ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བཞིན་པའི་ཀྲི་ཡོན་སྡེ་ཁུལ།

2023-01-25 11:50:00     责编:桑吉卓玛

2022ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེའི་ཝུའུ་ཧན་ཏུང་ཧུའུ་མཐོ་གསར་ཁུལ་ཙོ་ལིང་སྲང་ལམ་ཀྲི་ཡོན་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས། སྡེ་ཁུལ་བཅོས་སྐྱོང་ཁྲོད་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་གནང་ཡོད།
ལོ་ཕྱེད་ལྷག་ཙམ་རིང་། ཀྲི་ཡོན་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྡེ་ཁུལ་བཅོས་སྐྱོང་གསར་གཏོད་དང་སེམས་ནུས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ཏེ། སྡེ་ཁུལ་གྲོང་མིའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བས། དེང་རབས་ཅན་གྱི་སྡེ་ཁུལ་དེ་བདེ་སྐྱིད་ལྡན་ཞིང་འཚོ་སྡོད་ལ་འཚམ་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བཞིན་ཡོད་པ་རེད།
ཀྲི་ཡོན་སྡེ་ཁུལ་གྱི་ཐང་ཆེན་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གྲོང་མི་ཚོ་རིམ་བཞིན་གར་སྟེགས་ཐོག་འཛེགས་ནས་འཁྲུག་ཆ་དོད་པའི་སྐེད་རྔ་དང་གླུ་གར་ལ་བརྟེན་ནས་དཔྱིད་གསར་དགའ་གཏོང་བྱེད་བཞིན་ཡོད། དགུང་ལོ་76ལ་ཕེབས་པའི་སྡེ་ཁུལ་གྱི་གྲོང་མི་རྒན་གྲས་མཱ་ཧུང་ཝུའུ་ཡིས། 2018ལོར་སྡེ་ཁུལ་བསྐྲུན་པ་ནས་བཟུང་། ད་ལོའི་དཔྱིད་གསར་དུས་ཆེན་འཁྲུག་ཆ་དོད་ཤོས་ཡིན། འདས་ཟིན་པའི་ལོ་ཕྱེད་ནང་སྡེ་ཁུལ་ལ་བྱུང་བའི་འགྱུར་ལྡོག་དེ་དག་མཐོང་སྐབས་གྲོགས་པོ་རྒན་པ་ཚོ་དགའ་ཚོར་ཆེན་པོ་བྱུང་ཡོད་ཅེས་གསུངས།
རྨོ་བོ་མཱ་ལགས་བཞུགས་སའི་ཀྲི་ཡོན་སྡེ་ཁུལ་ནི་ས་གནས་དེ་གའི་གཞུང་ཁོངས་ཁེ་ལས་ཀྱི་སྡོད་ཁང་ཐེབས་ཆག་ཁུལ་སྒྱུར་བཀོད་གསར་སྐྲུན་བྱས་པའི་སྡེ་ཁུལ་ཞིག་ཡིན། བསྐྲུན་ཟིན་རྗེས་སྔ་རྗེས་སུ་དུད་ཚང་1600ལྷག་ཙམ་གྱི་གྲོང་མི་དེ་གར་འཚོ་བ་སྐྱེལ་གྱི་ཡོད་པ་དང་། དེའི་ཁྲོད་དུད་ཚང་840ལྷག་ཙམ་ནང་སྡོད་མཁན་ཚང་མ་ལོ་65ཡན་གྱི་རྒན་རྒོན་ཡིན། ན་ནིང་སྤྱི་ཟླ་6པའི་ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད། ད་དུང་དང་བླངས་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ནས་སྡེ་ཁུལ་གྱི་ལས་དོན་པ་དང་། གཤམ་སྐྱོད་ཏང་ཡོན་ལས་བྱེད་པ། དང་བླངས་པ་བཅས་དང་སྤེལ་རེས་གནང་བ་རེད། དེ་དུས་རྨོ་བོ་མཱ་ལགས་ཡུལ་དངོས་ན་ཡོད།
མཱ་ཧུང་ཝུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ནི་དངོས་གནས་དྲང་གནས་ང་ཚོར་སྙིང་ཉེ་བ་རེད། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་ཐུགས་སུ་བཞག་ནས་ཁང་པ་ཆེ་ཆུང་ཅི་འདྲ་ཞིག་ཡོད་པ་དང་སྡོད་ཁང་གི་གནས་ཚུལ་གང་འདྲ་ཡོད་མེད་བཀའ་འདྲི་གནང་བྱུང་། ང་ཚོའི་སེམས་སུ་ཏང་གིས་ང་ཚོ་རྒན་རྒོན་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་རྒན་རྒོན་ལ་ཐུགས་ཁུར་ཆེན་པོ་གནང་བ་ཚོར་གྱི་འདུག་ཅེས་གསུངས།
ལོ་ཕྱེད་ཙམ་རིང་། ཀྲི་ཡོན་སྡེ་ཁུལ་གྱིས་ཁོར་ཡུག་བསྒྱུར་བཀོད་བྱས་ནས་གྲོང་ཁུལ་ནང་གི་རྒན་རྒོན་ཚོར་དེ་བས་འཚམ་པ་བྱས་ཡོད་དེ། དེ་སྔའི་རྡོའི་སོ་ཕག་ཚོན་ཁྲ་ཅན་གྱི་ལམ་ངོས་རྣམས་ཨར་འདམ་སོ་ཕག་ཅན་གྱི་ལམ་ངོས་ལ་བརྗེས་ནས་རྐུབ་སྟེགས་འཁོར་ལོ་དང་འཁར་རྒྱུག་ལ་བརྟེན་ནས་སྐྱོད་བདེ་བར་བྱས་ཡོད། དེ་སྔའི་གྲོང་ཁུལ་གྱི་ས་སྟོང་དུ་ཕིང་ཕང་སྤོ་ལོ་རྒྱག་ས་སོགས་ལུས་སྦྱོང་ཡོ་བྱད་གསར་སྐྲུན་བྱས་པ། གྲོང་མིའི་ཐོག་ཁང་ཚང་མའི་ཐོག་ས་དང་པོའི་ཚོམས་ཆེན་ཡང་གྲོང་མིའི“མཉམ་སྤྱོད་ཚོམས་ཆེན”དུ་བསྒྱུར་བཀོད་བྱས་ཡོད། ཀྲི་ཡོན་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཕེང་ལི་ཡིས། བསྒྱུར་བཀོད་དེ་དག་གྲོང་མི་ཚོའི་སེམས་ནང་བབ་ཡོད་ཅིང་། དེ་ནི་སྡེ་ཁུལ་གྱི་ཏང་ཨུད་ཆེན་པོར་བརྟེན་ནས་དོན་ཐོག་ཏུ་འཁྱོལ་བ་རེད་ཅེས་གསུངས།
སྡེ་ཁུལ་གྱིས་གྲོང་མིའི་མཁོ་འདུན་ལ་གཞིགས་ནས“དགོས་མཁོའི་གསལ་ཐོ”བཟོས་པ་དང་། ཏང་ཡོན་གཤམ་སྐྱོད་ཚན་པས་རང་སོ་སོའི་ཁྱད་ཆོས་ལ་གཞིགས་ནས“ཐོན་ཁུངས་ཀྱི་གསལ་ཐོ”བཟོས་ཏེ། མཉམ་སྐྲུན་ཚན་པ་11དང་མཉམ་དུ་བཙུགས་པའི་སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ་དེས་དོན་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་དང་བྱེད་སྒོ་མཉམ་འབྲེལ་ཐོག་གཉེར་ཏེ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཅིག་བཏོད་ཡོད་པ་དང་། སྡེ་ཁུལ་ནང་གི་བྱ་བ་ཆེ་ཆུང་ཚང་མ་འདི་ལྟར་གྲོས་མོལ་བྱས་ནས་མཉམ་དུ་སྒྲུབ་ཀྱི་ཡོད།
ཉིན་ཁ་ཤས་སོང་མཚམས་རེར། ཕེང་ལི་ཡིས་སྡེ་ཁུལ་གྱི་གཙོ་གནད་རྒན་རྒོན་687གྱི་གནས་ཚུལ་ཟིན་ཐོ་འགོད་དེབ་ལ་ལྟ་ཞིབ་བྱས་ཐོག གཤམ་སྐྱོད་ཏང་ཡོན་དང་སྡེ་ཁུལ་གྱི་ཏང་ཡོན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཁྱིམ་སྡོད་རྒན་རྒོན་གྱི་དགོས་མཁོ་སྣ་ཚོགས་དུས་ཐོག་ཏུ་སྐོང་ཐུབ་པ་བྱེད་ཀྱི་ཡོད།
ཕེང་ལི་ཡིས། དེ་ནི་འགྱུར་མེད་ཀྱི་བླང་བྱ་ཞིག་རེད། ཉིན་གསུམ་ནང་ངེས་པར་དུ་ཁ་པར་ཐེངས་གཅིག་རྒྱག་དགོས། ལྷག་པར་དུ་ལངས་མི་ཐུབ་པ་དང་ཁེར་རྐྱང་ངང་འཚོ་བ་སྐྱེལ་མཁན་གྱི་རྒན་རྒོན་དང་རྒན་རྒོན་གྱི་གླེན་ནད་ཡོད་མཁན་རིགས་ལ་ཁ་པར་མ་རྒྱག་ན་ཁོང་ཚོའི་གནས་ཚུལ་གང་འདྲ་ཡོད་མེད་ཤེས་ཀྱི་མ་རེད། ཉིན་གསུམ་གྱི་རྗེས་སུ། ངས་ཡང་བསྐྱར་འབྲེལ་བ་བྱས་ནས་རྒན་རྒོན་གྱི་ལུས་ཕུང་བདེ་ཐང་ཡིན་མིན་དང་བདེ་ཐང་ཁུག་མ་སྐྱེལ་དགོས་མིན། སྨན་སྐྱེལ་དགོས་མིན་སོགས་བལྟ་ཡི་ཡོད་ཅེས་གསུངས།
ཁོར་ཡུག་སྔར་བས་འཚམ་པར་གྱུར་ཡོད་ཅིང་། ཞབས་ཞུ་ཡང་སྔར་བས་སྙིང་ཉེ་བར་གྱུར་ཡོད། ལོ་གསར་པའི་ནང་། ཀྲི་ཡོན་སྡེ་ཁུལ་ནང་གི་རྒན་རྒོན་ཚོས་ད་དུང་མི་རྣམས་དགའ་འོས་པའི་འགྱུར་ལྡོག་གསར་པ་མང་པོ་ཞིག་མཐོང་རྒྱུ་ཡིན་པ་སྟེ། རྒན་རྒོན་ཚོར་སྒོ་རྩར་ཁ་ལག་སྐྱེལ་བའི་བདེ་སྐྱིད་ཟ་ཁང་སྒྱུར་བཀོད་བྱེད་ཚར་རྒྱུ་དང་། འགྲོ་སྐྱོད་མི་བདེ་བའི་ལོ་ན་མཐོ་བའི་རྒན་རྒོན་ལ་ལྟ་རྟོག་དང་ཞབས་འདེགས་ཞུ་བའི་སྡེ་ཁུལ་གྱི་ཁམས་གསོ་ལྟེ་གནས་ཀྱང་སྒོ་འབྱེད་རྒྱུ་ཡིན་ཞིང་། དེང་རབས་ཅན་གྱི་གྲོང་ཁུལ་དེ་བདེ་སྐྱིད་ལྡན་ཞིང་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བཞིན་ཡོད་པ་རེད།
ཀྲི་ཡོན་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཡུན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཡིད་ལ་བརྟན་པོར་བཟུང་ནས་མུ་མཐུད་ཏང་འཛུགས་སྐྱོང་བྱ་རྒྱུས་ཁྲིད་སྟོན་བྱས་ཏེ། གྲོང་མི་རྣམས་རང་འགུལ་ངང་སྡེ་ཁུལ་གྱི་ཐུན་མོང་ཐོག་ཇུས་འདོན་དང་ཐུན་མོང་ཐོག་འཛུགས་སྐྱོང་ཐུན་མོང་ཐོག་དོ་དམ་བཅས་བྱེད་པའི་ཁྲོད་ཞུགས་རྒྱུའི་སྐུལ་སློང་བྱེད་པ་དང་། རྩ་འཛུགས་ཀྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ། གཡུལ་ས་ཡག་པོ་སྐྲུན་པ་བཅས་བྱས་ནས། ང་ཚོའི་ཏང་རྩ་འཛུགས་དེ་གྲོང་མིའི་བདེ་སྐྱིད་ལྡན་པའི་འཚོ་བའི་རྒྱབ་རྟེན་ཞིག་ཏུ་བསྐྲུན་རྒྱུ་དང་། ང་ཚོའི་སྡེ་ཁུལ་ནང་གི་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱས་ཏེ། ང་ཚོའི་གྲོང་ཁུལ་དེ་རྣམ་པ་ཡོད་པ་དང་། ནང་དོན་ཡོད་པ། བདེ་སྐྱིད་ལྡན་པ་བཅས་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བཞིན་པའི་ཀྲི་ཡོན་སྡེ་ཁུལ།

2022ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེའི་ཝུའུ་ཧན་ཏུང་ཧུའུ་མཐོ་གསར་ཁུལ་ཙོ་ལིང་སྲང་ལམ་ཀྲི་ཡོན་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས། སྡེ་ཁུལ་བཅོས་སྐྱོང་ཁྲོད་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང