ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཧུའུ་པེ་ཞིང་ཆེན་གྱི་ལས་བྱེད་པ་འདི་དག་ལ་ཞིབ་བཤེར་ཐག་གཅོད་བྱས་འདུག

2020-02-13 17:35:47     责编:娜科

     རང་དགར་ལས་གནས་ལས་བྲལ་བ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་མི་འདང་བ། གཅིག་གྱུར་བཀོད་འདོམས་བཀོད་གཏོང་ལ་བརྩི་སྲུང་མི་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་བྱེད་སྐབས་སྒྲིག་འགལ་ངང་མཉམ་དུ་འཛོམས་ནས་ཟ་མ་ཟོས་པ་དང་ཆང་རག་འཐུང་བ་སོགས་བྱས་པས། གསར་འགོད་པས་ཚེས་12ཉིན་ཧུའུ་པེ་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར། ཧུའུ་པེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ལས་ཀའི་སྒྲིག་ཁྲིམས་ལས་འགལ་བ་དང་། འགན་འཁྲི་ལག་བསྟར་བྱེད་ཤུགས་མི་འདང་བའི་གནད་དོན་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། དེའི་ཁྲོད་ཀྱི་དཔེ་མཚོན་གནད་དོན་5བརྡ་ཁྱབ་བཏང་ནས་དམར་འདོན་བྱས་པ་རེད།

 

    བརྡ་ཁྱབ་ལས་མངོན་པར། ཝུའུ་ཧན་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཐོན་ལས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲེང་ཚུང་ཧྥུང་ལས་གནས་ནས་རང་དགར་བྲལ་བས། གོ་གནས་ལས་ཕབ་པ་མ་ཟད་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་ཞིབ་བཤེར་ཡང་བྱས་ཡོད། ཧྲེང་ཚུང་ཧྥུང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་ཁོངས་མི་ཡིན་པའི་ཆ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྒྲིག་ཁྲིམས་ལས་འགལ་ཏེ། ཟླ་1ཚེས་23ཉིན་དགོངས་པ་ཞུ་བའི་འགྲོ་ལུགས་མ་བསྒྲུབ་པར་རང་དགར་ཝུའུ་ཧན་ནས་རང་གི་ཕ་ཡུལ་ཨན་ཧུའེ་ལ་ལོ་གསར་གཏོང་ཏུ་སོང་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་མ་ཁུར་བར་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད།

 

     ཚིན་ཏུའུ་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཧོང་ཅ་ཀྲོའུ་དང་། ཏུང་ཁྲེང་དོན་གཅོད་ཁྲུའུ་ཡི་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་ཀའོ་ཤིན་གོ་སོགས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་མ་བྱས་པས། རེ་རེ་བཞིན་གོ་གནས་ཕབ་པ་དང་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད། ཙེང་ཏུའུ་ཆུས་ཏུང་ཁྲེང་དོན་གཅོད་ཁྲུའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། དྲིལ་བསྒྲགས་གནད་ལ་མི་འཁེལ་བས། ས་གནས་དེའི་སྡེ་ཁུལ་མང་པོ་ཞིག་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་དང་འགལ་ཡོད། དོན་གཅོད་ཁང་དེའི་ལས་དོན་གཙོ་སྐྱོང་བྱེད་མཁན་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་ཀའོ་ཤིན་གོ་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་། སྲིད་དོན་གནས་དབྱུང་གི་ཆད་པ་བཅད་པ་རེད། ཧོང་ཅ་ཀྲོའུ་ཡིས་དོན་གཅོད་ཁྲུའུ་དེ་འགན་གཙང་ལེན་བྱས་ཡོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྒྲུབ་སྐབས་འགོ་ཁྲིད་དང་ཐག་གཅོད་བྱེད་ཤུགས་མི་འདང་བ་དང་། གོང་རིམ་གྱི་བཀོད་སྒྲིག་དང་སྐུལ་སྒྲུབ་དོན་འཁྱོལ་བྱེད་ཤུགས་མི་འདང་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པས། ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད།

 

     ཧོང་ཧྲི་གྲོང་ཁྱེར་ཁྲེང་ཧྥ་ཚོགས་པའི་སྤྱི་ཁྱབ་ལས་འཛིན་གཞོན་པ། ཧུའུ་པེའི་ཤར་རྒྱུད་སྨན་བཅོས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཡུས་ཕུའུ་ཨན་གྱིས་གཅིག་གྱུར་བཀོད་འདོམས་བཀོད་གཏོང་ལ་མ་ཉན་པས་གོ་གནས་ནས་ཕབ་ཡོད། ཟླ་2ཚེས་7ཉིན་གྱི་སྔ་དྲོ། ཡུས་ཕུའུ་ཨན་གྱིས་ཧུའུ་པེ་ཤར་རྒྱུད་སྨན་བཅོས་ཚོགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་གཏོང་དང་འགལ་ཏེ། གཤམ་འོག་སྨན་ཁང་གིས་བཀོད་འདོམས་པུའུ་ཡི་བཀོད་གཏོང་ལག་བསྟར་མ་བྱས་གོང་དུ། སྔོན་ལ་ཚོགས་པས་སླར་ཡང་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཕྱིར། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། 

 

     ཐུང་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་གི་སློབ་གཙོ་གཞོན་པ་ཀྲང་ཤིན་ཕུའུ་ཡིས། རིམས་ནད་གསང་ནས་སྒྲིག་འགལ་ངང་གསོལ་སྟོན་བཤམས་པས། ཏང་ཁོངས་ནས་ཕུད་པ་མ་ཟད་སྤྱི་བདེ་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱས་ཡོད། ཟླ་1ཚེས་22ཉིན། ཀྲང་ཤིན་ཕུའུ་ཡིས་རང་ཉིད་དང་བཟའ་ཟླ་ཝུའུ་ཧན་དུ་བསྐྱོད་པའི་གནས་ཚུལ་སྦ་གསང་བྱས་ཏེ། བཟའ་ཟླ་ཧོང་ཆེ་གེ་མོར་གློ་རྒྱག་པ་དང་ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་བཞིན་དུ། སྒྲིག་འགལ་ངང་ཕ་རྒན་ལ་འཁྲུངས་སྐར་གསོལ་སྟོན་བཤམས་ནས། གྲོང་མི་དང་དེ་བཞིན་ལས་རོགས་མང་པོ་གདན་དྲངས་ཡོད། ཟླ་1ཚེས་24ཉིན། ཁོང་གི་བཟའ་ཟླ་ལ་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པ་གཏན་འཁེལ་བྱས་པ་རེད། ཟླ་2ཚེས་2ཉིན། ཐུང་ཁྲེང་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་སྐབས། ཀྲང་ཤིན་ཕུའུ་ཡིས་རྩ་འཛུགས་ཀྱི་བརྟག་དཔྱད་ལ་འགོག་རྒོལ་བྱས་པས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་མི་མངོན་པའི་རྐྱེན་ངན་ཚབས་ཆེན་བཟོས་པ་རེད།

 

     ཀྲུའུ་ཤིས་རྫོང་ནགས་ལས་ཅུས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཚིགས་ཀྱི་འགན་འཁུར་བ་ལིའུ་ཐའོ་དང་། ཐེན་པའོ་ཡུལ་ཚོ་ནགས་ལས་ས་ཚིགས་ཀྱི་འགོ་འཛིན་ཧོ་སུང་ལིན། ཝང་ཧྥུའུ་ཙའོ་ནགས་རའི་འགོ་འཛིན་ལིའུ་ཞན་ཧུའེ་སོགས་ཀྱིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་བྱེད་རིང་སྒྲིག་འགལ་ངང་མཉམ་དུ་འཛོམས་ནས་ཟ་མ་ཟ་བ་དང་ཆང་རག་བཏུང་བས། ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་དོན་སྐྱོན་ཐོ་འགོད་པའི་ཆད་པ་བཅད་པ་རེད། 

 

    ཟླ་1ཚེས་28ཉིན་གྱི་ཕྱི་དྲོ། ལིའུ་ཐའོ་དང་ཧོ་སུང་ལིན་སོགས་ཀྱིས་ཐེན་པའོ་ཡུལ་ཚོའི་ཧྲོང་ཧོ་གྲོང་ཚོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་ཞིབ་བཤེར་མཇུག་འགྲིལ་རྗེས། ཝང་ཧྥུའུ་ཙའོ་ནགས་རའི་འགོ་འཛིན་ལིའུ་ཤན་ཧུའེ་སོགས་དང་མཉམ་དུ་སྒྲིག་འགལ་ངང་མཉམ་འཛོམས་བྱས་པས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པ་རེད། དེའི་ནང་ཞུགས་མཁན་གྱི་མི་གཞན་དག་རེ་རེ་ལ་བབ་མཚུངས་ཀྱི་ཐག་གཅོད་བྱས་ཡོད། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

ཞུ་དག སྒྲོལ་ཚེ།

སྒྲིག་སྒྱུར། སྐྱབས་པོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཧུའུ་པེ་ཞིང་ཆེན་གྱི་ལས་བྱེད་པ་འདི་དག་ལ་ཞིབ་བཤེར་ཐག་གཅོད་བྱས་འདུག

རང་དགར་ལས་གནས་ལས་བྲལ་བ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་མི་འདང་བ། གཅིག་གྱུར་བཀོད་འདོམས་བཀོད་གཏོང་ལ་བརྩི་སྲུང་མི་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་བྱེད་སྐབས་སྒྲིག་འགལ་ངང་མཉམ་དུ་འཛོམས་ནས་ཟ་