ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མྱུར་སྐྱེལ་དང་སྦྲང་ནག་ལ་རིམས་ནད་འགོས་པའི་ཉེན་ཁ་ཡོད་དམ་ཞེ་ན།

2020-06-29 20:53:00     责编:桑吉卓玛

མངག་སྐྱེལ་དང་མྱུར་སྐྱེལ་མི་སྣས། 

དངོས་རྫས་རྩིས་སྤྲོད་རྩིས་ལེན་བྱེད་སྐབས་འགོས་ནད་འགོ་ཉེན་ཡོད་དམ། 

དབྱར་ཁ་སླེབས་པས། 

སྦྲང་ནག་མང་དུ་སོང་ན་འགོས་ནད་མཆེད་སྲིད་དམ། 

ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཆེད་མཁས་པས་དེའི་སྐོར་ལ་དོགས་སེལ་བྱས་འདུག

 

དུས་ཚོད་ཐུང་ངུའི་ནང་མྱུར་སྐྱེལ་པར་ཐུག་འཕྲད་བྱས་པ་ཡིས།

འགོས་ནད་འགོ་བའི་ཉེན་ཁ་ཧ་ཅང་ཆུང་། 

 

 

 

       སྤྱི་ཚེས27ཉིན་གྱི་ཕྱི་དྲོར། པེ་ཅིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས134པའི་ཐོག ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཝང་ལི་ཕིང་གིས། དུས་ཚོད་ཐུང་ངུའི་ནང་མྱུར་སྐྱེལ་པར་ཐུག་འཕྲད་བྱས་པ་ཡིས་འགོས་ནད་འགོས་ཚད་ཧ་ཅང་དམའ་ཞེས་བརྗོད།

 

       ཁོ་མོས་ཏོག་གསར་ནད་དུག་མཆེད་པའི་ས་ཁུལ་དུ་མྱུར་སྐྱེལ་དང་ལེན་བྱེད་སྐབས། ནུས་ཚོད་ཀྱིས་རིག་ནུས་བསྡུ་ལེན་སྒམ་སྤྱད་དེ་མི་དང་མིའི་བར་གྱི་འབྲེལ་འདྲིས་ཇེ་ཉུང་དུ་བཏང་ནས། རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་དགོས། དེ་དང་ཆབས་ཅིག་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱས་ནས་སྦགས་བཙོག་དངོས་པོ་ལས་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས་པར་བསྟན།

       གལ་ཏེ་ཁྱིམ་ནས་མྱུར་སྐྱེལ་དང་ལེན་བྱེད་དགོས་ཚེ། མྱུར་སྐྱེལ་བ་དང་འབྲེལ་འདྲེས་མ་བྱས་གོང་ལ་ཁ་རས་ཡག་པོ་རྒྱག་དགོས་པ་དང་། མྱུར་སྐྱེལ་འབྱོར་རྗེས་མྱུར་སྐྱེལ་གྱི་ཕྱི་ཐུམ་ཐག་གཅོད་ཡག་པོ་བྱས་པའི་རྗེས་སུ། དུས་ཐོག་ཏུ་བཞུར་ཆུ་དང་འདག་རྫས་ཀྱིས་ལག་པ་བཀྲུ་དགོས།

       གལ་ཏེ་གཞིས་ཁུལ་གྱི་སྒོ་ཁར་མྱུར་སྐྱེལ་དང་ལེན་བྱེད་དགོས་ཚེ། སྒོ་མ་བུད་གོང་ངེས་པར་དུ་ཁ་བཏུམ་རྒྱག་པ་དང་། མི་འདུ་འཛོམས་མི་ཡོང་བ་བྱེད་དགོས། མྱུར་སྐྱེལ་གྱི་ཕྱི་ཐུམ་ཐག་གཅོད་འོས་འཚམ་བྱས་པའི་རྗེས་སུ། དུས་ཐོག་ཏུ་བཞུར་ཆུ་དང་འདག་རྫས་ཀྱིས་ལག་པ་བཀྲུ་བ་དང་ཡང་ན་ལག་པར་དུག་སེལ་བྱ་དགོས་ཞེས་དྲན་སྐུལ་གནང་བ།

       སྦྲང་ནག་ལས་ཏོག་གསར་ནད་དུག་མཆེད་སྲིད་དམ།

       ཆེད་མཁས་པས་དབྱར་ཁར་སྦྲང་ནག་ཇེ་མང་དུ་འགྲོ་བ་དང་སྦྲང་ནག་གིས་ཏོག་གསར་ནད་དུག་འགོ་མིན་ད་དུང་ཤེས་མེད་ཅེས་བཤད།

       སྤྱི་ཚེས27ཉིན་གྱི་ཕྱི་དྲོར། པེ་ཅིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས134པའི་ཐོག ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཝང་ལི་ཕིང་གིས། མིག་སྔའི་ཞིབ་འཇུག་ལ་གཞིགས་ན། སྦྲང་ནག་ལ་ཏོག་གསར་ནད་དུག་མཆེད་པའི་སྐྱེ་དངོས་རིག་པའི་རྨང་གཞི་མེད། གཞན་ཡང་། མིག་སྔར་ཤེས་རྟོགས་བྱུང་བའི་རིམས་ནད་ཀྱི་དཔང་རྟགས་ལ་བལྟས་ན། མིག་སྔར་འཛམ་གླིང་ཡོངས་སུ་སྦྲང་ནག་སོགས་སྨྱན་བྱེད་སྐྱེ་དངོས་ཀྱིས་མི་ལ་ཏོག་གསར་ནད་དུག་འགོ་རུ་འཇུག་པའི་གནས་ཚུལ་སྤེལ་གཏོང་བྱས་མེད།   ཏོག་གསར་ནད་དུག་དེ་གཙོ་བོ་ཐད་ཀར་འགོས་མཁན་གྱི་དབུགས་ལམ་གྱི་མཆིལ་ཟེགས་བརྒྱུད་ནས་འགོས་པ་དང་། ཡང་ན་ལག་པ་ནད་འགོས་མཁན་གྱིས་འབག་བཙོག་བཟོས་པའི་དངོས་གཟུགས་ལ་ཐུག་པ་དང་། དེ་ནས་ནད་དུག་འགོས་པའི་ལག་པས་ང་ཚོའི་མིག་དང་། ཁ་སྦུག་གམ་སྣ་སྦུག་གི་འབྱར་སྐྱི་ལ་རེག་པའི་དབང་གིས་འགོས་པ་རེད་ཅེས་བསྟན།

       ཝང་ལི་ཕིང་གིས། ད་ལྟ་སྦྲང་ནག་གིས་སྨྱན་བྱེད་བྱས་ཏེ་ཏོག་གསར་ནད་དུག་མཆེད་པའི་བདེན་དཔང་མེད་ནའང་། དེ་དག་ལ་འགོས་ནད་གཞན་དག་མཆེད་པའི་ཉེན་ཁ་ཡོད། དཔེར་ན་འདར་ནད་དང་ཏེང་ཀེ་རེ་སོགས་ཡོད། དེར་བརྟེན། ད་ལྟ་དབྱར་གཞུང་དུ་སླེབས་ཡོད་པས། མང་ཚོགས་ཀྱིས་རང་ཁྱིམ་དང་ཕྱི་རོལ་ནས་སྦྲང་ནག་དང་སྦྲང་མས་སོ་བཏབ་པ་འགོག་སྲུང་ཡག་པོ་བྱེད་དགོས། ད་དུང་བཟའ་བཅའ་ཉར་ཚགས་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ནས་སྦྲང་ནག་གིས་སོ་བཏབ་པར་སྔོན་འགོག་བྱེད་དགོས། དུག་སྦྲང་དང་སྦྲང་ནག་སྔོན་འགོག་གི་བྱ་ཐབས་ནུས་ལྡན་སྤྱད་པ་བརྒྱུད་འགོས་ནད་དང་རྒྱུ་མའི་འགོས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས་ཞེས་བཤད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། བསོད་ནམས་སྒྲོལ་མ།

 

中央广播电视总台 央广网 版权所有

མྱུར་སྐྱེལ་དང་སྦྲང་ནག་ལ་རིམས་ནད་འགོས་པའི་ཉེན་ཁ་ཡོད་དམ་ཞེ་ན།

སྤྱི་ཚེས27ཉིན་གྱི་ཕྱི་དྲོར། པེ་ཅིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བས