ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ས་འདིར་ཉིན་གཅིག་རིང་ནད་པ་14840མང་དུ་ཕྱིན་འདུག

2020-02-13 15:17:17     责编:娜科

  

    ཟླ་2ཚེས་12ཉིན་གྱི་ཆུ་ཚོད་0ནས་24བར། ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་14840(ནད་ཐོག་བརྟག་དཔྱད་བྱས་པའི་ནད་པ་13332ཚུད་པ)མང་དུ་ཕྱིན་ཡོད་ཅིང་། དེའི་ནང་ཝུའུ་ཧན་གྲོང་ཁྱེར་དུ་ནད་པ་13436ཡོད་འདུག  

 

    ཟླ་2ཚེས་12ཉིན་གྱི་ཆུ་ཚོད་24བར། ཧུའུ་པེ་ཞིང་ཆེན་དུ་ཁྱོན་སྡོམ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་48206(ནད་ཐོག་བརྟག་དཔྱད་བྱས་པའི་ནད་པ་13332ཚུད་པ)བྱུང་ཡོད་ཅིང་། དེའི་ནང་ཝུའུ་ཧན་གྲོང་ཁྱེར་དུ་ནད་པ་32994ཡོད།

    ཟླ་2ཚེས་12ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་ཡོངས་སུ་ཁྱོན་སྡོམ་ནད་པ་3441དྲག་སྐྱེད་བྱུང་ཞིང་སྨན་ཁང་ལས་ཕྱིར་བུད་ཡོད་པ་དང་། ནད་པ་1310ཚེ་ལས་འདས་ཡོད། 

    མིག་སྔར། སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ནད་པ་33693ཡོད་པའི་ནང་། ནད་གཞི་ལྕི་བ་5647དང་། ནད་གཞི་ཤིན་ཏུ་ལྕི་བ་1437ཡོད་པ་ཚང་མ་གནས་གཏན་འཁེལ་གྱི་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད། 

    ཟླ་2ཚེས་12ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་དེར་དོགས་ཡོད་ནད་པ་9028ཡོད་པ་དང་། ནད་པ་དང་འབྲེལ་བ་དམ་ཟབ་བྱེད་མཁན་158377ལས་མི་77308ལ་ནད་འགོས་ཡོད་མེད་ཀྱི་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

ཞུ་དག བདེ་ལྷ་མོ།

སྒྲིག་སྒྱུར། ཤེས་རབ་མཚོ་མོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ས་འདིར་ཉིན་གཅིག་རིང་ནད་པ་14840མང་དུ་ཕྱིན་འདུག

ཟླ་2ཚེས་12ཉིན་གྱི་ཆུ་ཚོད་24བར། ཧུའུ་པེ་ཞིང་ཆེན་དུ་ཁྱོན་སྡོམ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་48206(ནད་ཐོག་བརྟག་དཔྱད་བྱས་པའི་ནད་པ་13332ཚུད་པ)བྱུང་ཡོད་ཅིང་། དེའི་ནང་ཝུའུ་ཧན་གྲོང་ཁྱེར་དུ་ནད་པ་32994ཡོད།