ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཨེ་མ་ཧོ། སློབ་གྲོཊ་བར་གྱི་མི་སེམས་འགུལ་བའི་བརྩེ་བ་རྣལ་མ་ཞིག

2019-11-07 09:08:00     责编:卓玛才让

སློབ་གྲོགས་ཚོས།

ང་ཚོ་ཚང་མ་སློབ་གྲོགས་རེད་ལ།  དེ་བས་གྲོགས་པོ་ཡིན་པས།

སློབ་ཆེན་ལོ་བཞི་ང་ཚོས་གྲོགས་པོ་ཁྱེད།

སྒལ་པར་འཁུར་ནས་སློབ་ཁང་དུ་སྐྱེལ་འདོད་ཡོད་ཅེས་བརྗོད།

 

ཟླ་10པའི་ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད་7དང་སྐར་མ་50ཐོག 

ཧུ་ནན་ཚན་རྩལ་སློབ་གླིང་དུ།

སློབ་ཐུན་དང་པོ་ཚོགས་གྲབས་ཡོད་པས།

སློབ་མ་ཀྲའོ་ཞོལ་ཁྲེང་གིས་སློབ་གྲོཊ་ལི་ཅི་ཆིན།

སྒལ་པར་ཁུར་ནས་ཐོག་བརྩེཊ་ལྔ་པའི་སློབ་ཁང་དུ་བསྐྱོད།

རྒྱབ་ནས་སློབ་གྲོཊ་བུ་ཁ་ཤས་ཀྱིས་གཟབ་ནན་གྱིས་བསྐྱོར།

སྤྱི་ཟླ་9པར་སློབ་འགོ་ཚུགས་ཚུན།

ཉིན་ལྟར་སློབ་གྲོཊ་སྒལ་པར་ཁུར་ནས་སློབ་ཚན་ལ་འགྲོ་བ་དེ།

ཁོང་ཚོས་ཟླ་བ་གཉིས་ལྷག་རྒྱུན་འཁྱོངས་བྱས་ཟིན།

 

གང་དེ།  སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གི

རྒྱུན་གཏན་ཡིན་ལ་དམིཊ་བསལ་གྱི་མཛེས་ལྗོངས་ཤིག་ཏུ་གྱུར།

 

    ལི་ཅི་ཆིན་ནི་ཧུའུ་ནན་ཚན་རྩལ་སློབ་གླིང་གི་2019ལོའི་རྩིས་འཕྲུལ་ཚན་རིག་དང་ལག་རྩལ་ཆེད་ལས་ཀྱི་སློབ་མ་ཞིག་རེད།  ལྷན་སྐྱེས་ཀྱི་ནད་གཞིའི་དབང་གིས་གོམ་པ་སྤོ་ཐུབ་ཀྱི་མེད། 

    འཛིན་གྲྭའི་སློབ་མ་བུ་ཚང་མས་རང་མོས་ཐོག་རེས་མོས་བྱས་ནས་ཁོ་པ་ཡར་སྐྱེལ་མར་སྐྱེལ་བྱེད་པ་དེ་སློབ་གྲྭའི་ནང་གི་ཆེས་རྒྱུན་གཏན་དང་དམིགས་གསལ་ཅན་གྱི་མཛེས་ལྗོངས་ཤིག་ཏུ་གྱུར།

     ཉིན་རེའི་སློབ་ཐུན་དང་པོ་མ་འཚོག་གོང་དུ། ལི་ཅི་ཆིན་རྐུབ་སྟེགས་འཁོར་ལོ་ཅན་ལ་བསྡད་ནས་སློབ་ཁྲིད་ཐོག་ཁང་གི་གཤམ་དུ་ཡོང་གི་ཡོད།  ཉིན་ལྟར་ཁོ་པ་སློབ་ཁང་དུ་སྐྱེལ་མཁན་གྱི་སློབ་མས་དེ་གར་སྒུག་ནས་སྡོད་པ་དང་།  གཅིག་གིས་ཁོ་པ་སྒལ་པར་ཁུར་ཅིང་། གཉིས་ཀྱིས་རྒྱབ་ནས་སྐྱོར་བ།  ད་དུང་གཉིས་ཀྱིས་དཔེ་ཁུག་ཁུར་རོགས་བྱེད་ཀྱི་ཡོད། 

     ལི་ཅི་ཆིན་ལ་རྒྱ་མ་150ཡོད་ཅིང་།  ཁོ་སློབ་ཚན་ཚོགས་སའི་སློབ་ཁང་དེ་ཐོག་བརྩེགས་བཞི་པ་ལྔ་པར་ཡོད།  འཛིན་གྲྭ་གཅིག་པའི་སློབ་གྲོགས་ཚོས་ཁོ་པ་སྒལ་པར་འཁུར་ནས་སློབ་ཁང་དུ་སྐྱོད་པར་སྐར་མ་གསུམ་འགོར་གྱི་ཡོད།  སློབ་གྲོགས་ ཤེད་ཤུགས་ཆུང་བ་ཁག་ཅིག་སློབ་ཁང་དུ་སླེབས་དུས་རྔུལ་ཆུས་གྱོན་ཆས་ཀྱས་རློན་པར་འགྱུར་གྱི་ཡོད།

འཛིན་གྲྭའི་ནང་དུ་སློབ་མ་བུ་30ཡོད་པ་དང་།

ཚང་མས་ལི་ཅི་ཆིན་སྒལ་པར་འཁུར་ནས།

སློབ་ཁང་དུ་སྐྱེལ་རོགས་བྱ་རྒྱུའི་ཐོ་འགོད་བྱས་ཡོད།

  

    སྤྱི་ཟླ་9པའི་ཚེས་7ཉིན།  ལི་ཅི་ཆིན་དང་ཁོ་པའི་ཨ་མ།  གཅེན་མོ་བཅས་མཉམ་དུ་སློབ་གྲྭར་འབྱོར་ཐོ་འགོད་པར་སླེབས་ཡོད།  གློག་རྡུལ་དང་ཆ་འཕྲིན་ལས་གྲྭའི་སློབ་གླིང་གི་དགེ་སློབ་ཀྱིས་ཁོ་པའི་དམིགས་གསལ་གནས་ཚུལ་དེ་ཤེས་རྗེས། བྲེལ་འཚུབ་ངང་དགེ་རྒན་ལས་ཤག་གི་ཐོག་བརྩེགས་དང་པོ་ནས་ཉལ་ཁང་གཅིག་ལ་གཙང་སྦྲ་བྱས་ཏེ་ལི་ཅི་ཆིན་དང་ཁོ་པའི་ཨ་མར་ཁང་གླ་མི་དགོས་པར་སྤྲད། 

    སྡོད་ས་ཐག་གཅོད་ཐུབ་རུང་།  སློབ་ཚན་འཚོག་པར་འགྲོ་རྒྱུ་དེ་ནི་སྔར་བཞིན་དཀའ་ངལ་ཞིག་ཏུ་གྱུར།  ཧུའུ་ནན་ཚན་རྩལ་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་མང་ཆེ་བར་གློག་གི་སྐས་ཀ་སྒྲིག་སྦྱོར་བྱས་མེད། དེར་བརྟེན།  ལི་ཅི་ཆིན་སློབ་ཞུགས་བྱས་རྗེས།  ཟུར་ཁྲིད་དགེ་རྒན་ཁྲེན་ཧུའེ་ལིང་གིས་འཛིན་གྲྭའི་སློབ་མ་བུ་རྣམས་ནས་ཁོ་པ་སྒལ་པར་འཁུར་ནས་སློབ་ཁང་དུ་སྐྱེལ་རྒྱུར་རང་མོས་ཐོ་འགོད་བྱ་རྒྱུ་སྒྲིག་འཛུགས་གནང་། 

    རྒན་ཁྲེན་ཧུའེ་ལིང་ལགས་དགའ་འོས་པ་ཞིག་ལ་འཛིན་གྲྭའི་ནང་གི་བུ་30ཚང་མས་ཐོ་འགོད་བྱས་ཡོད།

 

    སློབ་མའི་དམག་སྦྱོང་མཇུག་འགྲིལ་རྗེས།  འཛིན་བདག་ཀྲའུ་ཡའོ་ཧུའེ་ཡིས་བཀོད་སྒྲིག་རེའུ་མིག་ཅིག་བཟོས་ཡོད།   དེ་ཡང་ཉིན་ལྟར་སློབ་མ་5ལི་ཅི་ཆིན་ལ་རོགས་པ་བྱེད་པར་བཀོད་སྒྲིག་གནང་བས་མ་ཚད་སློབ་མ་5ཡི་ཁྲོད་དུ་ངེས་པར་དུ་ཅུང་སྟོབས་ཆེ་བ་གཅིག་བཀོད་སྒྲིག་གནང་།

  སློབ་གྲོགས་ཚོས།

ང་ཚོ་ནི་སློབ་གྲོགས་རེད་ལ།  གྲོགས་པོ་ཡིན་པས།

སློབ་ཆེན་གྱི་ལོ་བཞི།

ང་ཚོས་ཁྱེད་རང་སྒལ་པར་འཁུར་ནས།

སློབ་ཚན་འཚོག་པར་འགྲོ་འདོད་ཡོད་ཅེས་བཤད།

 

    སློབ་གྲོགས་ཀྱི་རོགས་རམ་ལ་ལི་ཅི་ཆིན་སེམས་འགུལ་ཚད་མེད་ཐེབས།  ལི་ཅི་ཆིན་གྱིས་ཁོ་པ་སྒལ་པར་ཁུར་ནས་སློབ་ཚན་འཚོག་པར་འགྲོ་རིམ་བཞིན།  སློབ་གྲོགས་ཚོར་ཐུགས་རྗེ་ཆེ་ཞུ་བའི་སྐད་ཆ་མང་པོ་ཤོད་ཀྱི་ཡོད། 

    ཡིན་ནའང་།  སློབ་གྲོགས་ཚོས།  ཚང་མ་སློབ་གྲོགས་རེད་ལ།  གྲོགས་པོ་ཡིན་པས།  སློབ་ཆེན་ལོ་བཞི་ང་ཚོས་ཁྱེད་རང་སྒལ་པར་འཁུར་ནས་སློབ་ཚན་ཚོགས་པར་འགྲོ་འདོད་ཡོད་ཅེས་ཤོད་ཀྱི་ཡོད།

     ལི་ཅི་ཆིན་གྱིས་གསར་འགོད་པར།  འཛིན་གྲྭའི་དྲོ་སྐྱིད་དབང་གིས་སློབ་གྲྭར་ཞུགས་ཚུན་ང་རང་སེམས་པ་སྐྱིད་པོ་བྱུང་།  སློབ་ཁང་དང་ཚོད་ལྟ་ཁང་གང་ཡིན་རུང་།  ང་རང་གང་དུ་འགྲོ་འདོད་ཀྱང་དེར་སླེབས་ཀྱི་འདུག་ཅེས་བཤད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ཨེ་མ་ཧོ། སློབ་གྲོཊ་བར་གྱི་མི་སེམས་འགུལ་བའི་བརྩེ་བ་རྣལ་མ་ཞིག

ལི་ཅི་ཆིན་ནི་ཧུའུ་ནན་ཚན་རྩལ་སློབ་གླིང་གི་2019ལོའི་རྩིས་འཕྲུལ་ཚན་རིག་དང་ལག་རྩལ་ཆེད་ལས་ཀྱི་སློབ་མ་ཞིག་རེད།