ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

“མི་གཅིག་གི་རོལ་ཚོགས”ཀྱིས་མི་ཁྲི་སྟོང་མང་པོར་སེམས་འགུལ་ཐེབས་པ།

2020-01-14 15:42:00     责编:卓玛才让

ཉེ་ཆར། ཁྲུང་ཆིང་གི་དམིགས་བསལ་རོལ་ཚོགས་ཤིག་

དྲ་རྒྱར་དར་ཁྱབ་ཆེ་སྟེ།

དེའི་སྐོར་གྱི་བརྙན་ལ་མི་ས་ཡ་གཅིག་ལྷག་གིས་

བལྟས་དང་ལྟ་བཞིན་ཡོད།

རོལ་ཚོགས་དེའི་ཁོངས་མི་ལྔ་པོར།

འབྲེལ་ཡོད་ཀྱི་ཆེད་ལས་སྦྱོང་བརྡར་ཐོབ་མྱོང་མེད་ལ།

ཐ་ན་དེ་སྔོན་རོལ་ཆས་དཀྲོལ་མྱོང་ཡང་མེད་པ་རེད།

 

 

མི་ལྔ་ཡིས་རོལ་ཚོགས་འཛུགས་པའི་རྒྱུ་མཚན་ནི།

ཁོང་ཚོ་ཚང་མ་དབང་པོ་ཞལ་འདེབས་ལེན་མཁན་ཡིན་པ་མ་ཟད།

ཁོང་ཚོར་དབང་པོ་ཞལ་འདེབས་འབུལ་མཁན་ནི།

མིང་ལ་ཧྥེ་ལི་ཕུའུ་ཟེར་བའི་ཨོ་སི་ཁྲུ་ལི་ཡའི་མི་ཞིག་ཡིན་པ་རེད།

 

ཧྥེ་ལི་ཕུའུ་·ཧན་ཁའོ་ཁོ་ནི་90ལོའི་རྗེས་སུ་སྐྱེས་པའི་

ཕོ་གསར་ཞིག་ཡིན་ཞིང་།

འཚོ་བཞུགས་སྐབས་ཁོང་ནི་ཁྲུང་ཆིང་ལྷོ་ནུབ་སློབ་ཆེན་གྱི་

དབྱིན་ཡིག་དགེ་རྒན་ཞིག་ཡིན།

2018ལོའི་ཟླ་5པར། ལོ་27ལ་སླེབས་པའི་ཧྥེ་ལི་ཕུའུ་ལ་

གཅིན་པ་མངར་འགྱུར་གྱི་ནད་ཕོག་ནས་ཚེ་ལས་འདས།

ཁོའི་ཕ་མ་གཉིས་ཀྱིས་ཁོང་འཚོ་བཞུགས་སྐབས་ཀྱི་

འདོད་བློར་བརྩི་འཇོག་བྱས་ཏེ།

ཀྲུང་གོ་ནས་ཁོང་གི་མཆིན་པ་1དང་མཁལ་མ་2 

མིག་སྐྱི་ཆ་1བཅས་ཞལ་འདེབས་སུ་ཕུལ་ཡོད།

 

 

  ཁོང་གི་ཞལ་འདེབས་དེས་ཀྲུང་གོའི་ཞལ་འདེབས་

ལེན་མཁན་མི་ལྔ་ཡི་ཚེ་སྲོག་རྒྱུན་མཐུད་ཐུབ་པ་དང་

 

སླར་ཡང་མི་ཚེའི་འོད་སྣང་མཐོང་ཐུབ་པ་བྱུང་ཡོད་ལ།

    ཧྥེ་ལི་ཕུའུ་ཡང་ཁྲུང་ཆིང་གྲོང་ཁྱེར་ནས་ཕྱི་རྒྱལ་མི་སྣས་

དབང་པོ་ཞལ་འདེབས་འབུལ་མཁན་

ཐོག་མ་དེར་གྱུར་པ་དང་།

ཀྲུང་གོར་བདེ་བླག་ངང་དབང་པོ་ཞལ་འདེབས་ཕུལ་མཁན་

ཕྱི་རྒྱལ་གྱི་གྲོགས་པོ་ཨང་བདུན་པར་ཡང་གྱུར་ཡོད།

 

 

ཞལ་འདེབས་བྱ་ཡུལ་མི་ལྔ་པོའི་ནང་སྨན་པ་དང་ཞིང་བ། 

ཕྱིར་ཚོང་མཁན། ཁ་ལོ་བ་སོགས་ཡོད་ཅིང་།

ལས་རིགས་ཁག་ལས་ཡོང་བའི་ཁོང་ཚོས།

  ཧྥེ་ལི་ཕུའུ་འཚོ་བཞུགས་སྐབས་ཀྱི་རོལ་མོའི་ཕུགས་འདུན་འགྲུབ་ཆེད།

    མིང་ལ་“མི་གཅིག་གི་རོལ་ཚོགས”ཟེར་བའི་རོལ་ཆའི་

རུ་ཁག་ཅིག་འཛུགས་རྒྱུའི་ཐག་བཅད།

 

 

དེ་ཁོང་ཚོར་མཚོན་ན་དཀའ་ཁག་ཆུང་ཆུང་ཞིག་མ་ཡིན་ཏེ།

ཞལ་འདེབས་ལེན་མཁན་ཁོང་ཚོའི་ཁྲོད་ཀྱི་

ཐན་ཏའོ་པིའི་བུ་མོས་གསར་འགོད་པར་བཤད་རྒྱུར།

    “མོས་(ཐན་ཏའོ་པི་)ཡིག་འབྲུ་གཅིག་ཀྱང་ཤེས་ཀྱི་མེད་ལ།

    མོས་རྟག་ཏུ་ཕག་གསོ་བ་དང་ལུག་འཚོས་ནས་བསྡད་ཡོད། ”

    ཞལ་འདེབས་ལེན་མཁན་གཞན་དག་གིས་ཀྱང་

རོལ་དབྱངས་ལ་འབྲེལ་འདྲིས་བྱེད་མྱོང་མེད་པ་རེད།

 

རྒྱུན་འཁྱོངས་བྱེད་ཐུབ་པའི་རྒྱུ་རྐྱེན་བརྗོད་ན།

    ཞལ་འདེབས་ལེན་མཁན་རུས་ནད་ཚན་ཁག་གི་

སྨན་པ་ཁྲེན་ཅིང་ཀྲུང་གིས་བཤད་རྒྱུར།

    ཁོང་ཚོས་རྣམ་པ་དེ་འདྲར་བརྟེན་ནས་ཧྥེ་ལི་ཕུའུ་ཡིས་

ཚེ་སྲོག་ཐེངས་གཉིས་པ་སྤྲད་པར་བཀའ་དྲིན་ཞུ་བཞིན་ཡོད།

 

 

 

 

 

དྲ་གྲོགས་ཚོས་འཛམ་གླིང་གི་བྱམས་སེམས་ཚོར་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་

རོལ་ཚོགས་དེར་བསྟོད་བསྔགས་བཏང་ཡོད།

 

ཚེ་སྲོག་ནི་འཆི་བ་ཙམ་གྱིས་མཇུག་སྒྲིལ་མི་སྲིད་ཅིང་།

    བརྩེ་བ་ཡོད་ན་ཚེ་སྲོག་གི་རྒྱུན་མཐུད་ཐུབ་པས།

    དབང་པོ་ཞལ་འདེབས་འབུལ་མཁན་ཚང་མར་

བརྩི་འཇོག་དང་དྲན་གསོ་ཞུ་འོས་ཤིང་།

   ང་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་

མི་དེ་དག་བློ་ལ་བརྟན་པོར་ངེས་ཤིག

 

དེ་བསྟུན། མི་དེ་བས་མང་པོ་ཞིག་རླབས་ཆེན་གྱི་བྱ་གཞག་འདིའི་ནང་ཞུགས་ཏེ།

    སྐྱེ་བའི་རེ་བ་མུ་མཐུད་དུ་བརྒྱུད་སྤྲོད་ཐུབ་པའི་སྨོན་འདུན་ཞུ།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། པ་སངས་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

གནམ་གྲུ་བརྡབས་པའི་དོན་རྐྱེན་ནང་རྐྱེན་ལམ་ཤོར་མཁན་ལ་མྱ་ངན་ཞུས་པ།

ཟླ་1ཚེས་11ཉིན། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ། མང་ཚོགས་ཀྱིས་ཝུའུ་ཁོ་ལན་གྱི་འགྲིལ་སྐྱེལ་གནམ་གྲུ་ས་ལ་ལྷུངས་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བཞིན་པ། ཝུའུ་ཁོ་ལན་རྒྱལ་སྤྱིའི་གནམ་གྲུ་ཀུང་སིའི་པའོ་དབྱིན་གནམ་གྲུ737-800ཚེས་8ཉིན་གྱི་སྔ་དྲོར་ཐེ་ཧེ་རན་ཧོ་མོན་ཉིང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་འཕུར་བ་རེད། ཡིན་ནའང་།

中央广播电视总台 央广网 版权所有

“མི་གཅིག་གི་རོལ་ཚོགས”ཀྱིས་མི་ཁྲི་སྟོང་མང་པོར་སེམས་འགུལ་ཐེབས་པ།

ཉེ་ཆར།ཁྲུང་ཆིང་གི་དམིགས་བསལ་རོལ་ཚོགས་ཤིག་དྲ་རྒྱར་དར་ཁྱབ་ཆེ་སྟེ།