐོར་ངོ་རྒོལ་ལྟེ་གནས་དང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་ལ་སྡོད་དམངས་ཞུས་ཆེ་གེ་མོ་ཡིས་གྱོད་དོན་སྙན་ཞུའི་ཁ་པར་བཏང་ནས་བཤད་རྒྱུར། ཁོས་དྲ་གྲོགས་ཤིག་ངོ་ཤེས་རྗེས་ཕ་རོལ་པོས་ཁོ་བོ་རྒྱལ་འཇོག་སྟེགས་བུར་བཅུག་པ་དང་སྒོར་ཁྲི་བཅུ་ཕྲག་འགའ་གཡོ་ལེན་བྱས་ཟེར།

       ཞུས་ཆེ་གེ་མོ་ཡིས་བཤད་རྒྱུར། ཁོས་ངོ་ཤེས་པའི་དྲ་གྲོགས་དེས་རང་ཉིད་ཀྱི་དངུལ་རྩའི་སྟེགས་བུ་ཞིག་གི་ནང་ཁུལ་ལས་བཟོ་པ་ཡིན་པས། ནང་ཁུལ་གྱི་གནས་ཚུལ་མང་པོ་ཞིག་ཁོང་དུ་ཆུད་ཡོད་ཟེར། ཁོ་ངོ་ཤེས་ནས་ཅུང་མ་འགོར་པར་ཞུས་ཆེ་གེ་མོ་ལ་ཁོས་མགོ་སྐོར་བསླུ་བྲིད་ཐེངས་མང་པོ་བཏང་པ་བརྒྱུད་དྲ་ལམ་སྟེགས་བུ་ཞིག་གི་སྟེང་ནས་ཐོ་མིང་ཞིག་ཐོ་འགོད་བྱེད་དུ་བཅུག་པ་མ་ཟད། རྗེས་སུ་ཁོངས་མི་རུ་གྱུར་ཡོད།

       ཆེས་ཐོག་མར་ཞུས་ཆེ་གེ་མོ་ཡིས་ཕ་རོལ་བོའི་དྲ་ལམ་སྟེགས་བུའི་སྟེང་ནས་ཤོ་རྡེའུ་ཡི་ཆེ་ཆུང་ངོས་འཛིན་པ་དེ་ཉོས་ཤིང་། ཁོས་ཐོག་དང་པོར་སྒོར་མོ་བསྐུར་ནས་དུས་ཚོད་ཕྱེད་ཀ་འགོར་རྗེས་ཐོ་འགོད་མིང་ཐོའི་ཁྲོད་ཀྱི་ཁེ་སྤོགས་དེ་མགྱོགས་མྱུར་སྒོས་ཇེ་མཐོར་སོང་། འདི་ལྟར་མ་དངུལ་གཏོང་མཁན་ལ་ཐོག་མར་ཁེ་ཕན་གྱི་བྲོ་བ་མྱངས་སུ་བཅུག རྗེས་སུ་ཕ་རོལ་བོའི་བསླུ་བྲིད་འོག་ཞུས་ཆེ་གེ་མོས་ཐེངས་མང་པོར་སྒོར་མོ་བཏང་པས་ཁེ་སྤོགས་འབོར་ཆེན་ཞིག་བླངས།

       ཉིན་འགའི་ཡར་སྔོན་དུ་ཞུས་ཆེ་གེ་མོ་ཡིས་དྲ་གྲོགས་ཀྱི་ཕྱོགས་ནས་རྒྱལ་འཇོག་སྟེགས་བུ་ལས་སྒོར་མོ་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་བའི“འཇུག་སྒོ”ཞིག་རྙེད། དེའི་རྐྱེན་གྱིས་ཞུས་ཆེ་གེ་མོ་ལ་ཧམ་སེམས་སྐྱེས་ནས་ལྷག་མའི་གསོག་ནོར་ཡོད་ཚད་ཀྱིས་མ་དངུལ་བཏང་སྟེ་མུ་མཐུད་དུ་རྒྱལ་བཞག་པ་རེད། ཅུང་མ་འགོར་པར་ཞུས་ཆེ་གེ་མོ་ཡི་རྩིས་ཐོའི་ཁྲོད་ཀྱི་སྒོར་མོ་ཡོད་ཚད་དངོས་གནས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་འདུག འོན་ཀྱང་སྒོར་མོ་ལེན་པའི་སྐབས་ལ་ཐོན་དུས་དྲ་གྲོགས་ཀྱིས་བཤད་རྒྱུར། སྟེགས་བུའི་ཐོ་འགོད་རྩིས་ཐོའི་འཁོར་རྒྱུགས་དངུལ་གྱིས་མི་འདང་པས། ད་རུང་དུས་ཚོད་ངེས་ཅན་ཞིག་ལ་བསྒུག་པ་ན་ད་བཟོད་བདེ་བླག་ངང་ལེན་ཐུབ་ཟེར་པས། ཞུས་ཆེ་གེ་མོ་སེམས་བདེར་བབས་པ་རེད།

       རྗེས་སུ་ཁེ་སྤོགས་རྒྱ་བསྐྱེད་ཆེད། ཞུས་ཆེ་གེ་མོ་ཡིས་གྲོགས་པོ་ལ་སྒོར་ཁྲི15བསྐྱིས་ནས་མུ་མཐུད་དུ་མ་དངུལ་གཏོང་སྐབས་གྲོགས་པོས་བཀག་འགོག་བྱས་སོང་། རྗེས་སུ་ཞུས་ཆེ་གེ་མོ་ཁོའི་གྲོགས་དང་མཉམ་གཅིག་ཏུ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་འདྲི་རྟོག་བྱེད་དུ་འོངས། སྐབས་དེར་ཞུས་ཆེ་གེ་མོ་ཡིས་རང་ཉིད་གཞན་གྱི་མགོ་སྐོར་འོག་ཚུད་པ་ཤེས་མོད། འོན་ཀྱང་སྐབས་དེར་ཁོར་སྒོར་ཁྲི48གྱིས་གྱོང་གུན་ཐེབས་ཡོད།

       ཉེན་རྟོག་ཕྱོགས་ནས་ཉེན་བརྡ་བཏང་དོན། དྲ་བའི་རྟོག་བཟོ་རང་བཞིན་གྱི་བར་སྟོང་ལ་གཏན་ཁེལ་མེད་པའི་རང་བཞིན་མང་པོ་ཞིག་ཡོད་པས། ཆ་འཕྲིན་དྲ་བའི་སྟེང་ངོ་ཤེས་པའི་གྲོགས་པོ་དང་མཛའ་གྲོགས་སོགས་ལ་ཡིད་ཆེས་བྱ་མི་རུང་། གལ་ཏེ་མ་རྩ་གཏོང་བ་དང་རྒྱུ་ནོར་གྱི་སྐོར་ནས་སྡོད་དམངས་དག་གིས་ཡང་དག་པའི་རྒྱུ་ལམ་ལས་མ་རྩ་གཏོང་བར་གཟབ་ནན་བྱ་དགོས། དེ་མིན་དྲ་ལམ་ནས་མ་རྩ་གཏོང་བ་དང་ཤོ་རྡེའུ་ཡི་ཆེ་ཆུང་ངོས་འཛིན་ཐད་ལ་སྒོར་མོ་འཇོག་པ་སོགས་ནི་དྲ་ལམ་རྒྱལ་འཇོག་དུ་གཏོགས་པས་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས་སྡོད་དམངས་དག་དེའི་ཁྲོད་གཏན་ནས་ཞུགས་མི་རུང་།

 

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

 

中央广播电视总台 央广网 版权所有

ཨ་ཁ་ཁ། དྲ་ལམ་རྒྱལ་འཇོག་དགའ་དྲགས་པའི་མཇུག་འབྲལ་ལ་ལྟོས......

ཨ་ཁ་ཁ། དྲ་ལམ་རྒྱལ་འཇོག་དགའ་དྲགས་པའི་མཇུག་འབྲལ་ལ་ལྟོས......