བོད་ལྗོངས་ཀྱིས་གླིང་སྒྲུང་གི་ནང་ཚན་ཁག་ལྔ་རྒྱ་ཡིག་ཏུ་བསྒྱུར་ཟིན་པ།
སྤེལ་བའི་དུས་ཚོད། : 2016-06-02 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  གསར་འགོད་པར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ ༢༠༡༤ ལོར་རང་ལྗོངས་ཀྱིས༼གླིང་གེ་སར་རྒྱལ་པོའི་སྒྲུང་༽བོད་ཡིག་ནས་རྒྱ་ཡིག་ལ་སྒྱུར་བའི་ལས་གཞི་སྤེལ་འགོ་ཚུགས་ཚུན། ཡིག་སྒྱུར་ལས་དོན་ཁག་བདེ་བླག་བྱུང་ཡོད་པ་དང་ད་ལྟའི་ཆར་ལྷ་གླིང་གབ་རྩེ་དགུ་སྐོར་དང་རྨུ་ཡི་ནོར་གཏེར། བྷེ་ར་ར་རྫོང་། འདན་མ་ནས་རྫོང་། བྱེ་རི་བྱུར་རྫོང་བཅས་གླིང་སྒྲུང་ཁག་ལྔ་རྒྱ་ཡིག་ལ་བསྒྱུར་ཟིན་པ་རེད།

  ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བོད་ཡིག་ནས་རྒྱ་ཡིག་ལ་སྒྱུར་བའི་ལས་གཞི་དེ་ལོ་ལྔའི་རིང་སྤེལ་རྒྱུ་ཡིན་པ་དང་། སྒྲུང་མཁན་བསམ་གྲུབ་ལགས་ནས་གསུངས་པའི༼གླིང་གེ་སར་རྒྱལ་པོའི་སྒྲུང་༽གཙོ་བོར་དམིགས་ནས་ཡིག་སྒྱུར་ལས་དོན་སྤེལ་རྒྱུ་རེད། ད་ཐེངས་ཀྱི་ཡིག་སྒྱུར་ཚོགས་པར་བོད་ལྗོངས་དང་ཀན་སུའུ། མཚོ་སྔོན། པེ་ཅིང་སོགས་ས་ཁུལ་ཁག་ནས་ཕེབས་པའི་ཡིག་སྒྱུར་དང་རྩོམ་རིག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་དབང་ཤ་སྟག་ཡིན། རྒྱ་ཡིག་ཏུ་སྒྱུར་བའི་ཁག་དང་པོའི་གླིང་སྒྲུང་ལྔ་པོ་དེ་ད་ལོའི་སྤྱི་ཟླ ༧ པའི་ནང་པར་སྐྲུན་བྱ་རྒྱུ་རེད།།