ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བྱང་ཐང་གི་ཕོ་གཞོན་འདི་ས་གནས་འདིར་སྐད་གྲགས་ཆོད་འདུག

2019-12-02 17:14:00     责编:娜科

 

མི་གཅིག་གིས་ལས་འགན་མང་པོ་ཕྲག་ཏུ་འཁུར།

གྲོང་མིའི་ན་ཚ་དང་སྨན་བཅོས་སྐོར་གླེང་སྐབས། ནག་ཆུ་གྲོང་ཁྱེར་སོག་རྫོང་ཧྲོག་རྟ་ཤང་གྲོང་ཚོ་གཉིས་པའི་སྨན་པ་བསྟན་འཛིན་འགྱུར་མེད་ཀྱིས“ངས་སུ་ལ་ན་ཚ་ཡོད་མེད་དང་། སུའི་མནའ་མར་ཕྲུ་གུ་སྐྱེ་གྲབས་ཡོད་མེད།  ཕྲུ་གུ་སུ་ལ་ག་དུས་སྔོན་འགོག་ཁབ་རྒྱག་རན་མིན་ཚང་མ་གསལ་པོར་ངེས་ཡོད”ཅེས་རྒྱུས་མངའ་ཆེན་པོས་བརྗོད། 

གྲོང་གསེབ་ཀྱི་སྨན་བཅོས་བྱ་གཞག་ཆེད་སྐྱེས་སུ་ཕུལ།

བགྲང་བྱ་སོ་བདུན་ཉིན་གཅིག་ལྟར་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་ནས་ནད་པར་སྨན་བཅོས་བྱས་པ་དང་། ཉིན་མཚན་དབྱེར་མེད་གནམ་གཤིས་ཅི་འདྲ་བསྟན་རུང་། བསྟན་འཛིན་འགྱུར་མེད་ཀྱིས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད། 

གྲོང་མི་ཚོའི་སྨན་པ་བཟང་པོ།

ལོ་མང་རིང་། བསྟན་འཛིན་འགྱུར་མེད་ཀྱིས་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་བྱམས་སྙིང་རྗེའི་སེམས་པ་བཅངས་ནས་གྲོང་མི་མང་པོར་བདེ་ཐང་བསྐྲུན་པས། རང་སྐྱོང་ལྗོངས་དང་། ནག་ཆུ་གྲོང་ཁྱེར། སོག་རྫོང་བཅས་ཀྱིས་སྔ་རྗེས་སུ“སྔོན་ཐོན་མི་སྒེར”དང“སྔོན་ཐོན་དང་བླངས་པར”ཐེངས་ལྔ་བདམས་ཡོད། 

འཇོན་ཐང་དངོས་ལ་གདེང་འཇོག་ཐོབ།

ཕུན་སུམ་ཚོགས་པའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཡོད་པར་བརྟེན། སོག་རྫོང་ཧྲོག་རྟ་ཤང་དུ་བསྟན་འཛིན་འགྱུར་མེད་ཅེས་བརྗོད་ཚེ། ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་མཁན་ཤ་སྟག་ཡིན། 

ཧྲོག་རྟ་ཤང་དུ་ཁོང་གི་སྨན་བཅོས་ལག་རྩལ་སྐད་གྲགས་ཤིན་དུ་ཆེ་བས། ནད་པ་མང་པོ་དེ་གར་སྨན་བཅོས་བྱེད་པར་ཡོང་གི་ཡོད། 

སྙིང་རུས་ཆེ་ལ་ཡག་ཐོག་ཡག་བརྩེགས་བྱེད་པར་བརྩོན།

ཡུལ་མི་ཚོར་སྨན་བཅོས་བྱ་རྒྱུ་བྱུང་བ་ནི་བསྟན་འཛིན་འགྱུར་མེད་ཀྱི་ངོས་ནས་བརྗོད་ན་སྤོབས་པ་ཆེ་ཤོས་ཀྱི་བྱ་བ་ཞིག་རེད། འོན་ཀྱང་སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་ཁོང་ལ་རྒྱུན་དུ་ལས་ཀའི་ཁྲོད་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། 

1999ལོ་ནས་2001ལོ་བར། ཁོང་གིས་སོག་རྫོང་སྨན་རྩིས་ཁང་དུ་སློབ་སྦྱོང་བྱས་པ་དང་རང་ཉིད་ཀྱི་འབད་བརྩོན་འོག སྨན་བཅོས་ཀྱི་ཉམས་མྱོང་ཡང་མང་པོ་བསགས་ཡོད། དེ་ནས་2008ལོར་ཧྲོག་རྟ་ཤང་གྲོང་ཚོ་གཉིས་པའི་སྨན་པ་བྱས། 

2011ལོར་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག ཁོང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་ཟབ་སྦྱོང་བྱེད་པར་ཕྱིན་པ་དང་འབྲེལ། བོད་ལྗོངས་གསོ་རིག་སློབ་གླིང་གི་སློབ་ཐོན་ལག་ཁྱེར་དང་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ལག་ཁྱེར་ཡང་རག་པ་རེད། 

ཡུལ་མི་ཚོའི་བདེ་ཐང་ཆེད་གཡས་གཞོགས་གཡོན་འདེགས་བྱས།

ཁོང་ནད་དང་ཕྱི་ནད་གཉིས་ཀ་སྦྱངས་མྱོང་བའི་ཁོང་གིས་ལོ་མང་རིང་ཧྲོག་རྟ་ཤང་གི་གྲོང་ཚོ་གཉིས་པ་དང་། གསུམ་པ། ལྔ་པ། བརྒྱད་པ་སོགས་སུ་བསྐྱོད་ནས་གྲོང་མི་1200ལྷག་ཙམ་ལ་སྨན་བཅོས་བྱས་ཡོད། 

ནད་པས་ཁ་པར་སླེབས་རིམ་བཞིན། ཁོང་གིས་འཕྲལ་མར་ནད་པའི་ཁྱིམ་དུ་ནད་བལྟ་བར་འགྲོ་བའམ་ཡང་ན། སྒེར་གྱི་མོ་ཊ་བཏང་ནས་ནད་པ་འཕྲོད་བསྟེན་ཁང་དུ་བསུ་ཡི་ཡོད།

རང་འཁྲིའི་ལས་འགན་ལ་འཁང་ར་སྤུ་ཙམ་མེད་པ།

བསྟན་འཛིན་འགྱུར་མེད་ཀྱི་འབད་བརྩོན་འོག ཧྲོག་རྟ་ཤང་གྲོང་ཚོ་གཉིས་པར་སྔོན་འགོག་སྨན་ཁབ་བརྒྱབ་ཚད་100%ཟིན་པ་དང་། ཁོང་གིས་སྔ་ཕྱི་བར་གསུམ་དུ་མི་ཧྲེང་རྒན་རྒོན་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་རོགས་སྐྱོར་བྱེད་ཀྱི་ཡོད། 

སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་བརྩེ་སེམས་དངོས་བཅངས།

བགྲང་བྱ་སུམ་ཅུ་ལྷག་ཙམ་ནང་། བསྟན་འཛིན་འགྱུར་མེད་ཀྱིས་གྲོང་གསེབ་སྨན་པ་ཞིག་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས། རང་ཉིད་ཀྱི་དད་སེམས་དང་མི་ཚེའི་རིན་ཐང་མངོན་པར་བྱས་ཏེ། སྤྱིར་བཏང་གི་ལས་གནས་ཐོག་དུས་རབས་གསར་པའི་ལེའུ་རྩོམ་བཞིན་ཡོད། 

མི་ཞིག་གིས་བྱ་བ་ཙག་ཙིག་ལ་སུན་སྣང་མ་བྱས་ཚེ། བྱ་གཞག་དང་རྒྱུན་གཏན་གྱི་འཚོ་བ་དེ་སྤྱིར་བཏང་མ་ཡིན་པར་འགྱུར་སྲིད། ཕུགས་འདུན་དོན་གཉེར་བྱེད་པའི་བརྒྱུད་རིམ་ནི་ཧ་ཅང་དཀའ་ལ་ཁག་པོ་ཡིན་པས། རང་ཉིད་ཀྱི་ཕུགས་འདུན་ཆེད་འབད་བརྩོན་བྱེད་མཁན་ཚོར་མོས་བསྟོད་ཞུ་འོས་སོ།།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

 

 

中央广播电视总台 央广网 版权所有

བྱང་ཐང་གི་ཕོ་གཞོན་འདི་ས་གནས་འདིར་སྐད་གྲགས་ཆོད་འདུག

གྲོང་མིའི་ན་ཚ་དང་སྨན་བཅོས་སྐོར་གླེང་སྐབས། ནག་ཆུ་གྲོང་ཁྱེར་སོག་རྫོང་ཧྲོག་རྟ་ཤང་གྲོང་ཚོ་གཉིས་པའི་སྨན་པ་བསྟན་འཛིན་འགྱུར་མེད་ཀྱིས“ངས་སུ་ལ་ན་ཚ་ཡོད་མེད་དང་། སུའི་མནའ་མར་ཕྲུ་གུ་སྐྱེ་