ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྐུ་མཁྱེན། ང་ལ་གཅེས་སྐྱོང་གནང་རོཊ། ངའི་མིང་ལ་པུས་མོ་ཟེར།

2019-11-08 09:27:00     责编:卓玛才让

ད་ཆ་པུས་མོ་ཐང་པོ་མེད་པའི་མི།

ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

 

བསྡོམས་རྩིས་བརྒྱབ་པར་གཞིགས་ན།

མིག་སྔར་རང་རྒྱལ་དུ་རུས་ཚིཊ་གཉན་ཚད་ཕོག་པའི་ནད་པས།

མི་འབོར་སྤྱིའི་བརྒྱ་ཆ་10ལས་བརྒལ་ཡོད།

པུས་མོ་ཐང་ཐང་དེ།

གློ་བུར་དུ་གྱོལ་པོར་འགྱུར་དོན་ཅི།

 

དེ་ནི་པུས་མོའི་ཕྲུམ་རུས་ནས།

གླེང་དགོས།

ཕྲུ་གུ་དམར་འབྱར་བཙས་མ་ཐག

ཆ་ཚང་བའི་པུས་མོའི་ལྷ་ང་ཞིག་མེད།

ཡིན་ནའང་དུས་ཚོད་ཀྱི་འགྲོས་དང་བསྟུན།

པུས་མོའི་ཕྲུམ་རུས་ཀྱི་ཆ་ཤས་སྐྱེ་འཚར་བྱུང་ནས།

པུས་མོའི་གྲུབ་ཆ་ཆ་ཚང་ཞིག་གྲུབ་ཀྱི་ཡོད། 

 

པུས་མོའི་ཕྲུམ་རུས་དེ་ཉིད་པུས་མོའི་གྲུབ་ཆ་གལ་ཆེན་ཡིན་པའི་ངོས་ནས།

 དེའི་བྱེད་ནུས་གཙོ་བོ་ནི།

 གཟུགས་པོའི་གནོན་ཤུགས་འཁུར་བ་དང་། རུས་པའི་བར་གཙུབ་བརྡར་བྱེད་ཚད་ཉུང་དུ་གཏོང་གི་ཡོད།

མ་གཞི་པུས་མོའི་ཕྲུམ་རུས་མཁྲེཊ་པོ་ཡོད་ནའང་།

ཡུན་རིང་ཁུར་གྱིས་ལྕི་བའི་ཐོག

གཙུབ་བརྡར་ཡང་ཡང་བྱེད་དགོས་པར་བརྟེན།

པུས་མོའི་ཕྲུམ་རུས་ཀྱི་བྱེད་ནུས་ཤོར་གྱི་ཡོད།

 

འདི་ལྟར་བྱེད་དོན་གང་ཡིན་ནམ་ཞེ་ན།

པུས་མོའི་ཕྲུམ་རུས་ནི་ཐེངས་གཅིག་རང་བཞིན་གྱི་ཟད་རྫས་ལྟ་བུ་ཡིན།

 གོམ་པ་སྤོ་བ་དང་རྒྱུག་ཤར་གློད་པ། མཆོངས་རྒྱག་རྒྱག་པ་བཅས།

རྒྱུན་གཏན་གྱི་བྱ་སྤྱོད་ཚང་མས་དེའི་ཟད་གྲོན་ཆེ་རུ་འགྲོ་ཡི་ཡོད།

 

མདོར་བསྡུས་ན།

 བེད་སྤྱོད་ག་ཚོད་བྱས་པ། དེ་ཚད་ཀྱིས་ཉུང་དུ་འགྲོ་གི་ཡོད།

 

དོན་དམ་དུ།

པུས་མོའི་ཕྲུམ་རུས་ཐོག་མར་སྐྱེ་དུས།

ཚེ་ཚད་འདང་ངེས་ཡོད།

འོན་ཀྱང་གོམས་གཤིས་ངན་པའི་དབང་གིས།

 པུས་མོའི་ཕྲུམ་རུས་ཁག་ཅིག་སྔ་ས་ནས་ཕན་མེད་དུ་འགྱུར་གྱི་ཡོད།

དེ་ཡང་པུས་མོའི་ཁྲུམ་རུས་ཟད་རྐྱེན་ནི།

 

ཤ་རྒྱགས་པ་ཆགས་པ།

 

གཟུཊ་པོའི་ལྗིད་ཚད་སྤྱི་རྒྱ་གཅིག་རེ་ལྕི་རུ་ཕྱིན་ན།

 

གོམ་པ་སྤོ་སྐབས། པུས་མོའི་ཁུར་པོ་སྤྱི་རྒྱ་གསུམ་གྱིས་ལྕི་རུ་འགྲོ།

རྒྱུག་ཤར་གློད་སྐབས། པུས་མོའི་ཁུར་པོ་སྤྱི་རྒྱ་བཅུ་ཡིས་ལྕི་རུ་འགྲོ

སྡོད་སྟངས་ངན་པ།

སྡོད་ཡུན་རིང་གྲགས་པ།

 

ཡུན་རིང་འགུལ་སྐྱོད་མ་བྱས་ཚེ།

རུས་ཚིཊ་ཀྱི་བཅུད་འཁོར་རྒྱུག་དལ་དུ་འགྲོ་བ་དང་།

 ཕྲུམ་རུས་ལྟོགས་ཤི་ཐེབས་པར་བྱེད།

དེ་བས་སྐྲག་སྣང་སྐྱེ་འོས་པ་ཞིག་ནི།

ཕྲུམ་རུས་ལྟོགས་ཤི་ཐེབས་པ་དེ་།

མི་ལ་ཚོར་སྣང་གང་ཡང་ཡོང་མི་སྲིད།

དེ་ཡང་ཐོག་མར་པུས་མོ་གུག་སྐབས་རེ་སྒྲ་གྲཊ་ཀྱི་ཡོད།

དེ་ནས་ག་ལེར།

རྒྱུག་ཤར་གློད་རྗེས་པུས་མོ་ཡུན་རིང་མི་བདེ་བའི་སྣང་བ་ཡོང་གི་ཡོད།

མཇུག་ཏུ་རུས་ཚིཊ་མཁྲེཊ་པོ་ཆགས་པ་དང་།

ཐ་ན་གཤཊ་བཅོས་ཀྱང་བྱེད་དགོས་ཀྱི་ཡོད།

དེར་བརྟེན་ཐོག་མ་ནས་པུས་མོར་བདག་གཅེས་བྱེད་པ་ལས།

ན་དུས་གཞི་ནས་འགྱོད་པ་སྐྱེས་ན་ཕྱི་དྲགས་པ་རེད།

 

གོང་གསལ་གྱི་རྒྱུན་ཤེས་དེ་དག་མཁྱེན་རྗེས།

སོ་སོའི་པུས་མོར་ཚོད་ལྟ་ཞིག་གྱིས་དང་།

 

བྱ་གག་གོམ་བགྲོད།

གོང་གི་འགུལ་རིས་ལྟར་ཕེབས་ནས་ཚོད་ལྟ་གནང་དང་།

གལ་ཏེ་མར་ཙོག་སྐབས།

པུས་མོའི་ལྷ་ངར་ཁབ་བཙུཊ་པ་ལྟར་གྱི་ན་ཟུག་བཏང་ཚེ།

པུས་ཚིཊ་ཕྲུམ་རུས་ལ་ཕལ་ཆེར་ན་ཚ་ཡོད་པ་གསལ་བཤད་ཐུབ།

 

གལ་ཏེ་གོམ་པ་སྤོ་སྐབས་པུས་མོ་འཁར་ནས་འགུལ་སྐྱོད་མ་ཐུབ་ཚེ།

པུས་ཚིགས་རུས་སྙི་ཟླ་གམ་མར་ན་ཚ་ཡོད་པ་གསལ་བཤད་ཐུབ།

 

གལ་ཏེ་ཚོད་ལྟ་ཚར་རྗེས་མི་བདེ་བ་གང་ཡང་མ་བྱུང་ཚེ།

ཁྱེད་ཀྱི་པུས་མོ་ཐང་པོ་ཡོད་པ་ར་སྤྲོད་ཐུབ་པས།

སྔོན་འགོག་བྱས་ན་འགྲིག་གི་ཡོད།

 

 

སྔོན་འགོག་བྱ་ཐབས་དང་པོ།  གཟུགས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱ་དགོས།

 

སྔོན་འགོག་བྱ་ཐབས་གཉིས་པ། རྐུབ་བཙུགས་ནས་ཡུན་རིང་པོ་སྡོད་མི་རུང་།

 

ཆུ་ཚོད་གཅིག་རེ་ཟིན་སྐབས་ཡར་ལངས་ཏེ་སྐར་མ་5འགྲོ་བསྐྱོད་བྱས་ཚེ།

གཟུགས་པོའི་ལྡེམ་ཤུགས་སླར་གསོ་ཐུབ་པ་མ་ཟད།

ད་དུང་ཕྲུམ་རུས་ལ་འཚོ་བཅུད་མཁོ་འདོན་བྱ་ཐུབ།

 

སྔོན་འགོག་བྱ་ཐབས་གསུམ་པ།  ལུས་སྦྱོང་འོས་འཚམ་བྱེད་དགོས།

 

སྟབས་ཧ་ཅང་བདེ་བའི་རྐང་པ་འགུལ་སྟངས་གསུམ་གྱིས།

པུས་མོར་བདག་གཅེས་བྱེད་ཐུབ་ལ།

སྦྱོང་བརྡར་བྱེད་ཆོག་ཆོག་ཡིན་པས།

མགྱོགས་པོ་ཚོད་ལྟ་ཞིག་གྱིས་དང་།

འགུལ་སྟངས་དང་པོ།  སྡོད་མ་ཙོག་གིས་གྱང་ལ་སྙེས་ནས་སྡོད་པ།

 

རྐང་པ་གཉིས་དཔྱི་ཚིགས་དང་གཅིག་མཚུངས་ཀྱིས་ཁ་ཕྲལ་དགོས།

པུས་མོ་རྐང་པའི་མཛུབ་མོའི་རྩེ་ལས་བརྒལ་མི་རུང་།

 

 ལུས་སྟོད་གྱང་ངོས་སུ་དམ་པོར་སྦྱར་ནས།

རྐང་པའི་ཉྭ་ས་ལ་ཁ་ཐུག་བཙུགས་དགོས།

 

རྐང་པའི་བརླ་ཤར་ན་ཟུག་མ་བཏང་བར་ཙོག་བུར་སྡོད།

ལུས་སྦྱོང་དེ་ཡང་བསྐོར་བསྐྱར་བསྐོར་ཐེངས་5-6 བར་རྩེད་དགོས།

 

འདི་ལྟར་སྡོད་མི་རུང་།

དེ་བལྟས་ཚོད་ཀྱིས་མདོག་ཉེས་པ་མ་ཟད།

སྦྱོང་བརྡར་གྱི་ཕན་འབྲས་གང་ཡང་མེད།

གལ་ཏེ་འགུལ་སྟངས་དང་པོ་དེ་ལེགས་གྲུབ་བྱེད་དཀའ་བསམ་ན།

གཤམ་གྱི་འགུལ་སྟངས་དེ་འདྲ་བྱོས།   

 

སྟོད་ཁོག་གྱང་ངོས་སུ་དམ་པོར་སྦྱར། 

རྐང་རྟིང་གིས་ཤུགས་རྒྱབ་ནས་མར་ཐེངས་8-12བར་སྡོད།

 འགུལ་སྟངས་གཉིས་པ། མར་བསྡད་ནས་རྐང་པ་འགྱོག་པ། 

རྐུབ་སྟེགས་སྟེང་བསྡད་ནས།  

པུས་མོ་རྐུབ་སྟེགས་ལས་བྲལ་བ།

 

རྐང་པ་ཡར་བཀྱག་ནས་སྙོམས་པོར་འཇོག་པ།

རྐང་མཛུབ་ནས་བརླ་ཤར་ཤུགས་སྤྲོད་དགོས།

 

ཡར་བཀྱག་ནས་སྐར་ཆ་30བསྡད་རྗེས་ངལ་གསོ་སྐར་ཆ་5རྒྱག་པ།

དེ་ཡང་བསྐོར་བསྐྱར་བསྐོར་བྱེད་པ།

 

གླགས་ཡུས་བཤད་འདྲའི་བྱེད་སྟངས་འདི་རིགས་བྱེད་མི་རུང་།

བལྟས་ཚོད་ཀྱིས་ཤ་ཚ་བ་ཞིག་ཡོད་མོད།

ཕན་པ་གང་ཡང་མེད།

སྒུལ་སྟངས་གསུམ་པ། མར་བསྡད་ནས་རྐང་པ་གཉིས་ཕན་ཚུན་བཙིར་བ།

 

རྐུབ་སྟེགས་སྟེང་བསྡད་དེ་རྐང་པ་གཉིས་ཀྱིས་སྔས་མགོ་བཙིར་བའམ།

ཡང་ན་བསྙལ་ཉ་བཙིར་བ།

 

བརླ་ཤས་ཤུགས་རྒྱབ་ཏེ་ཤུགས་གང་ཡོད་ཀྱིས་སྐར་ཆ་10བཙིར་བ།

དེ་ཡང་བསྐོར་བསྐྱར་བསྐོར་ཐེངས་10བྱེད་པ།

གལ་ཏེ་སྔས་མགོའམ་བསྙལ་ཉ་མེད་ཚེ།

ལག་པ་བརླ་ཤའི་བར་དུ་བཅུག་ནས་བཙིར་ན་ཆོག

 

རྐང་པ་གཉིས་ཀྱི་བརླ་ཤའི་བར་ལག་པ་བཅུག་ནས་སྐར་ཆ་10བཙིར་རྗེས། 

དེ་ཡང་བསྐོར་བསྐྱར་བསྐོར་ཐེངས་10བྱེད་པ།

གོང་གསལ་གྱི་འགུལ་སྟངས་གསུམ་པོ་ནི།

ལས་སྟེགས་ཐོག་སྒྲུབ་ཐུབ་པ་ཞིག་ཡིན།

ལས་སླ་བ། སྟབས་བདེ་བ། སྒྲུབ་བདེ་བ།

མཇུག་ཏུ། ལྷན་རྒྱས་ལ་ཞུ་རྒྱུར།

 

པུས་མོར་གཅེས་སྤྲས་མ་གནང་ན། 

རྒས་དུས་འགྱོད་པའི་གླིང་ལ་བསྐྱལ་ཡོང་ངོ་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

སྐུ་མཁྱེན། ང་ལ་གཅེས་སྐྱོང་གནང་རོཊ། ངའི་མིང་ལ་པུས་མོ་ཟེར།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།མིག་སྔར་རང་རྒྱལ་དུ་རུས་ཚིཊ་གཉན་ཚད་ཕོག་པའི་ནད་པས།