ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཚེས་13ཉིན་གྱི་ལྗོངས་ཞིང་ལྔའི་ནད་ཡམས་གནས་ཚུལ་གསར་པ།

2020-02-13 17:32:30     责编:娜科

     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་2ཚེས་13ཉིན་གྱི་ཆུ་ཚོད་15:18བར། རྒྱལ་ཡོངས་སུ་ཁྱོན་སྡོམ་ཏོག་གསར་གློ་ཚད་འགོས་པའི་ནད་པ་59888དང་། དོགས་ཡོད་ནད་པ་16067 ནད་ལས་ཐར་བ་6007 ཚེ་ལས་འདས་པ་1368བཅས་བྱུང་ཡོད།

 

      ཚེས་13ཉིན། བོད་ལྗོངས་སུ་ནད་པ་གཅིག་ཀྱང་གསར་དུ་བྱུང་མེད་པས་རྒྱལ་ཡོངས་ལས་ནད་པ་གཅིག་ཀྱང་མེད་པའི་ལྗོངས་ཞིང་དུ་གྱུར་ཡོད་ཅིང། སི་ཁྲོན་དུ་ནད་པ་451(དཀར་མཛེས་ཁུལ་དུ་ཚེས་12ཉིན་ནད་པ་1མང་དུ་ཕྱིན་ཞིང་ཁྱོན་སྡོམ་ནད་པ་37ལ་སླེབས་ཡོད།  རྔ་བ་ཁུལ་དུ་ནད་པ་1) མཚོ་སྔོན་དུ་ཉིན་ཤས་བསྟུད་མར་ནད་པ་མང་དུ་ཕྱིན་མེད་པར་18(ཟི་ལིང་དུ་ནད་པ་15དང་མཚོ་བྱང་ཁུལ་དུ་3)དུ་གནས་ཡོད་པ་མ་ཟད། ནད་པ་9དྲག་སྐྱེད་བྱུང་ཞིང་སྨན་ཁང་ལས་བུད་ཡོད།  ཀན་སུའུ་རུ་ནད་པ་87(ཀན་ལྷོར་ཚེས་11ཉིན་ནད་པ་1དྲག་སྐྱེད་བྱུང་ནས་ནད་པ་5བར་མར་ཆག་མོད། ཚེས་12ཉིན་སླར་ཡང་ནད་པ་1མང་དུ་ཕྱིན་པས་ནད་པ་6ཡོད་པར་གྱུར།)ཡུན་ནན་དུ་ནད་པ་155བཅས་ཐོན་ཡོད།

   

ཉིན་རེའི་ནད་པ་འཕར་ཆག་གནས་ཚུལ་མཚོན་པའི་རི་མོ་སྟེ། ཐིག་རིས་དམར་པོ་ནི་གཏན་འཁེལ་བྱས་པའི་ནད་པ་དང་། ལྗང་གུ་ནི་ནད་ལས་ཐར་བ། སེར་པོ་ནི་དོགས་ཡོད་ནད་པ། སྐྱ་བོ་ནི་ཚེ་ལས་འདས་པ་བཅས་ཡིན།


 

ནད་པ་འཕར་ཆག་གི་གནས་ཚུལ་སྤྱི་མཚོན་པའི་རི་མོ་སྟེ། ཐིག་རིས་དམར་པོ་ནི་གཏན་འཁེལ་བྱས་པའི་ནད་པ་དང་། ལྗང་གུ་ནི་ནད་ལས་ཐར་བ། སེར་པོ་ནི་དོགས་ཡོད་ནད་པ། སྐྱ་བོ་ནི་ཚེ་ལས་འདས་པ་བཅས་ཡིན།

 

ཧུའུ་པེ་ཞིང་ཆེན་གྱི་ཉིན་རེའི་ནད་པ་འཕར་ཚུལ་མཚོན་པའི་རི་མོ་སྟེ། ཐིག་རིས་དམར་པོ་ནི་གཏན་འཁེལ་བྱས་པའི་ནད་པ་དང་། ལྗང་གུ་ནི་ནད་ལས་ཐར་བ། སྐྱ་བོ་ནི་ཚེ་ལས་འདས་པ་བཅས་ཡིན།

 

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

རྩོམ་སྒྲིག་པ། བདེ་ལྷ་མོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཚེས་13ཉིན་གྱི་ལྗོངས་ཞིང་ལྔའི་ནད་ཡམས་གནས་ཚུལ་གསར་པ།

ཧུའུ་པེ་ཞིང་ཆེན་གྱི་ཉིན་རེའི་ནད་པ་འཕར་ཚུལ་མཚོན་པའི་རི་མོ་སྟེ། ཐིག་རིས་དམར་པོ་ནི་གཏན་འཁེལ་བྱས་པའི་ནད་པ་དང་། ལྗང་གུ་ནི་ནད་ལས་ཐར་བ། སྐྱ་བོ་ནི་ཚེ་ལས་འདས་པ་བཅས་ཡིན།