བོད་ཀྱི་རིགས་རུས་ཆོ་འབྲིང་གི་འབོད་མིང་བོད་རྒྱ་ཤན་སྦྱར།
སྤེལ་བའི་དུས་ཚོད། : 2019-02-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཁྱོ་བོ། ཁྱོ་ག(丈夫)——བཟའ་ཟླ་ཕོ་ལ་ཟེར།
ཆུང་མ། (妻子)——བཟའ་ཟླ་མོ་ལ་ཟེར།
མག་པ། (女婿)——རང་གི་བུ་མོའི་ཁྱོ་བོར་མག་པ་ཟེར།
མནའ་མ། (儿媳妇)——རང་གི་བུའི་ཆུང་མར་མནའ་མ་ཟེར།
སྙིད་པོ། (大、小叔子)——ཁྱོ་གའི་ཕུ་བོ་དང་ནུ་བོ་ནི་ཆུང་མའི་སྙིད་པོ་ཡིན།
སྙིད་མོ། (大、小姑子)——ཁྱོ་གའི་ཨ་ཅེ་དང་ནུ་མོ་ནི་ཆུང་མའི་སྙིད་མོ་ཡིན།
སྒྱུག་པོ། (公公)——ཁྱོ་གའི་ཨ་ཕ་ནི་ཆུང་མའི་སྒྱུག་པོ་ཡིན།
སྒྱུག་མོ། (婆婆)——ཁྱོ་གའི་ཨ་མ་ནི་ཆུང་མའི་སྒྱུག་མོ་ཡིན།
སྐུད་པོ། (大、小舅子)——ཆུང་མའི་ཕུ་བོ་དང་ནུ་བོ་ནི་ཁྱོ་གའི་སྐུད་པོ་ཡིན།
སྐུད་མོ། (大、小姨子)——ཆུང་མའི་ཨ་ཅེ་དང་ནུ་མོ་ནི་ཁྱོ་གའི་སྐུད་མོ་ཡིན།
གྱོས་པོ། (岳父)——ཆུང་མའི་ཨ་ཕ་ནི་ཁྱོ་གའི་གྱོས་པོ་ཡིན།
གྱོས་མོ། (岳母)——ཆུང་མའི་ཨ་མ་ནི་ཁྱོ་གའི་གྱོས་མོ་ཡིན།

སྤུན་མཆེད་ཤ་ཉེའི་སྐོར་གྱི་འབོད་མིང་།
རང་ཉིད་ཕོ་ཡིན་པའི་དབང་དུ་བཏང་ན།
གཅེན་པོ། ཕུ་བོ། (哥哥)——རང་གི་སྤུན་ཆེ་བ་ལ་ཟེར།
གཅེན་མོ། ཨ་ཅེ། (姐姐)——རང་གི་སྲིང་མོ་ཆེ་བ་ལ་ཟེར།
གཅུང་བོ། ནུ་བོ། (弟弟)——རང་གི་སྤུན་ཆུང་བ་ཟེར།
གཅུང་མོ། ནུ་མོ། (妹妹)——རང་གི་སྲིང་མོ་ཆུང་བ་ལ་ཟེར།
སྲིང་མོ། (兄妹)——རང་གི་ནུ་མོ་ནི་རང་གི་སྲིང་མོ་ཡིན།

རང་ཉིད་མོ་ཡིན་པའི་དབང་དུ་བཏང་ན།
ཨ་ཅེ། གཅེན་མོ། (姐姐)——རང་གི་སྲིང་མོ་ཆེ་བ་ཡིན།
ནུ་མོ། གཅུང་མོ། (妹妹)——རང་གི་སྲིང་མོ་ཆུང་བ་ཡིན།
ཕུ་བོ། གཅེན་པོ། (哥哥)——རང་གི་སྤུན་ཆེ་བ་ཡིན།
ནུ་བོ། གཅུང་བོ། (弟弟)——རང་གི་སྤུན་ཆུང་བ་ཡིན།
མིང་བོ། (兄弟)——རང་གི་ནུ་བོ་ནི་རང་གི་མིང་བོ་ཡིན།
སྲུ་མོ། ཨ་སྲུ། (嫂子)——རང་གི་ཕུ་བོའི་ཆུང་མ་ལ་ཟེར།

ཕ་ཚན་གྱི་འབོད་མིང་།
ཨ་མེས།ཨ་མྱེས། སྤོ་བོ། མེས་པོ།(祖爷、爷爷)——རང་གི་ཕའི་ཕ་ལ་ཟེར།
ཡང་མེས། ཡང་མྱེས། (曾祖)——རང་གི་ཨ་མེས་ཀྱི་ཕ་ལ་ཟེར།
ཨ་ཕྱི། རྨོ་བོ། མེས་མོ། (祖母、奶奶)——རང་གི་ཨ་ཕའི་མ་ལ་ཟེར།
ཡང་ཕྱི། (曾祖姆)——རང་གི་ཨ་ཕྱིའི་མ་ལ་ཟེར།
ཨ་ཁུ། (叔伯、叔叔)——རང་གི་ཨ་ཕའི་གཅེན་པོ་དང་གཅུང་བོ་ལ་ཟེར།
ཨ་ནེ། (姑母、姑姑)——རང་གི་ཨ་ཕའི་སྲིང་མོ་སྟེ་གཅེན་མོ་དང་གཅུང་མོ་ལ་ཟེར།
ཨ་བང་། བང་བོ། (姑父)——རང་གི་ཨ་ཕའི་སྲིང་མོ་སྟེ་ཨ་ནེའི་ཁྱོ་བོ་ལ་ཟེར།

མ་ཚན་གྱི་འབོད་མིང་།
མ་མེས། སྤོ་བོ། (外公、姥爷)——རང་གི་ཨ་མའི་ཕ་ལ་ཟེར།
མ་ཕྱི། རྨོ་བོ། (外婆、姥姥)——རང་གི་ཨ་མའི་ཨ་མ་ལ་ཟེར།
ཡང་མེས། ཡང་མྱེས། (曾祖)——རང་གི་མ་མེས་ཀྱི་ཨ་ཕ་ལ་ཟེར།
ཡང་ཕྱི། (曾祖母)——རང་གི་མ་ཕྱིའི་མ་ལ་ཟེར།
ཞང་བོ། ཨ་ཞང་། (舅父、舅舅)——རང་གི་ཨ་མའི་གཅེན་པོ་དང་གཅུང་བོ་ལ་ཟེར།
ཞང་བཟའ། (舅母、舅妈)——ཞང་པོའི་བཟའ་ཟླ།
ཨ་ནེ། (姨、姨妈)——རང་གི་ཨ་མའི་གཅེན་མོ་དང་གཅུང་མོ་ལའང་ཟེར།
བང་བོ། (姨夫、姨爹)——རང་གི་ཨ་ནེ་སྟེ་ཨ་མའི་གཅེན་མོ་དང་གཅུང་མོ་ཡི་ཁྱོ་བོ་ལའང་ཟེར།

བུ་རབས་ཚ་རྒྱུད།
ཚ་བོ། (孙子)——རང་གི་བུ་དང་བུ་མོའི་བྱིས་པ་ཕོ་ནི་རང་གི་ཚ་བོ་ཡིན།
ཚ་མོ། (孙女)——རང་གི་བུ་དང་བུ་མོའི་བྱིས་པ་མོ་ནི་རང་གི་ཚ་མོ་ཡིན།
ཡང་ཚ། (曾孙)——རང་གི་ཚ་བོ་དང་ཚ་མོའི་བྱིས་པ་ནི་རང་གི་ཡང་ཚ་ཡིན།
གཞི་ཚ། (玄孙)——རང་གི་ཡང་ཚའི་བྱིས་པ་ནི་རང་གི་གཞི་ཚ་ཡིན།
མ་ཡར། མ་དོད། མ་ཚབ། (后母、继母)——རང་གི་མ་ངོ་མ་ཤི་བའམ་ཡང་ན་གཉེན་འཐོར་བྱས་རྗེས་སླར་ཡང་ཕ་དང་གཉེན་སྒྲིག་བྱས་པའི་བུད་མེད་ནི་རང་གི་མ་ཡར་ཡིན།
མ་མ། བུ་རྫི་མ། (保姆、乳母)——བྱིས་པ་སྙོར་མཁན་གྱི་བུད་མེད་ཀྱི་མིང་།
བུ་ཚབ། བུ་སྐལ། (养子、继子)——བུ་དོད་ཀྱི་མིང་།
བག་མ། བག་གསར། (新媳妇)——མནའ་མ་གསར་བའི་མིང་།
མནའ་བཅད། མནའ་ཡ། (结义兄弟或兄妹)——ཕན་ཚུན་བར་ལ་གྲོགས་ཀྱི་དམ་བཅའ་ཡོད་པའི་མིང་།

ཕ་ཚན།
ཕ་སྤུན་གཅེན་པོ། ཕ་སྤུན་ཕུ་བོ། (堂兄)
ཕ་སྤུན་གཅུང་བོ། ཕ་སྤུན་ནུ་བོ། (堂弟)
ཕ་སྤུན་གཅེན་མོ། ཕ་སྤུན་ཨ་ཅེ། (堂姐)
ཕ་སྤུན་གཅུང་མོ། ཕ་སྤུན་ནུ་མོ། (堂妹)
ཕ་སྤུན་གཅེན་གཅུང་། ཕ་སྤུན་ཕུ་ནུ། (堂兄弟)
ཕ་སྤུན་ཚ་བོ། (堂侄)
ཕ་སྤུན་ཚ་མོ། (堂侄女)

མ་ཚན།
མ་སྤུན་གཅེན་པོ། མ་སྤུན་ཕུ་བོ། (表哥、表兄)
མ་སྤུན་གཅུང་བོ། མ་སྤུན་ནུ་བོ། (表弟)
མ་སྤུན་གཅེན་མོ། མ་སྤུན་ཨ་ཅེ། (表姐)
མ་སྤུན་གཅུང་མོ། མ་སྤུན་ནུ་མོ། (表妹)
མ་སྤུན་གཅེན་གཅུང་། མ་སྤུན་ཕུ་ནུ། (表兄弟)
མ་སྤུན་ཚ་བོ། (表侄)
མ་སྤུན་ཚ་མོ། (表侄女)

ཡོང་ཁུངས། ཨ་མདོ་སྨྱན་གསར།