ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཕུའུ་ཅིང་གིས་གདོད་མའི་ནགས་ཚལ་དུ་འཁྲུངས་སྐར་ལ་རོལ་བ།

2019-10-09 09:20:00     责编:卓玛才让

འཁྲུངས་སྐར་གྱི་སྔ་ནུབ་ཏུ་ཕུའུ་ཅིང་གིས་མཐོ་རིམ་དཔོན་རིགས་ཁག་གཅིག་དང་མཉམ་དུ་རླངས་འཁོར་བཏང་ནས་ཐང་རྒོད་དུ་བསྐྱོད་དེ་སྟོན་ཁའི་རང་བྱུང་མཛེས་ལྗོངས་ལ་གཟིགས་པ་རེད།

    ད་ལོའི་ཟླ་10ཚེས་7ཉིན་ནི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལོ་67ལ་སླེབས་པའི་འཁྲུངས་སྐར་ཡིན། ཁེ་ལི་མུའུ་ལིན་ཕོ་བྲང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས་བཤད་པར་གཞིགས་ན། དེ་ཉིན་ཕུའུ་ཅིང་གིས་གཉེན་ཉེ་དང་གྲོགས་པོ་ཚོ་དང་མཉམ་དུ་རང་བྱུང་ཁམས་ཆེན་པོ་ནས་རྟེན་འབྲེལ་ཞུས་ཡོད་པ་རེད།

     ཚེས་7ཉིན་ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕེ་སི་ཁོ་ཧྥུ་ཡིས་ཨུ་རུ་སུའི་ཙུང་ཐུང་འཁྲུངས་སྐར་གྱི་སྔ་ནུབ་ཏུ་ཞི་པོ་ལི་ཡའི་གདོད་མའི་ནགས་ཚལ་དུ་འབྱོར་ནས་དེ་གར་སྟོན་ཀའི་རང་བྱུང་མཛེས་ལྗོངས་ལ་གཟིགས་བཞིན་ཡོད་ཅེས་བཤད་ཡོད་པ་དང་། ཕེ་སི་ཁོ་ཧྥུ་ཡིས། ཙུང་ཐུང་ཉིན་འགའི་སྔོན་ལ་ཞི་པོ་ལི་ཡར་སླེབས་ཡོད་པ་དང་། ཁོང་རང་བྱུང་ཁམས་ལ་དགའ། སྟོན་ཁའི་ཁབ་ལོ་ནགས་ལ་དགའ་ཞེས་བཤད་ཡོད་པ་རེད།

    ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕུའུ་ཅིང་གིས་རྟག་ཏུ་ལས་ཀའི་ཁྲོད་འཁྲུངས་སྐར་གཏོང་གི་ཡོད་པ་དཔེར་ན། 2017ལོའི་ཟླ་10ཚེས་7ཉིན་ཕུའུ་ཅིང་གི་ལོ་65ལ་སླེབས་པའི་འཁྲུངས་སྐར་ཉིན་མོར་ཉིན་རེའི་ལས་རིམ་རེའུ་མིག་ནས་ཁ་འབྲལ་ཐབས་མེད་པས་ཁ་པར་མང་པོ་རྒྱག་དགོས་པ་མ་ཟད། ཨུ་རུ་སུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་2014ལོའི་ཟླ་10ཚེས་7ཉིན་ཕུའུ་ཅིང་གིས་དངོས་གཞིའི་དགོངས་པ་ཞུས་ནས་ཞི་པོ་ལི་ཡའི་ཁབ་ལོ་ནགས་ཚལ་དུ་བསྐྱོད་རྒྱུའི་རེ་ཞུ་བྱས་པ་དང་། ཕུའུ་ཅིང་རང་ཉིད་ཀྱིས་ཉིན་2རྗེས་སུ་བཤད་པ་ལྟར་ན། ཁོང་རི་ཁྲོད་དུ་རྐང་ཐང་ལ་སྤྱི་ལེ་9ཙམ་བསྐྱོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有