ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶རང་རྒྱལ་དུ་འཁྲིག་སྤྱོད་ནི་ཨེ་ཛི་འགོ་ལམ་གཙོ་བོར་གྱུར་ཡོད།

2019-12-02 17:14:00     责编:娜科

 

 

 

     ད་ལོའི་ཟླ་12པའི་ཚེས་1ཉིན་ནི་“འཛམ་གླིང་གི་ཨེ་འགོག་ཉིན་མོ་”ཐེངས་32པ་ཡིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཆ། རང་རྒྱལ་དུ་ཨེ་ཛིའི་ནད་པ་འབུམ་9དང་ཁྲི་5སྟོང་8ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། གཞོན་སྐྱེས་དང་ལོ་ན་60ཡན་གྱི་རྒན་རྒོན་ལ་ཨེ་ཛིའི་ནད་ཀྱི་ནད་དུག་(HIV)འགོ་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མང་ཚོགས་ཀྱིས་ཨེ་ཛི་ལ་དོ་སྣང་ཆེར་འབྱུང་གིན་མེད་པས་ན། རང་རྒྱལ་གྱི་ཨེ་འགོག་ལས་འགན་སྔར་བཞིན་ལྕི།

    ཉེ་བའི་ལོ་ཤས་རིང་ཁྲག་འདྲེན་འགོས་ཁྱབ་བྱུང་བའི་ཨེ་ཛིའི་ནད་པ་ཕལ་ཆེར་མེད་པར་གྱུར་ཡོད་ལ། དུག་ཁབ་བརྒྱབ་པ་དང་མ་བུའི་འགོས་ཁྱབ་སོགས་ཀྱང་སྟངས་འཛིན་ཡག་པོ་བྱུང་ཡོད། ད་ལྟ་འཁྲིག་སྤྱོད་ནི་ཨེ་ཛིའི་འབྱུང་གཞི་གཙོ་བོར་གྱུར་ཡོད་ལ། འདིའི་རྒྱུ་རྐྱེན་སྣ་མང་ཞིང་ཚོད་འཛིན་བྱེད་དཀའ་བས་ཨེ་འགོག་གི་འགན་འཁྲི་སྔར་བཞིན་ལྕི་མོར་ལུས་ཡོད།

  

    ད་ལྟའི་བར། ཨེ་ཛི་རྩ་བཅོས་བྱེད་ཐབས་རྙེད་མེད་ན་ཡང་དུས་ཡུན་རིང་བོར་དུག་འགོག་སྨན་བཅོས་བྱས་ནས་དུག་ཚོད་འཛིན་བྱས་ན། འགོས་ཁྱབ་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད། ནད་པའི་འཚོ་བ་ཇེ་ལེགས་དང་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་ཀྱིན་ཡོད། དུས་ཡུན་རིང་པོར་དུག་འགོག་སྨན་བཅོས་བྱེད་པ་འདི་HIVའགོས་ནད་བཅོས་ཐབས་ཡག་ཤོས་སུ་གྱུར་ཡོད།  

    ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། འདས་པའི་ལོ་བཅུ་ལྷག་སྟེ་2005ལོ་ནས་2018ལོའི་བར། ཨེ་ཛིའི་ནད་ངོས་འཛིན་བྱས་གྲངས་21%ནས་69%ལ་འཕར་བ་དང་། སྨན་བཅོས་བྱས་ཚད་9.8%ནས་83%ལ་འཕར་ཡོད་ལ། ནད་དུག་ཚོད་འཛིན་བྱས་གྲངས་ཀྱང་2011ལོའི་85%ནས་ 2018ལོའི་94%བར་འཕར་ཡོད།

     ཨེ་འགོག་གི་འདུ་ཤེས་ཇེ་ཟབ་དང་། བདེ་ཐང་མིན་པའི་འཁྲིག་སྤྱོད་ལ་འབྱོལ་ཐབས། གང་ནུས་ཅི་ཐུབ་ཀྱིས་ཨེ་ཛིའི་ནད་པ་འཚོལ་ཞིབ་དང་དེ་ལ་སྨན་བཅོས་བྱས་ནས་འཁྲིག་སྤྱོད་ཀྱིས་ཨེ་ཛི་འགོས་ཁྱབ་གཏོང་བ་ཚོད་འཛིན་བྱེད་དགོས་པ་དང་། མ་བུའི་འགོས་ཁྱབ་ཀྱང་སེལ་ཅི་ཐུབ་བྱེད་དགོས། ད་ལོ་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་སོགས་སྡེ་ཁག་10ཡིས་མཉམ་འབྲེལ་ཐོག་《ཨེ་ཛིའི་འགོས་ཁྱབ་ཚོད་འཛིན་བྱེད་པའི་ལག་བསྟར་ཇུས་གཞི་(2019ལོ་ནས་2022ལོའི་བར་)》ཞེས་པ་འགྲེམ་སྤེལ་བྱས་ཏེ། ཨེ་འགོག་ཤེས་བྱ་ཁྱབ་གདལ་བཏང་ནས། རྒན་རྒོན་ལ་ཨེ་འགོག་ཤེས་བྱ་ཁྱབ་གདལ་སློབ་གསོ་བཏང་ནས་ཨེ་འགོ་ཤེས་བྱར་རྒྱུས་ལོན་ཚད་90%ཡན་ལ་སླེབས་པ་དང་། སློབ་འབྲིང་དང་འབྲིང་རིམ་ཆེད་གཉེར་སློབ་གྲྭ་དཀྱུས་མར་ཆགས་སྤྱོད་བདེ་ཐང་དང་ཨེ་འགོག་སློབ་གསོ་བྱེད་པར་ཤུགས་བརྒྱབ་ནས་གཞོན་ནུ་ཚོའི་ཨེ་འགོག་ཤེས་བྱར་རྒྱུས་ལོན་ལོན་ཚད་95%ཡན་ལ་སླེབས་པར་བྱ་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

ཞུ་དག བདེ་ལྷ་མོ།

སྒྲིག་སྒྱུར། བསྟན་རྒྱམ།

 

中央广播电视总台 央广网 版权所有

▶རང་རྒྱལ་དུ་འཁྲིག་སྤྱོད་ནི་ཨེ་ཛི་འགོ་ལམ་གཙོ་བོར་གྱུར་ཡོད།

ད་ལོའི་ཟླ་12པའི་ཚེས་1ཉིན་ནི་“འཛམ་གླིང་གི་ཨེ་འགོག་ཉིན་མོ་”ཐེངས་32པ་ཡིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཆ།