ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཕོ་གསར་དེ་སླར་ཡང་“གཡུལ་སར་”བསྐྱོད་འདུག

2020-07-30 17:03:00     责编:桑吉卓玛

ཝུའུ་ཧན་དུ་འགྲོ་ནོར་བྱུང་བའི་ཕོ་གསར་དེ་སླར་ཡང་“གཡུལ་སར་”བསྐྱོད་འདུག

ཁྱེད་རང་གིས་ད་དུང་ཝུའུ་ཧན་དུ་འགྲོ་ནོར་བྱུང་ཞིང་། 

 དང་བླངས་པར་གྱུར་བའི་ཕོ་གསར་ཅང་ཝུན་ཆང་གི་

གཏམ་རྒྱུད་ངོ་མཚར་བ་དེ་དྲན་གྱིན་འདུག་གམ།

ཅང་ཝུན་ཆང་ནི་ལེའོ་ཉིང་ཏ་ལེན་གྱི་མི་ཡིན་ཞིང་།

ད་ལོའི་ཟླ་2པར།

ཁོང་མ་གཞི་ཁྲང་ཧྲ་ལ་འགྲོ་འདོད་མོད།

འོན་ཀྱང་རྒྱུ་རྐྱེན་དུ་མས་དབང་གིས་ཝུའུ་ཧན་དུ་ལུས་པ་དང་།

དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་གཙང་སྦྲ་བྱེད་མཁན་ཞིག་ཏུ་གྱུར།

↓↓↓

 

 

 

ཉེ་དུས་ཏ་ལེན་དུ་གློ་བུར་རིམས་ནད་ཐོན་རྗེས།

ཕ་ཡུལ་དུ་ལོག་པའི་ཁོང་གིས་རང་འགུལ་ངང་དེར་འགྲོ་བའི་རེ་བ་ཞུས་ཤིང་།

ལོགས་བཀར་ཁུལ་དུ་བསྐྱོད་དེ་

སླར་ཡང་ལོགས་བཀར་ལྟ་ཞིབ་བྱེད་ཡུལ་རྣམས་ལ་ཟས་སྐྱེལ་བ་དང་།

གཙང་སྦྲ་བྱེད་པའི་དང་བླངས་ཞབས་ཞུ་སྒྲུབ།

ཁོང་གིས་ཕ་ཡུལ་གྱི་ཆེད་དུ་བྱ་བ་ཞིག་བསྒྲུབ་དགོས་ཞེས་བཤད།

 

ཏ་ལེན་གྱི་གནས་ཚུལ་མྱུར་དུ་ཇེ་བཟང་ལ་འགྲོ་བར་ཡིད་ཆེས་ཡོད།

ཏ་ལེན་ཤུགས་རྒྱོབ།    

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

ཕོ་གསར་དེ་སླར་ཡང་“གཡུལ་སར་”བསྐྱོད་འདུག

ཕོ་གསར་དེ་སླར་ཡང་“གཡུལ་སར་”བསྐྱོད་འདུག