ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གི་ཚན་རྩལ་སྐོར་གྱི་དཔེ་དེབ་འདི་དཔེ་སྐྲུན་བྱས་འདུག

2023-05-29 11:01:00     责编:卓玛才让
      ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཚན་རྩལ་རང་ཚུགས་རང་སྟོབས་རྒྱས་པ་བྱ་རྒྱུའི་སྐོར་གླེང་བ》ཞེས་པ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
     ཆེད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་འདིའི་ནང་ཚན་རྩལ་རང་ཚུགས་རང་སྟོབས་རྒྱས་པ་བྱ་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་50བསྡུས་ཡོད་པ་དང་། དེའི་ནང་གི་རྩོམ་ཡིག་ཁག་གཅིག་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།
     ཚན་རྩལ་རང་ཚུགས་རང་སྟོབས་རྒྱས་པ་བྱ་རྒྱུ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་བའི་རྨང་གཞི་དང་བདེ་འཇགས་ཡོང་བའི་གནད་འགག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། གསར་གཏོད་བྱ་རྒྱུ་དེ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་གནང་ཞིང་། ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་གནས་བབ་ཧྲིལ་པོའི་ལྟེ་བའི་གནས་བབ་ཐོག་འཇོག་པ་དང་། ཚན་རྩལ་གསར་གཏོད་ལས་དོན་ལ་ཁྱོན་ཡོངས་ནས་འཆར་འགོད་གནང་བ། ཚན་རྩལ་རང་ཚུགས་རང་སྟོབས་རྒྱས་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པས། འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་བྱུང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ། གལ་ཆེའི་གསར་གཏོད་གྲུབ་འབྲས་འབོར་ཆེན་ཐོབ་ཅིང་། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཚན་རྩལ་རང་ཚུགས་རང་སྟོབས་རྒྱས་པར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྤེལ་བའི་གལ་ཆེའི་རྣམ་བཤད་རབ་དང་རིམ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གོང་སྤེལ་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོར་གཞི་ཚུགས་པ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་རླབས་རྒྱུན་ཁོང་དུ་ཆུད་པའི་ཐོག་ནས། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཁྲོད་ཚན་རྩལ་གསར་གཏོད་ཀྱིས་བཟུང་བའི་གལ་ཆེའི་གནས་བབ་ལ་གསལ་བཤད་གཏིང་ཟབ་གནང་བ་དང་། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་འབེན་དང་། གཙོ་གནད་ལས་འགན། བྱེད་ཐབས་གལ་ཆེན། གཞི་རྩའི་བླང་བྱ་བཅས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ། བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད་པས། ང་ཚོས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་རྒྱུ། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་འཛུགས་རྒྱུ། ཆུ་ཚད་མཐོ་བའི་ཚན་རྩལ་མགྱོགས་མྱུར་རང་ཚུགས་རང་སྟོབས་རྒྱས་པ་བྱ་རྒྱུ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་རྒྱུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་རྒྱུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་དེད་གཏོང་རྒྱུ་བཅས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་འགངས་ཤིན་ཏུ་ཆེན་པོ་ལྡན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གི་ཚན་རྩལ་སྐོར་གྱི་དཔེ་དེབ་འདི་དཔེ་སྐྲུན་བྱས་འདུག