ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶རང་གི་བྱིས་པ་སྐྱོབ་མི་ཐུབ་ཚེ། གཞན་གྱི་བྱིས་པ་སྐྱོབ།

2020-01-14 10:36:00     责编:sangjzm

ཟླ1པའི་ཚེས7ཉིན། ཅང་སུའུ་སུའུ་ཆན་ཧུའུ་དབྱང་རྫོང་དུ།
ལོ6ཙམ་ལ་སླེབས་པའི་ཞའོ་ཡོན་གློ་བུར་དུ་ནད་ཀྱིས་ཚེ་ལས་འདས།
ཕ་མས་ཁོའི་དབང་བོ་ཞལ་འདེབས་སུ་ཕུལ་རྒྱུར་ཐག་བཅད།
གྲོས་ཆོད་འདིས།
ནད་པ་གཞན་དག་ལ་གསོན་པའི་རེ་བ་བསྩལ།

ཕྱི་དྲོའི་ཆུ་ཚོད3པར།
ཧུའུ་དབྱང་རྫོང་མི་དམངས་སྨན་ཁང་གིICUནད་ཁང་ནང་དུ།
ཞའོ་ཡོན་གྱི་ཕ་མས་བྱིས་པ་མི་ཡུལ་དང་ཁ་འབྲལ་གྲབས་ཡོད་སྐབས།
ཁུ་སིམ་མེར་ཁོའི་གམ་དུ་བསྡད་ནས།
མི་ཚེའི་ཁྲོད་ཀྱི་ཆེས་མཐའ་མའི་དུས་ཚོད་ནང་།
ཁོ་ལ་འདུག་རོགས་བྱས་པ་རེད།

ཞའོ་ཡོན་ལ་ཀླད་སྐྱོན་དང་བརྒྱལ་གཟེར་གྱི་ནད་ཕོག་པས།
ཡར་སྔོན་ཕ་མ་གཉིས་ཀྱིས་ཁོ་རང་ཁྲིད་ནས།
རྒྱལ་ཡོངས་ཀྱི་སྨན་ཁང་མང་པོར་སྨན་བཅོས་བྱེད་དུ་སོང་མོད།
ཕན་འབྲས་ཆེན་པོ་མ་ཐོན།
ཞའོ་ཡོན་གྱི་ནད་གཞི་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས།
ཕ་མ་གཉིས་ཀྱིས་ཐག་གཅོད་ཅིག་བྱས།


ཞའོ་ཡོན་གྱི་ཨ་མ་ཏུང་ཐེན་མེ་ཡིས་བཤད་རྒྱུར།
ངའི་བྱིས་པའི་སྐུ་ཕུང་དང་དབང་བོ་བྱིས་པ་གཞན་ལ་ཞལ་འདེབས་སུ་ཕུལ་ན། ངའི་བྱིས་པ་གསོན་པ་དང་གཅིག་ཡིན་པས། རང་གི་བྱིས་པ་སྐྱོབ་མི་ཐུབ་ཚེ། གཞན་གྱི་བྱིས་པ་སྐྱོབ།

ངས་ཀྱང་བྱིས་པ་གཞན་དག་དགའ་དགའ་སྤྲོ་སྤྲོའི་ངང་འཚར་ལོངས་བྱུང་སྟེ། ནད་གདོན་གྱིས་མནར་གཅོད་མེད་པར་རེ་བ་བྱེད་ཀྱིན་ཡོད། དེ་འདྲའི་ཁྱིམ་ཚང་གི་བྱིས་པ་ཚོ་ངེས་པར་དུ་སྲ་ཞིང་བརྟན་དགོས།


ཞའོ་ཡོན་གྱི་ཨ་ཕས་གསར་འགོད་པར་བཤད་རྒྱུར།
ཞའོ་ཡོན་གྱི་ཕུ་བོ2017ལོའི་སྐབས་སུ།
འགྲིམ་འགྲུལ་དོན་རྐྱེན་དབང་གིས་ཚེ་ལས་འདས། ཁོའི་སྐུ་ཕུང་ཡང་ཞལ་འདེབས་སུ་ཕུལ་ཏེ།
མི་མང་པོ་ཞིག་སླར་ཡང་གསོན་དུ་བཅུག

ཁོ་ཚོས་ད་ཐེངས་ཀྱི་རེ་བ་ཡང་བྱེད་ཐབས་འདི་འདྲར་བརྟེན་ནས་ཞའོ་ཡོན་གྱི་ཚེ་སྲོག
རྣམ་པ་གཞན་ཞིག་གི་ཐོག་ནས་རྒྱུན་མཐུད་འབྱུང་དུ་འཇུག་རྒྱུ་དེ་ཡིན་ཟེར།


རྒྱུས་ལོན་བྱུང་བ་ལྟར་ན། ཞའོ་ཡོན་གྱི་སྐུ་ཕུང་འབྲེལ་ཡོད་སྨན་ཁང་ལ་བསྐྱལ་ཏེ།
གསོ་རིག་ཞིབ་འཇུག་བྱེད་དུ་བཅུག་པ་དང་།
ཁོའི་དབང་བོ་སྤྱོད་རུང་བ་དག་མཛོད་དུ་ཉར་ནས།
དགོས་མཁོ་ཡོད་པའི་མི་རྣམས་ལ་རེ་བ་བསྩལ་པའོ།།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝུའུ་ཤིན་རི།
ཞུ་དག སྒྲོལ་མ།
སྒྲིག་སྒྱུར། རྟ་མགྲིན།

འཛམ་གླིང་སྐར་ཁུངས།

གནམ་གྲུ་བརྡབས་པའི་དོན་རྐྱེན་ནང་རྐྱེན་ལམ་ཤོར་མཁན་ལ་མྱ་ངན་ཞུས་པ།

ཟླ་1ཚེས་11ཉིན། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ། མང་ཚོགས་ཀྱིས་ཝུའུ་ཁོ་ལན་གྱི་འགྲིལ་སྐྱེལ་གནམ་གྲུ་ས་ལ་ལྷུངས་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བཞིན་པ། ཝུའུ་ཁོ་ལན་རྒྱལ་སྤྱིའི་གནམ་གྲུ་ཀུང་སིའི་པའོ་དབྱིན་གནམ་གྲུ737-800ཚེས་8ཉིན་གྱི་སྔ་དྲོར་ཐེ་ཧེ་རན་ཧོ་མོན་ཉིང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་འཕུར་བ་རེད། ཡིན་ནའང་།

中央广播电视总台 央广网 版权所有

▶རང་གི་བྱིས་པ་སྐྱོབ་མི་ཐུབ་ཚེ། གཞན་གྱི་བྱིས་པ་སྐྱོབ།

རང་གི་བྱིས་པ་སྐྱོབ་མི་ཐུབ་ཚེ། གཞན་གྱི་བྱིས་པ་སྐྱོབ། ལོ6ཙམ་ལ་སླེབས་པའི་ཞའོ་ཡོན་གློ་བུར་དུ་ནད་ཀྱིས་ཚེ་ལས་འདས།