“ཀྲུང་གོ་དང་ལོ་སིའི་མཛའ་གྲོཌ་ལོ་”འགོ་ཚུཌ་པའི་ཁྱབ་བསྒྲཌ་གནང་བ།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་ཞིང་། མི་རབས་ནས་མི་རབས་བར་མཛའ་བཤེས་ལྡན་པའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་ལ། བློ་སེམས་གཅིག་མཐུན་དང་ལས་དབང་མཉམ་གནས་ཀྱི་བློ་མཐུན་བཟང་པོ་དང་རོགས་ཟླ་བཟང་པོ་ཡང་ཡིན། ཉེ་བའི་ལོའི་རིང་། ཕྱོགས་གཉིས་པོས་གཉིས་ཕན་མཉམ་རྒྱལ་ལ་བརྟེན་ནས་གོང་འཕེལ་དོན་དུ་གཉེར་བ་དང་། མཐུན་སྒྲིལ་རོགས་ལས་ལ་བརྟེན་ནས་འགྲན་སློང་བསུས་ཤིང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད། ང་རང་དང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ནས་ཐུག་འཕྲད་ཐེངས་མང་བྱས་ཤིང་། ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད་ལ། དུས་བབ་གསར་པའི་འོག་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་འཆར་གཞི་ཡང་བཀོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། གནམ་ལོའི་དཔལ་ཡོན་གསར་དུ་བཞད། ། རྣམ་པ་ཡོངས་སུ་གསར་རྐྱང་མངོན། ། ཀྲུང་གོ་དང་ལོ་སིའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པ་དང་། གོང་འཕེལ་གྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་ཀྲུང་གོ་དང་ལོ་སིའི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད་པ་དང་། ལོ་སི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བ་དང་“ཀྲུང་གོ་དང་ལོ་སིའི་མཛའ་གྲོཌ་ལོར་” རྟེན་འབྲེལ་ཞུ་བ་དེ་གོ་སྐབས་སུ་བརྩིས་ཐོག སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཐུང་ལུན་གྱིས་ཞི་ཅིན་ཕིང་ལ་སྤྲིངས་པའི་ལོ་གསར་གྱི་རྟེན་འབྲེལ་འཕྲིན་ཡིག་ནང་། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མའི་ཐུགས་ཁུར་དང་སྣེ་ཁྲིད་འོག ལོ་སི་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་དེ་བས་སྲ་བརྟན་དུ་ཕྱིན་ཡོད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད་ཅིང་། ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ང་རང་ནས་ལོ་སི་ཕྱོགས་ཀྱི་སྡེ་ཁག་ཁག་གིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ནས་ལོ་སི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བ་དང་“ཀྲུང་གོ་དང་ལོ་སིའི་མཛའ་གྲོཌ་ལོར་” རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ཡག་པོ་གཉེར་རྒྱུར་མཛུབ་ཁྲིད་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པ། ཆུ་ཚད་མཐོ་བ་བཅས་ཀྱི་ལོ་སི་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་དེ་དུས་སྐབས་གསར་པར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མིག་དཔེ་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།
















