ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མཐོ་རྒྱུཊ་ཕྱི་སྣུར་བྱེད་མིན་ཐད་སློབ་གསོ་པུས་འདི་ལྟར་བཤད་འདུག

2020-02-13 15:16:46     责编:娜科

 

  ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྒྲིག་འཛུགས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་འགོ་འཛུགས་པའི་དུས་ཚོད་མུ་མཐུད་དུ་ཕྱི་སྣུར་བྱེད་མིན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད། 

 

སློབ་གྲྭའི་སློབ་འགོ་འཛུགས་པའི་དུས་ཚོད་མུ་མཐུད་དུ་ཕྱི་སྣུར་བྱེད་སྲིད་དམ། 

    སློབ་གསོ་པུའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཏེང་ཧྥུང་གིས་ག་དུས་སློབ་འགོ་འཛུགས་རྒྱུ་དེ་ས་གནས་ཁག་གིས་ས་གནས་དེ་གའི་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ནས་གཏན་འབེབས་བྱེད་དགོས་པའི་སྐོར་སློབ་གསོ་པུས་བླང་བྱ་ཁ་གསལ་བཏོན་ཡོད་ཅེས་དང་།

སློབ་མ་ཕྱིར་སློབ་གྲྭར་ལོག་རྗེས། གལ་ཏེ་ནད་ཡམས་ཕོག་པ་དང་། ནད་གཏན་འཁེལ་བྱུང་བའམ་ཡང་ན་ནད་ཡམས་ཀྱི་ནད་རྟགས་དང་འདྲ་བ་བྱུང་ན། ས་གནས་དེ་གའི་སྨན་བཅོས་དང་ནད་ཡམས་སྔོན་འགོག་སྡེ་ཁག་གི་བླང་བྱ་ལྟར་དོ་དམ་དང་སྨན་བཅོས་བྱ་དགོས་པ་དང་། དུས་མཚུངས་སུ་དེ་གནས་སའི་ས་ཁོངས་སུ་དུག་སེལ་བྱ་དགོས་ལ། ད་དུང་འབྲེལ་ཡོད་མི་སྣ་ལོགས་སུ་བཀར་དགོས་པ་དང་། སློབ་གྲྭས་ཡིག་ཚགས་བཟོས་ནས་ནད་པའི་ནད་གཞི་དྲག་སྐྱེད་ཡོང་རག་བར་རྗེས་འདེད་བྱེད་དགོས་ཞེས་བརྗོད་ཡོད། 

 

མཐོ་རྒྱུགས་ལེན་པའི་དུས་ཚོད་ཕྱི་སྣུར་བྱེད་སྲིད་དམ།

   སློབ་གསོ་པུའི་མཐོ་སློབ་སློབ་མའི་སིའི་སི་ཀྲང་ཝང་ཧུའེ་ཡིས་མཐོ་རྒྱུགས་བར་ད་དུང་ཟླ་བ་བཞི་ཙམ་གྱི་དུས་ཚོད་ཡོད་པ་དང་། ང་ཚོས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་དང་མཉམ་དུ་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ཏེ།   མཐོ་རྒྱུགས་ལེན་པའི་དུས་ཚོད་ལ་དུས་ཐོག་ཏུ་དཔྱད་དཔོག་བྱ་རྒྱུ་དང་། མཐོ་རྒྱུགས་ཀྱི་ཞིབ་ཕྲའི་ཇུས་གཞིར་གཟབ་ནན་ངང་ཞིབ་འཇུག་དང་དེ་གཏན་འབེབས་བྱས་རྗེས། འབྲེལ་ཡོད་བཀོད་སྒྲིག་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

ཞུ་དག བདེ་ལྷ་མོ།

སྒྲིག་སྒྱུར། ཤེས་རབ་མཚོ་མོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

མཐོ་རྒྱུཊ་ཕྱི་སྣུར་བྱེད་མིན་ཐད་སློབ་གསོ་པུས་འདི་ལྟར་བཤད་འདུག

ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྒྲིག་འཛུགས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་འགོ་འཛུགས་པའི་དུས་ཚོད་མུ་མཐུད་དུ་ཕྱི་སྣུར་བྱེད་མིན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད།