ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སློབ་ཆུང་སློབ་མའི་བྱ་སྤྱོད་ཀྱིས་ཀུན་གྱི་ཡིད་དབང་འཕྲོག

2020-06-29 20:57:00     责编:桑吉卓玛

གཅེས་ཕྲུག་རླངས་འཁོར་ནང་དུ་བཅུག་པས་ཨ་མ་བྲེལ་འཚབ་ལངས། དེ་གར་འགྲོ་བཞིན་པའི་སློབ་ཆུང་སློབ་མའི་བྱ་སྤྱོད་ཀྱིས་ཀུན་གྱི་ཡིད་དབང་འཕྲོག

ཁྱིམ་བདག་གིས་མཉམ་མ་བཞག་པར་བྱིས་པ་རླངས་འཁོར་ནང་དུ་བཅུག་པའི་

གནས་ཚུལ་འདི་ལྟ་བུ་ང་ཚོའི་ཉེ་འཁོར་དུ་བྱུང་དང་འབྱུང་བཞིན་ཡོད་མོད།

འོན་ཀྱང་ཁྱིམ་བདག་ཚང་མ་

ཅང་སུའུ་ཐའེ་ཀྲོའུ་ཡི་ཨ་མ་འདི་དང་འདྲ་བར་ཆག་སྒོ་ལས་གཡོལ་ཐུབ་པ་ཞིག་མིན་ཏེ།

ཨ་མ་འདིས་ཟླ་བ15ཅན་གྱི་ཕྲུ་གུ་ཞིག

རླངས་འཁོར་རྒྱབ་ཕྱོགས་ཀྱི་བྱིས་པའི་རྐུབ་སྟེགས་ཐོག་ཏུ་བརྟན་པོར་བཞག་རྗེས།

གཅེས་ཕྲུག་གིས་རླངས་འཁོར་གྱི་ལྡེ་མིག་ལག་ཏུ་བཟུང་ནས་རྩེད་མོ་རྩེ།

བསམ་ཡུལ་ལས་འདས་པ་ཞིག་ལ་ཨ་མས་རླངས་འཁོར་གྱི་ལྟག་སྒོ་བརྒྱབ་པའི་མོད་ལ།

གཅེས་ཕྲུག་གིས་རླངས་འཁོར་གྱི་སྒོ་ཟྭ་བརྒྱབ།

 

རླངས་འཁོར་རྒྱབ་ཕྱོགས་ཀྱི་བྱིས་པ་རྨས་པར་སྐྲག་ནས།

ཨ་མས་མྱུར་དུ་ཁ་ལོ་བའི་འདུག་སྟེགས་གམ་གྱི་སྒེའུ་ཁུང་གི་ཤེལ་སྒོ་བཅག

ཡིན་ནའང་། སྔར་བཞིན་རླངས་འཁོར་གྱི་སྒོ་ཕྱེ་མ་ཐུབ།

རླངས་འཁོར་གྱི་ནང་དུ་འཛུལ་ནས་

ཕྲུ་གུའི་ལག་གི་ལྡེ་མིག་གིས་སྒོ་ཕྱེ་རྒྱུ་མ་གཏོགས་ཐབས་གཞན་མེད་པར་གྱུར།

འོན་ཀྱང་རླངས་འཁོར་གྱི་སྒེའུ་ཁུང་དོག་པས།

མི་དར་མ་ཞིག་རྩ་བ་ནས་ནང་དུ་འཛུལ་ཐབས་བྲལ།

ཚང་མ་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་སུ།

ཐའེ་ཀྲོའུ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་

ཡུས་ཚའེ་སྲང་ལམ་སློབ་ཁུལ་གྱི་སློབ་རིམ་དྲུག་པ་འཛིན་གྲྭ(3)པའི་

སློབ་གྲོགས་ཝང་ཙི་ཁྲེན་ཏག་ཏག་སློབ་གྲྭ་གྲོལ་ནས་དེ་གར་འགྲོ་བཞིན་ཡོད།

གནས་ཚུལ་འདི་ཤེས་རྗེས།

ཝང་ཙི་ཁྲེན་གྱིས་རང་ཉིད་

རླངས་འཁོར་གྱི་སྒེའུ་ཁུང་ནང་དུ་འཛུལ་ནས།

ཕྲུ་གུ་ཕྱི་རུ་ཁྱེར་ཡོང་ཆོག་ཟེར།

རླངས་འཁོར་ནང་དུ་ཤེལ་ཆག་ཡོད་པས།

ཝང་ཙི་ཁྲེན་གྱིས་གཅེས་ཕྲུག་ལེགས་པོར་སྲུང་བཞིན་

བྱིས་པའི་སྲོག་བསྐྱབས་མོད།

འོན་ཀྱང་ཁོའི་ལག་ཟུང་ཤེལ་གྱིས་གཤགས་ཡོད།

དངངས་སྐྲག་གི་དབང་གིས་ག་བྱེད་འདི་བྱེད་མེད་པའི་ཨ་མས་ཝང་ཙི་ཁྲེན་གྱི་ལག་ནས་

རང་གི་བྱིས་པ་ཚུར་ལེན་སྐབས།

མིག་ཆུ་དབང་མེད་དུ་ཤོར།

དེ་གར་ཕེབས་པའི་མི་དམངས་ཉེན་རྟོག་པས་ཝང་ཙི་ཁྲེན་

སྨན་ཁང་དུ་བསྐྱལ་ནས་རྨ་ཁ་དཀྲིས།

ཟླ6པའི་ཚེས23ཉིན།

མི་དམངས་ཉེན་རྟོག་པས་ཆེད་དུ་བྱ་དགའ་གྲ་སྒྲིག་བྱས་ཏེ་

སློབ་གྲོགས་ཝང་ཙི་ཁྲེན་ལ་བལྟ་རུ་སོང་ཞིང་།

ད་དུང་ཁོ་ལ་དཔའ་ངར་ལྡན་པའི་སྙན་ཞུ་འབུལ་རྩིས་བྱས།

 

དྲ་གྲོགས་རྣམས་ཀྱིས་

སློབ་ཆུང་སློབ་མ་ཞིག་གིས་

འདི་ལྟར་སྒྲུབ་རྒྱུ་དངོས་གནས་ལས་སླ་མོ་ཞིག་མིན་པས།

ཁོ་ལ་ངོ་སོ་བསྟོད་པ།

དུས་མཚུངས་སུ་ཁྱིམ་བདག་ཚང་མར་དྲན་སྐུལ་ཞུ་རྒྱུ་ཞིག་ནི།

ཕྲུ་གུ་རླངས་འཁོར་ནང་དུ་ཡོད་དུས་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱེད་དགོས།     

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   

 

中央广播电视总台 央广网 版权所有

སློབ་ཆུང་སློབ་མའི་བྱ་སྤྱོད་ཀྱིས་ཀུན་གྱི་ཡིད་དབང་འཕྲོག

གཅེས་ཕྲུག་རླངས་འཁོར་ནང་དུ་བཅུག་པས་ཨ་མ་བྲེལ་འཚབ་ལངས། དེ་གར་འགྲོ་བཞིན་པའི་སློབ་ཆུང་སློབ་མའི་བྱ་སྤྱོད་ཀྱིས་ཀུན་གྱི་ཡིད་དབ