རྩོམ་པ་པོ་ལྷ་བྱམས་རྒྱལ་དང་ཁོང་གི་གསར་རྩོམ་གྱི་ལམ་བུ།
སྤེལ་བའི་དུས་ཚོད། : 2018-05-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

སྟོད་ཆ།

སྨད་ཆ།

  བོད་ཡུལ་གཏམ་གྱིས་འགྲིམ་པ་ཞེས་པ་འདི་ནི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་ལེ་ཚན་ཞིག་ཡིན་པ་དང་། ལེ་ཚན་འདིའི་ནང་ང་ཚོས་ཁྱེད་དང་ང་འདྲ་བའི་མི་སྣ་ཕལ་པའི་ཐུན་མིན་གྱི་གཏམ་རྒྱུད་ཉན་བཞིན། མཉམ་དུ་བདེན་ལེགས་མཛེས་གསུམ་ལ་གུས་འདུད་ཞུ། 

 དེ་རིང་གུས་མོས་མུ་མཐུད་ནས་ལྷན་རྒྱས་རྣམ་པ་ལ་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་གཏམ་རྒྱུད་ཞུ་བཞིན། ཁོང་ཉིད་ཀྱི་མཛེས་སྡུག་གིས་ཕྱུག་པའི་རྩོམ་རིག་སྒྱུ་རྩལ་དང་། ཁོང་གིས་ལོ་མང་རིང་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད་པའི་ཕ་སྐད་གཙང་མའི་བརྩམས་ཆོས་སོགས་ཀྱི་སྐོར་ལ་ཁ་བརྡ་བྱ་རྒྱུ་ཡིན་པས་རྣམ་པ་ལྷན་རྒྱས་ཀྱིས་གསན་པར་དགའ་བསུ་ཞུ། ལེ་ཚན་གྱི་མཇུག་ཏུ་ཁོང་གིས་ན་གཞོན་རྩོམ་པ་པོ་རྣམས་ལ་བསྐུལ་བའི་གཏམ་ཡང་བཀོད་ཡོད་པས་ཁྱེད་རང་གིས་གཅིག་ཉོན་དང་ཐོབ་བྱ་མི་ཉུང་བ་རེ་ཡོད་ངེས། 

ནན་ཏན་གྱིས་འཚོ་བ་རོལ་མཁན་ལ་ཕུལ་བའི་སྒྲུང་ཐུང་བསྡུས་དེབ། ༼གཉིད་དུ་ཡུར་བའི་ཆུ།༽ 

བྱེས་པ་ཅན་དུ་གྱུར་པའི་རང་ཉིད་ལ་ཕུལ་བའི་འབོལ་རྩོམ་ཕྱོགས་བསྒྲིགས། ༼ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག༽ 

  གྲོགས་པོ་ཁྱེད་ནས་ད་བར་ལེ་ཚན་འདི་གསན་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དགེ་རྒན་ལྷ་བྱམས་རྒྱལ་ལགས་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། མ་གཞི་སྐར་མ་བཅོ་ལྔ་ཟེར་ན་དུས་ཚོད་ཐུང་ཐུང་ཡིན་པས། ང་ཚོས་སྒྲ་ལམ་བརྒྱུད་ནས་བསྟན་ཐུབ་པ་དེ་ཡང་འདི་ཙམ་མོ།།     ཡིན་ནའང་དགེ་རྒན་ཁོང་ནས་ཕ་སྐད་གཙང་མའི་ཐོག་ནས་མུ་མཐུད་གསར་རྩོམ་གནང་རྒྱུ་ཡིན་པ་དང་ང་ཚོའི་མིག་ལམ་དུ་མཛེས་མདངས་དང་བརྩེ་བས་ཕྱུག་པའི་ལེགས་རྩོམ་གང་མང་འབུལ་ངེས་པས་གྲོགས་པོ་ཁྱེད་རང་ནས་དོ་འཁུར་དང་རྒྱབ་སྐྱོར་ཡོད་པར་འཚལ།

 མཇུག་མཐར་ནན་དུ་ཞུ་རྒྱུ་ཞིག་ལ་དེབ་འདི་གཉིས་ལ་མོས་པ་ཡོད་མཁན་ཚོས་གཤམ་གྱི་སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་སྐད་འཕྲིན་དུ་བཅུག་སྟེ་ཐད་ཀར་དུ་འཕྲིན་ལམ་ནས་ཉོས་ཆོག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། བདེ་གཡང་།

རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱ་མཚོ།