རྩོམ་བསྡུའི་གསལ་བརྡ།
སྤེལ་བའི་དུས་ཚོད། : 2018-05-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྩོམ་བསྡུའི་གསལ་བརྡ།

༢༠༡༨ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བའི་ལོ་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུའི་སོང་བའི་རིང་བོད་ལྗོངས་དང་དེ་བཞིན་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ། སྤྱི་ཚོགས། འཚོ་བ་སོགས་ཕྱོགས་ཚང་མའི་ཐད་ཐོབ་པའི་གྲུབ་འབྲས་དང་འགྱུར་ལྡོག་མངོན་པ་དང་། མི་དམངས་མང་ཚོགས་ལ་ཕན་པ་དངོས་ཐོབ་སྟེ་མཛེས་སྡུག་ལྡན་པའི་འཚོ་བར་ལོངས་སུ་སྤྱོད་པའི་རྣམ་པ་དངོས་མཚོན་ཆེད། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་ལྟེ་གནས་ཀྱིས་བོད་ལྗོངས་སྤང་རྒྱན་མེ་ཏོག་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་ང་ཚོའི་འཚོ་བ་གསར་པ་ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་བའི་བྱ་དགའ་ཡོད་པའི་རྩོམ་བསྡུའི་བྱེད་སྒོ་ཞིག་སྤེལ་རྒྱུ་ཡིན

གྲོགས་པོ་རྣམ་པ། ང་ཚོ་ནི་སྒྱུར་བཅོས་སྒོ་དབྱེ་དངོས་སུ་བརྒྱུད་མྱོང་མཁན་དང་། ཕན་པ་དངོས་སུ་ཐོབ་མཁན་ཞིག་ཡིན་པའི་ཆ་ནས། ཁྱེད་ནས་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་གཞན་དང་མཉམ་རོལ་བྱ་འདོད་ཡོད་ངེས་རེད་ལ། སེམས་ནང་གི་སྐད་ཆ་ཏང་ལ་ཞུ་འདོད་ཡོད་ངེས་རེད། སྐུ་ཉིད་ཀྱིས་ད་རེས་ཀྱི་གོ་སྐབས་འདི་དམ་འཛིན་གནང་སྟེ་ཁྱེད་ཀྱི་གཏམ་རྒྱུད་འབྲི་བ་དང་། སེམས་ནང་གི་སྐད་ཆ་ཡི་གེར་ཕབ་སྟེ། ང་ཚོ་དང་མཉམ་དུ་རླབས་ཆེན་གྱི་དུས་རབས་དེར་ཕྱིར་དྲན་ཞིག་གནང་དང་།

གཅིག རྩོམ་བསྡུའི་ནང་དོན།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་གཙོ་དོན་ལ་དམ་པོར་གཞིགས་ནས། ལོ་ངོ་བཞི་བཅུའི་ནང་གི་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་ཟུང་འབྲེལ་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་སོང་རིང་ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་དང་། མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བཀོད་པ། དངོས་འབྲིའི་རྣམ་པའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་སོང་རིང་རང་ཉིད་ཀྱི་ཉེ་འགྲམ་དུ་ཐོན་པའི་མི་དང་བྱ་བ་མངོན་པར་བྱས་ནས། སྒྱུར་བཅོས་སྒོ་དབྱེ་ལ་བསྟོད་པ་འབུལ་བ་དང་འབྱུང་འགྱུར་གྱི་མཛེས་སྡུག་འབྲི་བཞེངས་བྱས་པའི་ནང་དོན་བཅས་ཡིན་དགོས།

གཉིས། རྩོམ་བསྡུའི་རེ་བ།

རྩོམ་བོད་ཡིག་ཐོག་ནས་འབྲི་དགོས།
རྩོམ་ཡིག་དེ་དངོས་འབྲིའི་རྩོམ་རིག་ཁོ་ན་ཡིན་དགོས་པ་དང་། རྩོམ་གྱི་ཁ་བྱང་རང་འདོད་ལྟར་འདེམས་ཆོག རྩོམ་ཡིག་ངེས་པར་དུ་སྤེལ་ཐེངས་ཐོག་མ་ཡིན་དགོས། རྩོམ་གྱི་རིང་ཐུང་ཡིག་འབྲུ་༣༠༠༠ནས་༥༠༠༠བར་ཡིན་དགོས།
རྩོམ་ཡིག་དག་གློག་ཀླད་ཐོག་ཧེ་མ་ལ་ཡའི་གཏག་ཐབས་སྤྱད་ནས་བྲིས་ཏེ་ང་ཚོར་གློག་རྡུལ་དཔར་མའི་ཐོག་ནས་བསྐུར་གནང་དགོས།
རྩོམ་ཡིག་གི་མཇུག་ཏུ་ཁྱེད་རང་གི་སྤྱི་དམངས་ཐོབ་ཐང་ལག་ཁྱེར་ཐོག་གི་མཚན་དང་། ཞལ་པར་ཨང་གྲངས། ལས་ཁུངས་སམ་གནས་ཡུལ་བཅས་ཞིབ་ཕྲ་འགོད་གནང་དགོས།

གསུམ། དཔྱད་འདེམས་དང་བྱ་དགའི་རྣམ་གྲངས་བཀོད་སྒྲིག

རྩོམ་བསྡུ་མཇུག་སྒྲིལ་རྗེས། བོད་ཀྱི་འབྲེལ་ཡོད་མཁས་པ་དང་། རྩོམ་པ་པོ། དེ་བཞིན་འབྲེལ་ཡོད་སྨྱན་སྦྱོར་ཚན་པའི་འགན་འཁུར་མི་སྣ་བཅས་གདན་འདྲེན་ཞུས་ཏེ། ཡོངས་བསྒྲགས་དང་། འདྲ་མཉམ། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་དཔྱད་འདེམས་བྱ་རྒྱུ།

ང་ཚོར་འབྱོར་བའི་རྩོམ་ཡིག་ཁྲོད་ནས་བྱ་དགའ་རིམ་པ་དང་པོ་གསུམ་དང་། གཉིས་པ་ལྔ། གསུམ་པ་བཅུ། ཕུལ་བྱུང་བྱ་དགའ་འགའ་ཤས་བཅས་དཔྱད་འདེམས་བྱ་རྒྱུ།

བྱ་དགའ་རིམ་པ་དང་པོར་བྱ་དགའི་དངུལ་སྒོར་༥༠༠༠དང་། གཉིས་པར་སྒོར་༣༠༠༠ གསུམ་པར་སྒོར་༡༠༠༠བཅས་འབུལ་རྒྱུ་དང་། བྱ་དགའ་ཐོབ་མཁན་ལ་ད་དུང་བྱ་དགའི་དཔང་ཡིག་ལག་ཁྱེར་འབུལ་རྒྱུ།

བཞི། རྩོམ་བསྡུའི་དུས་ཚོད།

༢༠༡༨ལོའི་སྤྱི་ཟླ་ལྔ་པ་ནས་༢༠༡༨ལོའི་སྤྱི་ཟླ་བདུན་པའི་བར་ཡིན་ཞིང་། སྤྱི་ཟླ་༧ཚེས་༣༡ཉིན་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་དང་། སྤྱི་ཟླ་༨ཚེས་༡ནས་སྤྱི་ཟླ་༨ཚེས་༣༡ཉིན་བར་རྩོམ་ཡིག་དཔྱད་འདེམས་བྱ་རྒྱུ།

ལྔ། རྩོམ་ཡིག་བེད་སྤྱོད།

བྱ་དགའ་ཐོབ་པའི་རྩོམ་ཡིག་གི་མིང་ཐོ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་དང་། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་སོགས་འབྲེལ་ཡོད་སྨྱན་སྦྱོར་ཐོག་ནས་ཁྱབ་བསྒྲགས་བྱེད་རྒྱུ་དང་། རྩོམ་ཡིག་ལེགས་གྲས་ཁག་ཅིག་རྩོམ་སྒྲིག་བྱས་རྗེས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་དང་། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་ཐོག་བརྒྱུད་གཏོང་དང་བརྒྱུད་འགོད་བྱ་རྒྱུ་མ་ཟད་འབྲེལ་ཡོད་དྲ་ཚིགས་དང་དུས་དེབ་ལ་འོས་སྦྱོར་བྱ་རྒྱུ།

དྲུག རྩོམ་ཡིག་བསྐུར་ས།

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕང་གྲོང་ལམ་སྒོ་རྟཊ་༦པ།
བོད་ལྗོངས་སྤང་རྒྱན་མེ་ཏོག་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི།
སྦྲག་སྲིད་ཁ་བྱང་། 850000
གློག་རྡུལ་ཡིག་སྒམ། bjmdwhcy@163.com
འབྲེལ་གཏུག་ཞུ་ཡུལ། ཨ་གཡང་ཚེ་རིང་།
ཁ་པར། 13908906816
地址:西藏拉萨市城关区江冲路6号 西藏邦金梅朵文化产业有限公司