ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཡུན་རིང་ཁ་བྲལ་རྗེས་གློ་བུར་དུ་ཕ་མའི་མདུན་དུ་སླེབས་ཚེ།

2020-01-14 09:11:00     责编:卓玛才让

གལ་ཏེ།

ཁྱོད་རང་ཕ་མ་གཉིས་དང་ཡུན་རིང་ཁ་བྲལ་རྗེས།

གློ་བུར་དུ་ཕ་མའི་མདུན་དུ་སླེབས་ན།

ཕལ་ཆེར་འདི་འདྲ་ཡིན་སྲིད།

 

ཉིན་འདི་དག་ལ།

དྲ་གྲོགས་མང་པོས།

ནང་མི་ཚོར་སྔོན་ལ་བརྡ་མ་བཏང་བར།

གློ་བུར་ཁྱིམ་དུ་ལོག་རྗེས།

ནང་མི་ཚོ་དང་མཇལ་བའི་རྣམ་པ་དྲ་ལམ་དུ་སྤེལ་ཡོད་པས།

བརྙན་དེ་དག་ལས་མངོན་པའི།

མིག་ཆུ་དང་འཛུམ་མདངས་བཅས་ཀྱིས།

མི་མང་པོ་ཞིག་ལམ་སེང་ཁྱིམ་དུ་ལོག་འདོད་ཀྱི་

འདུན་པ་ཇེ་དྲག་ཏུ་བཏང་ཡོད།

 

སྒོ་ཕྱེ་བའི་སྐད་ཅིག་མ་དེར།

ཁྱོད་མིག་ལམ་དུ་མངོན་རྗེས།

མིག་ཏུ་འོད་འཚེར་ཞིང་།

གོམ་སྟབས་རླུང་ལྟར་མགྱོགས།

 

ཧང་སངས་པའི་རྣམ་འགྱུར་དེ།

རིམ་གྱིས་འཛུམ་མདངས་སུ་བཞད།

རྨི་ལམ་མམ་མངོན་སུམ་གང་ཡིན་ལ་ཐེ་ཚོམ་སྐྱེས།

སྤྲོ་བ་ཆེན་པོས་གནམ་ལ་མཆོངས་ཤིང་ཐལ་མོ་རྡེབ་པ།

གློ་བུར་ཧོན་ཐོར་ཞིང་།

དེ་ནས་ཡིད་ཆེས་དཀའ་བའི་སྒོ་ནས།

ཁྱོད་ཀྱི་ཕྱོགས་ལ་རྒྱུག་པ།

དྲན་གདུང་དེ་འཛུམ་མདངས་དང་མིག་ཆུའི་ཁྲོད་དུ་འདྲེས།

ཁྱོད་རང་པང་དུ་ལོག་པར་སྒུག་ཡོད།

དགའ་བས་མྱོས་ཏེ་འཁྱར་འཁྱོར་གྱིས་ཁྱོད་ཀྱི་ཕྱོགས་སུ་རྒྱུག་པ།

 

ཁྱིམ་དུ་མ་ལོག་པར་དུས་ཡུན་ཅི་ཙམ་འགོར་སོང་།

ཁྱེད་རང་ཕྱི་ནས་ལོ་གཅིག་ལ་ལས་ཀར་བྲེལ་བ་དང་།

ཁོང་ཚོས་ཁྱིམ་ནས་ལོ་གཅིག་ལ་རེ་སྒུག་བྱས་ཡོད།

 

 

དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བས།

ཁྱིམ་དུ་ལོག་གྲབས་ཡོད་དམ།

ཁོང་ཚོས་ཁྱོད་ལ་སྒུག་ཡོད་ངེས།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཡུན་རིང་ཁ་བྲལ་རྗེས་གློ་བུར་དུ་ཕ་མའི་མདུན་དུ་སླེབས་ཚེ།

ཁྱོད་རང་ཕ་མ་གཉིས་དང་ཡུན་རིང་ཁ་བྲལ་རྗེས།གློ་བུར་དུ་ཕ་མའི་མདུན་དུ་སླེབས་ན།